DJYD-KABUM-24-YA-006: Difference between revisions
No edit summary |
No edit summary |
||
| Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=པདྨ་གསང་བའི་ཐིག་ལེ་ལས༔ རྩ་རྒྱུད་པདྨ་ཟབ་པ་བཞུགས་སོ༔ | |||
|fulltitle=pad+ma gsang ba'i thig le las rtsa rgyud pad+ma zab pa | |||
|citation=[[Rje drung phrin las byams pa 'byung gnas]]. ''Pad+ma gsang ba'i thig le las rtsa rgyud pad+ma zab pa''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 24: 35-55. Kalimpong: Dupjung Lama, 1979-1985. | |||
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ། | |||
|collectiontitle=bdud 'joms rin po che bka' 'bum | |collectiontitle=bdud 'joms rin po che bka' 'bum | ||
|author=rje drung phrin las byams pa 'byung gnas | |author=rje drung phrin las byams pa 'byung gnas | ||
|sourcerevealer=rje drung phrin las byams pa 'byung gnas | |sourcerevealer=rje drung phrin las byams pa 'byung gnas | ||
| | |tibgenre=Root Treasure - gter gzhung, Tantras - rgyud | ||
|terma=Yes | |terma=Yes | ||
|cycle=pad+ma gsang ba'i thig le | |cycle=pad+ma gsang ba'i thig le | ||
|cycletib=པདྨ་གསང་བའི་ཐིག་ལེ་ | |cycletib=པདྨ་གསང་བའི་ཐིག་ལེ་ | ||
| | |language=Tibetan | ||
|volumenumber=24 | |||
|volnumtib=༢༤ | |volnumtib=༢༤ | ||
|volyigtib=ཡ | |volyigtib=ཡ | ||
| | |totalvolumes=25 | ||
|textnuminvol=006 | |textnuminvol=006 | ||
|pagenumbers=35-55 | |||
|totalpages=21 | |||
|beginfolioline=1a1 | |||
|endfolioline=11a5 | |||
|totalfolios=11 | |||
|multivolumework=No | |||
|rectonotes=rtsa rgyud | |||
|versonotes=pad+ma gsang thig | |||
|colophontib=ཞེས་པའང་ཁོ་བོ་བབདུད་འཇོམས་རྡོ་རྗེའི་ཟབ་གཏེར་གྱི་གསང་བའི་མན་ངག་ཡང་དག་པའོ། །སརྦ་མངྒལཾ། བཀྲ་ཤིས།། | |||
|colophonwylie=zhes pa'ang kho bo babadud 'joms rdo rje'i zab gter gyi gsang ba'i man ngag yang dag pa'o/__/sarba mang+galaM/__bkra shis// | |||
|pdflink=File:DJYD-KABUM-24-YA-006.pdf | |pdflink=File:DJYD-KABUM-24-YA-006.pdf | ||
|authortib=རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་ | |||
|sourcerevealertib=རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་ | |||
|volumeLetter=YA | |||
