DJYD-KABUM-24-YA-011: Difference between revisions
From Dudjom Wiki
DJYD-KABUM-24-YA-011
No edit summary |
No edit summary |
||
| Line 9: | Line 9: | ||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 24: . Kalimpong: Dupjung Lama, 1979-1985. | |citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 24: . Kalimpong: Dupjung Lama, 1979-1985. | ||
|language=Tibetan | |language=Tibetan | ||
|sourcerevealer=rje drung phrin las byams pa 'byung gnas | |||
|sourcerevealertib=རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་ | |||
|terma=Yes | |||
|cycle=pad+ma gsang ba'i thig le | |||
|cycletib=པདྨ་གསང་བའི་ཐིག་ལེ་ | |||
|versonotes=pad+ma gsang thig | |||
|volnumtib=༢༤ | |volnumtib=༢༤ | ||
|volyigtib=ཡ | |volyigtib=ཡ | ||
| Line 19: | Line 25: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། །(དམ་པ་རིགས་བརྒྱའི་ལྷ་དབང་གི་བཀོལ་བྱང་བཞུགས་སོ།) །ཧཱུྃ། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྱིས་གྲུབ། བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ནམ་མཁའི་མཐའ་བཞིན་ཀུན་ལ་སྙོམས་མཛད་པ། །ཀུན་བཟང་ཡབ་ཡུམ་གཉིས་ཀྱི་དབང་བསྐུར་རོ། །ཧཱུྃ་ཨ་ཨ་བྷི་ཥིཉྩ་མི། ཧཱུྃ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་པའི་དབང་བསྐུར་རོ། །ཧཱུྃ་ཨོཾ་སྭཱ་ཨོཾཿཧཱ་ཨ་བྷི་ཥིཉྩ་མི། ཧཱུྃ། ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ཀྱི་དབང་བསྐུར་རོ། །མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་ཨ་བྷི་ཥིཉྩ་མི། ཧཱུྃ། རྣམ་ཤེས་དབང་པོ་དག་པས་སྐུ་གསུང་ཐུགས། །བདེ་བར་གཤེགས་པ་རྣམས་ཀྱི་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ཀྱི༴ མ་ཧཱ་སཏྭ་ཨ་བྷི་༴ ཧཱུྃ། སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ཀྱི་༴ བོ་དྷི་དེ་ཝི་ཨ་བྷི་༴ ཧཱུྃ། བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ། །(1བ)རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ཀྱི་༴ པཱུ་ཛ་དེ་ཝི་ཨ་བྷི་༴ །ཧཱུྃ། དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་མ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་བསྲུང་། །ཏ་ཀྲྀཏ་སྒོ་བ་བཞི་ཡི་༴ །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་༴ ཧཱུྃ། རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །སྒོ་མ་ཆེན་མོ་བཞི་ཡི་༴ །ཛཿཧཱུྃ་བཾ་ཧོཿཨ་བྷི་༴ ཧཱུྃ། སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་མཛད་གཙོ། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང་། །བཅོམ་ལྡན་ཐུབ་པ་དྲུག་གི་༴ །སརྦ་མུ་ནེ་ཨ་བྷི་༴ ཧཱུྃ། འཇིགས་བྱེད་འདས་པའི་དུས་ན་མངོན་བྱུང་བ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །དཔལ་ཆེན་ཧེ་རུ་ཀ་རྣམས་ཀྱི་༴ །སརྦ་ཤྲཱི་ཧེ་རུ་ཀ་ཨ་བྷི་༴ ཧཱུྃ། ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་ཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་གྱི་༴ །སརྦ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་༴ ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བརྒྱན། །ཁྲོ་མོ་ཆེན་མོ་བརྒྱད་ཀྱི་༴ །ཧ་ཨ་བྷི་༴ ཧཱུྃ། ནམ་མཁའི་ལུས་ཅན་གར་ཡང་ (2ན)ཐོགས་མེད་ཅིང་། །འདོད་རྒུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཕྲ་མེན་ཆེན་མོ་བརྒྱད་ཀྱི་༴ །ཧེ་ཨ་བྷི་༴ ཧཱུྃ། རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང་། །སྒོ་སྐྱོང་ཁྲོ་མོ་བཞི་ཡི་༴ །ཛཿཧཱུྃ་བྃ་ཧོཿཨ་བྷི་༴ ཧཱུྃ། དཔལ་གྱི་འཁོར་ཚོགས་བཛྲ་ཨ་རལླི། །མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ། །རྣལ་འབྱོར་ཉི་ཤུ་བརྒྱད་ཀྱི་༴ །བྷྱོ་བྷྱོ་བྷྱོ་བྷྱོ་ཨ་བྷི་ཥིཉྩ་མི། (ཤིན་ཏུ་བསྡུ་ན།)མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །ཞི་ཁྲོ་རབ་འབྱམས་རྒྱལ་བས་དབང་བསྐུར་རོ། །(ཞེས་དང་། རྩ་སྔགས་སམ་ཡི་གེ་བརྒྱ་པའི་མཐར། སྭ་བྷཱ་ཝ་ཨ་བྷི་ཥིཉྩ་མི། ཞེས་དབང་བསྐུར་བས།) འདི་ལྟར་ཆོས་ཐམས་ཅད་དམ་པ་རིགས་བརྒྱའི་ངོ་བོར་དག་ཅིང་དེ་ཡང་རང་སེམས་ལྷག་པའི་བདེན་གཉིས་དབྱེར་མེད་གསང་ཆེན་རིགས་གཅིག་ཏུ་རྣམ་པར་དག་པ་ཡིན་ནོ།།(ཞེས་རྟོགས་པ་བསྐྱེད་དོ།། །།)}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 15:38, 25 July 2024
| Wylie title | ||
|---|---|---|
| Location | bdud 'joms rin po che bka' 'bum Volume 24, Text 11, Pages (Folios to ) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: . Kalimpong: Dupjung Lama, 1979-1985. | |
| Side notes | Verso: pad+ma gsang thig | |
| More details More details | ||
| Tertön | རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་ (rje drung phrin las byams pa 'byung gnas) | |
| Genre | ||
| Cycle | པདྨ་གསང་བའི་ཐིག་ལེ་ (pad+ma gsang ba'i thig le) | |