|InitCategories=Dudjom Tersar Project; DJYD-KABUM-Volume-24-YA | |InitCategories=Dudjom Tersar Project; DJYD-KABUM-Volume-24-YA | ||
}} | }} | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|དྷི།༔ པདྨ་གསང་བའི་ཐིག་ལེ་ལས༔ རྩ་རྒྱུད་པདྨ་ཟབ་པ་བཞུགས་སོ༔ ༔ | ||
དྷི།༔ ། ཨོ་རྒྱན་མཁའ་འགྲོའི་སྐད་དུ༔ ཌཱཀྐི་ཛྱི་ཥྛ་བཛྲ་ཀ་རི་ན་མ༔ བོད་སྐད་དུ༔ པདྨ་ཟབ་པ་རྩ་བའི་རྒྱུད༔ བཅོམ་ལྡན་འདས་རང་བྱུང་པདྨ་ཀུན་ཏུ་ཞལ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་རྒྱ་ཆད་ཕྱོགས་ལྷུང་ཡང་དོག་མཐོ་དམན་དང་བྲལ་བ་རྡོ་རྗེ་བཙུན་མོའི་བྷ་ག་གསང་ཆེན་རོལ་པའི་ཞིང་ན༔ བཅོམ་ལྡན་འདས་བདེ་བ་ཆེན་པོ་ཡེ་ཤེས་རྡོ་རྗེ་ཚེ་དཔག་ཏུ་མེད་པ་དགའ་བ་ཆེན་པོས་རྟག་ཏུ་མཉེས་བཞིན་བཞུགས་སོ༔ དེ་ཡི་འཁོར་དུ་རང་དང་གཉིས་སུ་མེད་ཅིང་རྩལ་འགགས་མེད་དུ་འཕྲོ་བའི་ཆ་ལས༔ (2ན)བཛྲ་ལཱ་སྱ་དང་༔ བཛྲ་མཱ་ལྱ་དང་༔ བཛྲ་གིརྟི་དང་༔ བཛྲ་ནི་རྟི་དང་༔ བཛྲ་པུཥྤེ་ལ་སོགས་པའི་ཕྱི་ནང་གི་རྡོ་རྗེ་ལྷ་མོ་རྣམས་རང་རང་གི་བདེ་སྟོང་ཟག་པ་མེད་པས་ཡོངས་སུ་མྱོས་བཞིན་པའི་འཁོར་གྱི་ཚོགས་ཐམས་ཅད་ཀྱི་བཅོམ་ལྡན་འདས་ཀྱི་གསང་བའི་དཀྱིལ་འཁོར་ལ་མཆོད་པ་དུ་མས་མཆོད་བཞིན་རྡོ་རྗེའི་གླུ་ཡིས་ཡང་དག་པར་བསྐུལ་བ་ནི༔ ཨེ་མ་ཧོཿ སངས་རྒྱས་ཀུན་གྱི་གསང་བ་མཆོག༔ རྡོ་རྗེ་བདུད་རྩི་དྲི་མེད་པས༔ ཡང་དག་ཡེ་ཤེས་ངོ་བོ་ལ༔ མཆོག་རིག་ཡེ་ཤེས་ནང་ནས་སྐྱེ༔ གཉིས་སུ་མེད་པའི་ཡེ་ཤེས་ཀྱིས༔ ཡོངས་སུ་གང་བས་དངོས་གྲུབ་སྩོལ༔ ཞེས་(2བ)ཞུས་པས་བཅོམ་ལྡན་འདས་ཀྱིས་བརྩེ་བར་དགོངས་ཏེ་རྡོ་རྗེའི་གླུ་བླངས་པ་ནི༔ ཨེ་མ་ཧོཿ ཡེ་ནས་གསང་བ་ཐབས་ཀྱི་སྒོ༔ རང་བཞིན་མེད་པའི་བདག་ཉིད་ཅན༔ སྤྲོས་པ་འགགས་པ་དང་བྲལ་ཞིང་༔ སྤྲོས་པའི་མཚན་ལས་ཡང་དག་འདས༔ སྤྲོས་བྱ་སྤྲོས་བྱེད་ཡེ་ནས་དབེན༔ འཕྲོས་པའི་སྣང་ཆ་བརྡར་བཏགས་པ༔ འདི་ཞེས་རྒྱལ་བས་མཚོན་དུ་མེད༔ འཕྲོས་ཀྱང་འདིར་གནས་འདིའོ་ཞེས༔ བརྟག་ཏུ་མེད་ཅིང་འགགས་པ་དང་༔ འགགས་པའི་ཡུལ་ཡང་ཡེ་ནས་དབེན༔ མེད་པ་མ་ཡིན་རྡོ་རྗེའི་རྒྱུད༔ མཚན་མས་གཞོམ་པར་མི་ནུས་པ༔ བདེ་བ་ཆེན་པོ་རྡོ་རྗེ་ཆེ༔ སངས་རྒྱས་ཉིད་ཀྱིས་ཀྱང་མི་བརྙེས༔ རང་གི་རང་རིག་དྲི་མ་མེད༔ ཨེ་མ་ཧོཿངོ་བོ་ཉིད་ཀྱིས་གསང་༔ སྐྱེ་འགགས་གནས་པ་དང་བྲལ་བ༔ དེ་ཉིད་མ་རྟོགས་ཐབས་ཀྱིས་ཆོད༔ སངས་རྒྱས་ཆོས་ཁམས་ཡེ་ནས་དག༔ ས་ཆུ་སྤྱན་དང་མཱ་མ་ཀཱི༔ མེ་རླུང་གོས་དཀར་དམ་ཚིག་སྒྲོལ༔ ནམ་མཁའ་དབྱིངས་ཀྱི་ཡུམ་ཆེན་དུ༔ གནས་དག་སྣང་ཡུལ་མཁའ་འགྲོ་མ༔ ཕུང་ཁམས་སངས་རྒྱས་ལྔའི་བདག་ཉིད༔ དབང་ཤེས་སེམས་དཔའ་སེམས་མ་དང་༔ བྱ་བྱེད་ཡིད་ཆོས་རྣམ་པར་དག༔ གསེར་གླིང་ས་རྡོ་མི་རྙེད་བཞིན༔ ཡེ་ནས་རྣམ་པར་དག་(3ན)པ་ལ༔ འཁྲུལ་ངོར་ཀུན་བརྟགས་སྣ་ཚོགས་སྣང་༔ བརྟགས་ན་རྫུན་ཕུག་རང་སར་རྡིབ༔ རང་བྱུང་རང་ཤར་སྤྲོས་མེད་དོ༔ ཞེས་གསུངས་ཏེ་དགྱེས་པ་ཆེན་པོས་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ༔ ཞུ་བ་དང་གླུ་ཡི་རིམ་པ་དང་པོ་རྫོགས་སོ༔ ངྷ།ཊ།ཊ༔ སླར་ཡང་དགྱེས་པ་ཆེན་པོའི་སྤྲིན་ལས་དཀྱིལ་འཁོར་མངོན་པར་འདུ་མཛད་དེ༔ རྡོ་རྗེའི་གླུ་བླངས་པ་ནི༔ ཨེ་མ་ཧོཿ ཐ་མལ་ཞེན་སྣང་སྦྱངས་པའི་ཕྱིར༔ རིམ་པ་དང་པོ་རྣལ་འབྱོར་བསྒོམ༔ མངལ་སྐྱེས་ལ་སོགས་རྣམ་པ་བཞི༔ སྦྱངས་ཕྱིར་དེ་ཉིད་བཞི་དག་དང་༔ སྐྱེ་འཆི་བར་དོ་ལ་སོགས་པའི༔ འཛིན་པ་སྦྱངས་ཕྱིར་ཏིང་འཛིན་བསྒོམ༔ སྣོད་དང་བཅུད་ཀྱིས་བསྡུས་པའི་ཆོས༔ དག་པ་གསུམ་གྱི་རང་བཞིན་ཏེ༔ མཉམ་ཉགཉིས་ལྷག་པའི་མཉམ་གཉིས་ཀྱིས༔ དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་༔ ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན༔ རང་བཞིན་དག་པའི་ཆོས་ཉིད་ལ༔ རང་གི་ངང་གིས་རྣམ་གྲོལ་བ༔ ཡུམ་ལྔ་དག་པའི་འབྱུང་རིམ་སྟེང་༔ སངས་རྒྱས་ཡོན་ཏན་ལྷུན་རྫོགས་པའི༔ ཡེ་ཤེས་ཆེན་པོའི་མཎྜ་ལ༔ རྟག་ཚོགས་ཡེ་ནས་ལྷར་དག་པའི༔ རིགས་ཀྱི་ཕྱག་རྒྱ་ཅིར་(3བ)ང་སྣང་༔ དང་པོ་རྒྱུ་ཡི་ས་བོན་སྤྲོས༔ ནམ་མཁའ་གང་བར་སྤྲོ་ཞིང་བསྡུ༔ འཕེལ་འགྲིབ་བྲལ་བའི་རྒྱན་དུ་ཤར༔ དེ་ནས་ཕྱག་རྒྱ་གཅིག་པ་ཡི༔ རང་བཞིན་ཡེ་ཤེས་མངོན་དུ་བྱ༔ ཕྱག་རྒྱ་རྒྱ་ཆེར་སྤྲོས་པའི་མཐུས༔ སྣོད་བཅུད་ཐ་མལ་ཞེན་སྣང་སྦྱངས༔ ཨེ་མ་ངོ་མཚར་རྨད་ཀྱི་ཆོས༔ སྒྲོ་བཏགས་མ་རིག་འཁྲུལ་པའི་ངོར༔ གཉིས་འཛིན་རྟག་པའི་སྒྱུ་མ་ལ༔ མི་ཤེས་བྱིས་པ་ཨ་ཐང་ཆ༔ སྣ་ཚོགས་རང་རིག་སྤྲོས་བྲལ་བ༔ དུས་གསུམ་ཆ་བྲལ་བཞི་པ་ནི༔ དུས་མེད་རིག་པའི་ངོ་བོ་ལ༔ འཁོར་འདས་ཆོས་ཀུན་རྣམ་པར་རྫོགས༔ རྣམ་པའི་ཆ་ལས་སངས་རྒྱས་ཀྱི༔ མཛད་པའི་ཆོ་ཕྲུལ་ཡང་དག་སྒྲུབས༔ བསྙེན་པ་ཟླ་བ་སྐར་ཕྲེང་སྟེ༔ གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི༔ ས་མ་ངྷི་ལ་རྟག་པར་བརྩོན༔ ཉེ་བར་བསྙེན་པ་རྒྱལ་པོ་ཡི༔ ཕྲིན་ལས་འབངས་ཀྱིས་སྒྲུབ་པ་བཞིན༔ སེམས་ཅན་བར་དང་དང་པོ་གསུམ༔ རྫོགས་པའི་སངས་རྒྱས་ས་ལ་སྦྱོར༔ སྒྲུབ་པ་མགལ་མེ་ཀླད་སྐོར་ལྟར༔ ཐ་མལ་ཞེན་སྣང་རགས་པ་སྦྱངས༔ བསྒྲུབ་ཆེན་བུང་བ་ཚང་ཞིག་ལྟར༔ འཁོར་འདས་དག་མཉམ་ཆེན་པོར་སྦྱོང་༔ དུས་ཀུན་སྲོག་གི་གཟེར་བཞི་གཅེས༔ ཤིན་ཏུ་སྦྱངས་པའི་རྣལ་འབྱོར་པས༔ (4ན)རོ་སོལ་མཆོག་ཆེན་ཐོད་པར་སྦྱར༔ བསྙེན་སྔགས་འབར་བའི་རྣམ་པར་སྒོམ༔ འོད་དང་དུ་བ་བྱུང་བ་ན༔ མཐོང་བྱེད་ལ་བྱུག་ས་འོག་གི༔ གཏེར་གྱི་དངོས་གྲུབ་ཡང་དག་འགྲུབ༔ གང་ལ་རེག་པའི་དངོས་པོ་རྣམས༔ རྡོ་རྗེ་ཅན་གྱིས་མཐོང་མི་འགྱུར༔ རྐང་པར་བྱུག་པ་ཙམ་གྱིས་ནི༔ མཁའ་འགྲོ་རྣམས་དང་སྐལ་པ་མཉམ༔ གྲི་ལྕགས་རལ་གྲི་རྫས་བྱུག་པ༔ ཁྱེར་ཏེ་བམ་ལ་བཏབ་པ་ཡིས༔ རལ་གྲི་ལ་སོགས་དངོས་གྲུབ་ཐོབ༔ བདུད་རྩི་འོད་ལྡན་དང་སྦྱར་བ༔ ཡུན་དུ་བརྟན་པས་གཞོན་ནུར་འགྱུར༔ ས་འོག་བུག་པའི་སྒོར་སོང་ལ༔ རྫས་བཤམས་རྩེ་གཅིག་བཟླས་པ་ཡི༔ རྡོ་རྗེ་ས་འོག་འགྲོ་བར་འགྱུར༔ ཨེ་མ་ངོ་མཚར་ཡ་མཚན་གྱི༔ ཆོ་འཕྲུལ་བསམ་ཡས་ལྷུན་གྲུབ་པ༔ རང་བྱུང་པདྨས་རང་ཤར་བའི༔ དགོངས་པའི་རྩལ་ལས་བྱུང་བའི་དོན༔ རྨད་དུ་བྱུང་བའི་ཕྱག་རྒྱ་ནི༔ ཐ་མལ་ཞེན་སྣང་སྦྱོང་བའི་ཕྱིར༔ སངས་རྒྱས་ཀུན་གྱི་མཛད་པ་ཡི༔ ཆོ་འཕྲུལ་ཟབ་མོ་ཁོ་ནའོ༔ ཞེས་གསུངས་ཏེ་གསང་བ་ཟབ་མོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ༔ བུམ་དབང་དང་འབྲེལ་བའི་སྣང་སྟོང་བསྐྱེད་པའི་རིམ་པ་སྟེ་གཉིས་པ་རྫོགས་སོ༔ སླར་ཡང་(4བ)བྱང་ཆུབ་ཀྱི་སེམས་སྤྲིན་རྣམ་པར་འཕྲོ་བས་བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་པར་མཛད་དེ་རྡོ་རྗེ་གླུ་བླངས་པ་ནི༔ ཨེ་མ་ཧོཿ ཨ་ལ་ལ་ལ་ལ་ཧོཿ མི་འགྱུར་བདེ་བ་ཐབས་ཆེན་པོ༔ རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཀྱི༔ དབྱིངས་སུ་སྙོམས་པར་ཞུགས་པ་ལས༔ འོད་གསལ་ཡེ་ཤེས་མངོན་དུ་གྱུར༔ རྣམ་པ་ལམ་དུ་བྱེད་པའི་ཕྱིར༔ རང་ལུས་དངོས་པོར་འཛིན་པ་བྲལ༔ སྟོང་ཉིད་དབྱིངས་སུ་མཁའ་ལྟར་ཤར༔ ལུས་དབུས་རྩ་གསུམ་གསལ་བཏབ་ལ༔ སྤྱི་བོ་བདེ་བ་ཆེན་པོ་ནི༔ ཐབས་ཀྱི་རྣམ་པ་མཐུར་དུ་ལྟ༔ མགྲིན་པ་རོ་འདུས་འཁོར་ལོ་ནི༔ ཤེས་རབ་རང་བཞིན་གྱེན་དུ་ཕྱོགས༔ སྙིང་ཁ་ཆོས་ཀྱི་འཁོར་ལོ་ནི༔ གདུགས་ཀྱི་རྣམ་པར་དབུབ་པའི་འོག༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ནི༔ འདེགས་པའི་ཚུལ་གྱིས་གྱེན་དུ་གྱེས༔ གསང་གནས་བདེ་བ་བསྐྱེད་པའི་རྩ༔ ཁྱིམ་གྱི་ཚུལ་དུ་མཉམ་པར་འཁྱིལ༔ འབྱུང་བའི་དུག་རླུང་རྣམ་པར་བསལ༔ རོ་རྐྱང་ལམ་ལས་བུས་པའི་རླུང་༔ ལྟེ་འོག་མེ་གོང་ལ་རེག་པས༔ མེ་ལྕེ་ཏལ་གྱིས་འབར་བ་ཡིས༔ རྩ་གནས་ཉུག་ཉུག་ཁྱབ་པར་བསམ༔ རྒྱ་མཚོ་བསྐྱིལ་ཞིང་སྟེང་འོག་གི༔ སྒོ་གཉིས་བསྡམ་ལ་བུམ་པར་བྱ༔ ལྟེ་འོག་འཕུར་བརྡབ་དྲག་ཏུ་བྱ༔ (5ན)རིམ་བཞིན་ལྟེ་བ་སྙིང་ཁར་སྦྱར༔ སྔ་མར་དྲོད་ཐོབ་ཕྱི་མར་འཇུག༔ མགྲིན་པ་ནས་བརྩམ་སྤྱི་བོར་སྦར༔ རྐང་པ་གཡས་གཡོན་ལག་པ་གཉིས༔ འཕུར་ཤད་བརྐྱང་སྟེ་དྲག་ཏུ་བརྔབ༔ གཡས་ཤད་གཡོན་ཤད་པུས་མོ་བརྡབ༔ རྡོར་སྐྱིལ་འབེབས་དང་བརྐྱང་སྟེ་འབེབས༔ རིམ་བཞིན་ནང་ལུས་གནས་ཁང་དང་༔ མཐར་ནི་དཔག་ཚད་ཙམ་དུ་སྤར༔ དེ་ཡིས་བདེ་དྲོད་མེ་ལྟར་འབར༔ ཤིན་ཏུ་རྒུད་ན་ལྟེ་འོག་གི༔ ཕྱོགས་བཞི་མེ་གོང་འབར་བ་བཞི༔ འུར་སྒྲ་བཅས་ཏེ་འབར་བར་བསམ༔ དྲོད་ཀྱི་འབེབས་ཆེན་རྣམ་བཞི་བྱ༔ དམིགས་པ་སྔར་ལྟར་སྤྱི་བོ་ཡི༔ འཁོར་ལོར་བྱང་ཆུབ་སེམས་ཀྱི་དངོས༔ ཟླ་ཞུན་ལྟ་བུའི་བྱང་སེམས་ཀྱི༔ ཐིག་ལེ་ཧཾ་ཡིག་མཐུར་དུ་ལྟ༔ བཅུ་དྲུག་ཟིལ་པ་སྐར་ལྟར་འཕྲོ༔ མེ་ལྕེ་རེག་པས་སེམས་རྒྱུན་བབ༔ འཁོར་ལོ་རྣམ་བཞིར་འབྲོས་འདེད་ཚུལ༔ ཡང་ཡང་བསྒོམ་པས་བདེ་དྲོད་འབར༔ གྲུ་གང་ཚད་ཀྱི་ཁྲིའུའི་ཁར༔ རྒྱལ་པོ་སྒྱུ་མའི་ལོངས་སྤྱོད་འབེབས༔ འཛིན་པ་ཁྲོམ་ཆུ་བསྐྱིལ་བ་ལྟར༔ འདྲེན་པ་ཧཱུྃ་རིང་ཧཱུྃ་ཐུང་དང་༔ སྟག་མའི་ཁོངས་འདྲེན་དག་གིས་དྲངས༔ བཀྲམ་པ་རྒྱུ་སྐར་ཁྱིམ་འཛུད་དེ༔ འཕར་འཁྲབ་སེང་གེ་རྣམ་པར་རོལ༔ (5བ)རྩེ་གཅིག་སྒོམ་པས་རྩ་མདུད་གྲོལ༔ སྒོ་གསུམ་ཤིན་ཏུ་སྦྱངས་པ་ཐོབ༔ དག་པའི་རྟེན་འབྲེལ་མངོན་དུ་འགྱུར༔ གསང་བ་བྱང་ཆུབ་སེམས་ཀྱི་དབང་༔ ཐོབ་ལས་ཡང་དག་དངོས་གྲུབ་འབྱུང༔ རྩ་རླུང་འཕོ་བའི་དྲི་མ་དག༔ འོད་གསལ་ཡེ་ཤེས་རང་ཤར་བའི༔ རྨད་བྱུང་གསང་བའི་ལམ་མཆོག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་ཏེ་རྡོ་རྗེ་བཙུན་མོའི་བྷ་ག་ལ་རྣམ་པར་སྙོམས་པར་བཞུགས་སོ༔ གསང་དབང་དང་འབྲེལ་བའི་གྲགས་སྟོང་གསུང་རྡོ་རྗེའི་རྣམ་འབྱོར་གྱི་རིམ་པ་སྟེ་གསུམ་པ་རྫོགས་སོ༔ ངྷཏྱཏྲུ།དྱ།ཐ༔ སླར་ཡང་ཟུང་འཇུག་བདེ་བ་ཆེན་པོར་དགྱེས་པའི་རྡོ་རྗེའི་གླུ་བླངས་པ་ནི༔ ཨེ་མ་ཧོཿ ཨེ་ཝཾ་མ་ཡ༔ ཨེ་ས་མ་ཡ་ཨ་ལ་ལ་ལ་ལ་ཧོཿ མཁའ་འགྲོ་སྒྱུ་མ་བདེ་མཆོག་ནི༔ སངས་རྒྱས་ཀུན་གྱི་མཉམ་པར་སྦྱོར༔ ཨེ་མ་ངོ་མཚར་ཡ་མཚན་ཆོས༔ བདེ་བ་ཆེན་པོའི་མན་ངག་བསྟན༔ རྩ་དང་རླུང་ལམ་སྦྱངས་པ་ཡིས༔ ཟླ་བ་ཡུམ་ལྔར་གསལ་བ་ཉིད༔ རྡོ་རྗེ་འཁྱུད་ཅིང་རོལ་པར་བསམ༔ སྔར་འདྲིས་ལྷ་མ་སྟོང་པའི་གཟུགས༔ སྒྱུ་མའི་ཕྱག་རྒྱར་སྙོམས་ཞུགས་པ༔ བདེ་བ་སྟོབས་སུ་མ་གྱུར་ན༔ དམ་ཚིག་སྒྲོལ་མའི་འཁྲུལ་འཁོར་ལ༔ མཱ་མ་ཀཱི་ཡི་བྱིན་གྱིས་བརླབས༔ (6ན)སྟོབས་སུ་སྒྱུར་བའི་བདེ་བ་ཆེ༔ གནས་ནས་བྱུང་བ་སེམས་འཕོ་ན༔ དར་དམར་གྱེན་ཕྱར་ཉི་ཟླ་ཟློག༔ རྒྱ་མཚོ་ཨར་གཏད་སྲིན་ཞལ་བསྡམ༔ ཧཱུྃ་རིང་སྒྲས་དྲངས་ཁྱབ་པར་བཀྲམ༔ འཕོ་མེད་ངེས་པའི་བརྟན་ཐོབ་ན༔ ལྷ་མོ་ཀླུ་མོ་རིགས་ངན་མོ༔ དབྱེའམ་ཡང་ན་མི་དབྱེ་བར༔ དྲང་ངེས་ཆོས་བཤད་རྒྱུད་གྲོལ་བར༔ དབང་བསྐུར་ཟབ་མོའི་སྣོད་རུང་བྱ༔ དབེན་པར་གནས་ལ་འདོད་པ་ཡི༔ སྒྱུ་རྩལ་ཇི་བཞིན་བདེ་བ་བསླང་༔ རང་དང་ཕྱག་རྒྱ་ལྷ་རུ་བསྒོམ༔ མཁའ་གསང་རྡོ་རྗེ་པདྨར་བརླབས༔ ཐབས་འདིར་བརྟེན་ནས་རང་གནས་ཀྱི༔ ཡེ་ཤེས་མངོན་དུ་བྱེད་པར་བསམ༔ ཛཿཧཱུྃ་བཾ་ཧོཿས་སྙོམས་པར་ཞུགས༔ རུས་སྦལ་འགྲོས་ཀྱིས་དལ་བར་འབེབས༔ གཡོ་ལྡང་བྱང་ཆུབ་སེམས་ཀྱི་མཐུས༔ བདེ་བ་སྔ་འཇིག་ཕྱི་མར་འཇུག༔ འོད་གསལ་འཕོ་བ་མེད་པར་སྨོན༔ དགའ་བ་བཞི་པོ་ངོས་བཟུང་ལ༔ དུད་འགྲོའི་འགྱུར་བ་བཞི་ཡིས་ལྡོག༔ སྤྱི་བོར་བྱོན་པའི་མཐར་ཐུག་བར༔ ཡས་བརྟན་ཡེ་ཤེས་མངོན་དུ་བྱ༔ ཡང་ན་ཡུམ་མཁར་སྲིད་ཞི་ཡི༔ དྭངས་བཅུད་བསྡུས་ལ་རྣམ་པར་དྲངས༔ སྙིང་གར་སྲོག་གི་ཐིག་ལེར་བསྟིམ༔ འཆི་མེད་ཚེ་དབང་ངེས་པར་འགྲུབ༔ (6བ)མཆོག་མཐའ་དགའ་བྲལ་ཡེ་ཤེས་ནི༔ མུན་པ་ལ་ནི་མར་མེ་ལྟར༔ བདེ་བ་ཆེན་པོ་འཕོ་མེད་པ༔ མཚོན་བྱེད་དཔེ་ཡི་བརྡས་མཚོན་ཏེ༔ མཚོན་བྱ་དོན་གྱི་ངོ་བོ་མཐོང་༔ སངས་རྒྱས་ཁོ་ནའི་བརྣག་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་ཏེ་འོད་གསལ་ཀ་ནས་དག་པའི་དབྱིངས་སུ་སྙོམས་པར་ཞུགས་སོ༔ ཤེར་དབང་དང་འབྲེལ་བའི་བདེ་སྟོང་ཐུགས་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་སྟེ་བཞི་པ་རྫོགས་སོ༔ སླར་ཡང་འཁོར་འདས་ཀ་ནད་དག་པའི་དབྱིངས་ལས་རྡོ་རྗེའི་གསང་བའི་སྒྲ་རང་ཤར་བའི་ཚུལ་གྱིས་མངོན་པར་སྣང་བ༔ ཧོཿ ཀ་ནས་དག་པའི་རང་རིག་པ༔ མངོན་དུ་བྱེད་པའི་ཐབས་ཟབ་མོ༔ གཞན་དུ་ཡོད་འོང་མ་མཆིས་ཏེ༔ རང་གི་རང་རིག་འོད་གསལ་བ༔ རང་བཞིན་ཡེ་ནས་གསང་བའི་དོན༔ རང་ལ་མངོན་པར་སྣང་བའི་ཕྱིར༔ མན་ངག་ལྡན་པའི་སློབ་དཔོན་གྱིས༔ ཚུལ་བཞིན་ལག་ཁྲིད་གཏན་ལ་དབབ༔ ལུས་སྦྱངས་རྡོ་རྗེའི་འདུག་སྟངས་བྱ༔ ངག་སྦྱངས་ཧཱུྃ་ནི་རིང་ཐུང་བརྗོད༔ སེམས་སྦྱང་བྱུང་གནས་འགྲོ་འོང་བཙལ༔ གཞི་རྩ་ཆོད་པའི་བར་དུ་བསླབ༔ ལུས་ངག་ཡིད་ཀྱི་བྱ་བ་ནི༔ མི་བྱ་མེད་པར་བྱས་པའི་མཐུས༔ འཁོར་འདས་རུ་ཤན་རྣམ་(7ན)པར་དབྱེ༔ ཕྱི་སྣང་ནང་གི་ཕུང་པོ་ལ༔ རྒྱས་གདབ་རྩལ་སྦྱངས་མཉེན་བཙལ་བས༔ ལུས་ངག་སེམས་ལ་ཤིན་སྦྱངས་འགྲུབ༔ དངོས་གཞི་རིག་རྩལ་དབང་ཐོབ་ནས༔ རང་བཞིན་ཡེ་ནས་གྲོལ་བའི་དབྱིངས༔ གནས་ལུགས་རང་གྲོལ་གཉེན་པོ་ཡི༔ བསྐྱར་མི་དགོས་པར་ངོ་བོའི་གཤིས༔ རྣམ་རྟོག་སྔ་ཕྱི་མེད་པ་རུ༔ ཤར་ཙམ་ཉིད་ནས་རང་གྲོལ་བ༔ སྟོང་པའི་རང་བཞིན་རང་འོད་གསལ༔ གསལ་བའི་ཐུགས་རྗེ་འགགས་པ་མེད༔ ངོ་བོ་གདོད་ནས་སྟོང་པ་ཉིད༔ མ་སྐྱེས་ཆོས་སྐུའི་བདག་ཉིད་ཅན༔ རང་བཞིན་གསལ་ལ་འཛིན་པ་མེད༔ མ་གཡོས་ལོངས་སྤྱོད་རྫོགས་པའི་བདག༔ ཐུགས་རྗེ་སྣ་ཚོགས་སྣང་བའི་རྩལ༔ མ་འགགས་སྤྲུལ་པ་སྐུ་ཡི་དངོས༔ འཁོར་འདས་འཁྲུལ་ངོར་བཏགས་པ་ཙམ༔ དོན་ལ་རང་རིག་སོ་མའི་ངང་༔ དེ་ཡང་ཐ་མལ་ཤེས་པ་ཉིད༔ བཟོ་བཅོས་མེད་པར་ལྷུག་པར་བཞག༔ སྤྲོ་བསྡུ་མེད་པར་ས་ལེར་བཞག༔ དགག་སྒྲུབ་མེད་པར་རང་གར་བཞག༔ སྤང་བླང་མེད་པར་ཅོག་གེར་བཞག༔ འཛིན་པ་མེད་པར་ཐ་ལེར་བཞག༔ འདི་ཡིན་མེད་པར་ཆམ་མེད་བཞག༔ གང་ཡང་(7བ)མཚོན་དུ་མེད་པའི་ངང་༔ འདི་ཞེས་བརྗོད་མེད་ཀློང་དུ་བཞག༔ དེ་ཚེ་རྣམ་པར་རྟོག་པའི་ཚོགས༔ ཤར་ཙམ་ཉིད་ནས་ངོ་བོ་ཡི༔ ཀློང་དུ་རང་ཞིག་རང་གྲོལ་བ༔ སྦྲུལ་མདུད་ནམ་མཁར་བོར་བ་བཞིན༔ གཉེན་པོ་མེད་པར་གྲོལ་བར་འགྱུར༔ བོགས་འདོན་ནམ་མཁའ་སུམ་ཕྲུག་སྒོམ༔ ནང་པར་རླུང་སེམས་རང་བབ་བཞག༔ རིག་པ་རྗེན་པའི་ངང་ཉིད་དུ༔ སྐྱེ་མེད་ཨ་ཡིག་ནམ་མཁར་བསྒོམས༔ ཧ་ཞེས་རླུང་བུས་ཧ་རེར་བཞག༔ མདོར་ན་འདི་ཡིན་རྩིས་མེད་པར༔ ཧད་དེ་བ་ལ་གསལ་རིག་ཅན༔ མ་བཅོས་བདུན་ལྡན་ངོ་བོར་གནས༔ ཨེ་མ་སྙིང་ཕྱུང་ལག་མཐིལ་དུ༔ ལེགས་པར་བཀྲམས་པའི་མན་ངག་འདི༔ སངས་རྒྱས་ཉིད་ཀྱིས་རང་བཞིན་ཉིད༔ གསལ་བར་ཡང་དག་བསྟན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་ཏེ་འོད་གསལ་ལྷུན་གྱིས་གྲུབ་པའི་དབྱིངས་སུ་སྙོམས་པར་ཞུགས་སོ༔ ཚིག་དབང་དང་འབྲེལ་བའི་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་སྟེ་ལྔ་པ་རྫོགས་སོ༔ ཏྱ།། དྷཏྷྲ།ཐཾ༽བྷ།།༔ སླར་ཡང་འོད་གསལ་ལྷུན་གྱིས་གྲུབ་པའི་དབྱིངས་ལས་རིག་གདངས་བརྗོད་མེད་ཀྱི་རང་སྒྲར་ཤར་བ་ནི༔ ཨེ་མ་ཧོཿ ཀ་དག་འདུས་མ་བྱས་པའི་དབྱིངས༔ ལྷུན་གྲུབ་ཡེ་ཤེས་ཉི་ལྟར་(8ན)ཤར༔ ཐུགས་རྗེ་འགགས་མེད་འོད་ཟེར་འཕྲོ༔ འཕོ་མེད་དབྱིངས་སུ་འུབ་ཆུབ་པའི༔ མྱུར་ལམ་ཟབ་ཅིང་རྨད་བྱུང་བ༔ ཐེག་པ་གཞན་ལ་མ་གྲགས་ཤིང་༔ འོད་གསལ་རྡོ་རྗེ་སྙིང་པོ་ཡི༔ དགོངས་པ་ཏི་ཀ་ཁྱད་འཕགས་པ༔ ཉམས་བླངས་ཐོག་མར་ལུས་ངག་ཡིད༔ ཕྱི་ནང་བྱ་བ་དགུ་ཕྲུགས་བཏང་༔ ལུས་གནད་སྐུ་གསུམ་བཞུགས་སྟངས་བྱ༔ རླུང་གནད་འགྲོ་འོང་དལ་བར་བསླབ༔ ཡུལ་གནད་ནམ་མཁའ་ཟེར་དང་སྦྲག༔ སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ༔ སེམས་གནད་འཛིན་པའི་སྤུ་རིས་བྲལ༔ སྙིང་ནས་མིག་ཏུ་འབྲེལ་བའི་རྩ༔ དཀར་འཇམ་ཤེལ་གྱི་སྦུ་གུ་ཅན༔ སྐྱོན་བྲལ་ཟེར་གྱིས་གོ་ཕྱེས་ཏེ༔ ཐིག་ལེ་སྟོང་པའི་དབྱིངས་རུམ་ནས༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ བདག་པོའི་རྗེས་འགྲོ་སྒྱུ་མའི་གར༔ མངོན་སུམ་ཙཀྵུའི་ལམ་དུ་སྣང་༔ རྩེ་གཅིག་ཉིད་དུ་གོམས་བྱས་པས༔ དབྱིངས་སྣང་རེ་ལྡེ་ནས་བརྩམ་སྟེ༔ འོད་ལྔ་ཚོམ་བུར་འཆར་བ་དང་༔ རིག་པ་སྐུ་རུ་སྨིན་པ་ལས༔ ཕྱེད་སྐུ་ཡང་དག་རྫོགས་ཀྱི་བར༔ དེ་ཡང་རིགས་གཅིག་རིགས་ལྔ་དང་༔ རིགས་བརྒྱ་བསམ་མི་ཁྱབ་པར་སྣང་༔ མཐར་ནི་ཕྱི་ནང་སྣང་བ་ཀུན༔ སྐུ་དང་ཞིང་ཁམས་(8བ)རང་བཞིན་དུ༔ འོང་གྱུར་འདི་ལ་ཐེ་ཚོམ་མེད༔ སྣང་བ་ཇི་ལྟར་འཕེལ་ཆེ་ཡང་༔ བྱིསཔས་ལྷ་ཁང་བལྟ་བ་ལྟར༔ འཛིན་མེད་ངང་དུ་ཆམ་མེར་བཞག༔ དབྱིངས་གསུམ་གཅིག་ཏུ་བསྲེ་བ་གནད༔ ཅོག་བཞག་ཚུལ་གྱི་ལྟ་བ་ཡིས༔ ལྷུན་གྲུབ་ཡེ་ཤེས་མངོན་དུ་བྱ༔ ཤིན་ཏུ་གོམས་པས་སྣང་བ་ཟད༔ ན་རོ་བདུན་བརྩེགས་རང་བཞིན་འཆར༔ ཆོས་ཉིད་མངོན་སུམ་ལྷག་གེར་མཐོང་༔ ཉམས་ཀྱི་སྣང་བ་གོང་དུ་འཕེལ༔ རིག་པ་ཚད་ཕེབས་ཆེན་པོ་ཉིད༔ ཆོས་ཉིད་ཟད་པའི་ས་ལ་སྐྱོལ༔ དེ་ཚེ་སོར་མོར་རིག་པ་གཏད༔ འོད་གསལ་སྣང་བ་སླར་གསལ་ཏེ༔ འཆི་མེད་འོད་ཀྱི་སྐུ་རུ་འགྱུར༔ གཞན་དུ་སྒྲ་འོད་ཟེར་དང་བཅས༔ གདོས་བཅས་ཕུང་པོ་མི་སྣང་བར༔ ཟག་མེད་གཞོན་ནུ་བུམ་པའི་སྐུར༔ མངོན་པར་འཚང་རྒྱ་རྨད་དུ་བྱུང་༔ སྒྲོན་མ་དྲུག་གི་དབྱིངས་རུམ་དུ༔ རིག་པའི་སྐྱེས་བུ་སྙོམས་ཞུགས་པས༔ འཁོར་འདས་རང་སར་གྲོལ་བའི་ཐབས༔ རྨད་དུ་བྱུང་བ་དོན་གྱི་སྙིང་༔ ཡང་དག་གསང་བའི་བརྡའ་རུ་བསྟན༔ ས་མ་ཡ༔ ཨ་ཏི༔ གུ་ཧྱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་ཏེ་བདེ་བ་ཆེན་པོ་འོད་གསལ་བའི་ཡེ་ཤེས་ཀྱིས་ཡང་དག་པར་དགྱེས་པར་གྱུར་ཏེ༔ དེ་ཁོ་ན་ཉིད་རབ་ཏུ་སྤྲོས་མེད་འོད་གསལ་(9ན)བའི་རང་བཞིན་གྱི་རྣལ་འབྱོར་རྣམ་པར་དབྱེ་བ་སྟེ་དྲུག་པ་རྫོགས་སོ༔ ཟབ་གསང་ཐུགས་ཀྱི་སྙིང་པོ་འདི༔ རྒྱས་པར་བསྟན་ལས་མདོར་བསྡུས་ཏེ༔ རྣམ་པར་དྲིལ་བའི་སྙིང་པོའི་དོན༔ དགོངས་པའི་དབྱིངས་ལས་རང་ཤར་བས༔ མ་འགགས་གསང་བའི་བརྡའ་རུ་བསྟན༔ རྡོ་རྗེའི་རིག་པ་འཛིན་པ་དང་༔ འཕུར་འགྲོ་ངྷཱ་ཀིའི་ཚོགས་ལ་གཏད༔ དུས་ཀྱི་ཐ་མར་རང་སྣང་བས༔ ཡེ་ཤེས་ཆེན་པོར་རྒྱས་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨ་ཏི༔ གུ་ཧྱ༔ ཟབ་རྒྱ༔ གསང་རྒྱ༔ ངྷ་ཐིམ༔ ཁོ་བོ་རིག་འཛིན་བདུད་འཇོམས་རྡོ་རྗེ་བདག་སྔོན་སྨོན་རྟེན་འབྲེལ་གྱི་སྣང་བས་ཡོངས་སུ་བཟུང་སྟེ་མདོ་ཁམས་ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་གསང་ཕུག་ནས་དངོས་གྲུབ་ཐོབ་པའི་ཤོག་སེར་མཁའ་འགྲོའི་བརྡ་ཡི་ཆོ་འཕྲུལ་ལས་ཡོངས་སུ་རྫོགས་པ་ས་ལ་སྤྱོད་པའི་གྲོང་ཁྱེར་བདེ་ཆེན་པདྨ་བཀོད་ཀྱི་གནས་ཀྱི་གཙོ་བོ་ཀུན་འདུས་བདེ་གཤེགས་ཕོ་བྲང་གི་བྱང་ཤར་མཁའ་འགྲོ་འདུ་བའི་གླིང་སྤང་ལྗོངས་སུ་ཟླ་ཞུན་ཐགས་སུ་བཏགས་པའི་ངང་ཚུལ་གྱི་ལྡིང་གུར་དུ་ལེགས་པར་གཏན་ལ་ཕབས་ཏེ་བཀོད་པ་ཕྱོགས་དུས་ཐམས་ཅད་དུ་བཀྲ་ཤིས་དགེ་ལེགས་ཀྱི་དཔལ་ཡོན་ཡོངས་སུ་དར་བའི་རྒྱུར་སིངྔྷི་རསྟུ།། །། | |||
(9བ)པདྨ་ཟབ་པ་རྩ་བའི་རྒྱུད་ལས་མ་ཚང་བ་ཁ་སྐོང་མན་ངག་ཐོར་བུའི་རྒྱུད་ནི༔ དེ་ནས་འཁོར་གྱི་ཚོགས་རྣམས་ཀྱི་བདེ་བའི་རོལ་མོ་མཐའ་ཡས་པར་བཀྲོལ་ཏེ་སླར་ཡང་ཞུས་པ༔ ཨེ་མ༔ མགོན་པོ་འཆི་མེད་ཚེ་ཡི་ལྷ༔ དགྱེས་པའི་དབྱིངས་ལས་རང་ཤར་བའི༔ ཟབ་མོའི་རྒྱུད་ཀྱི་སྒྲ་བསྒྲགས་པས༔ ཀུན་ཀྱང་རྫོགས་པའི་གོ་འཕང་དུ༔ མངོན་པར་འཚང་རྒྱ་རྨད་དུ་བྱུང་༔ སླར་ཡང་དགྱེས་པའི་སྤྲིན་ཆེན་པོས༔ མན་ངག་ཁ་འཐོར་བཤད་དུ་གསོལ༔ ཞེས་ཞུས་པས༔ བཅོམ་ལྡན་འདས་དགྱེས་པ་ཆེན་པོས་སླར་ཡང་འདི་སྐད་ཅེས་བཀའ་སྩལ་ཏེ༔ ཉོན་ཅིག་འཁོར་གྱི་ཚོགས་རྣམས་ཉོན༔ རྣལ་འབྱོར་དད་ལྡན་ཁ་ཅིག་ལ༔ དང་པོ་ལམ་སྟེགས་གདམས་པ་བསྟན༔ ཁམས་གསུམ་འཁོར་བའི་གནས་རིས་ལས༔ ངེས་པར་འབྱུང་བའི་ཐོག་དྲངས་ཏེ༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ༔ སྨོན་འཇུག་དོན་དམ་བྱང་སེམས་བསྐྱེད༔ སྟོབས་བཞིའི་སྒོ་ནས་སྡིག་ལྟུང་བཤགས༔ ཁྱད་པར་མཐུན་རྐྱེན་ཚོགས་རྫོགས་ཕྱིར༔ སྐུ་གསུམ་དག་པའི་མཎྜལ་འབུལ༔ བླ་མར་གསོལ་གདབ་མོས་གུས་བསྐྱེད༔ དེ་ནས་སྣང་སྟོང་བསྐྱེད་རིམ་བསྒོམ༔ (10ན)རིམ་བཞིན་འོད་སྐུ་གྲུབ་ཀྱི་བར༔ ལེགས་པར་ཉམས་བླངས་རིམ་གྱིས་ལམ༔ གཞན་ཡང་བླ་མའི་བྱིན་རླབས་དང་༔ རང་གི་ལས་སྨོན་མཐུལ་བརྟེན༔ གཅིག་ཆར་རྟོགས་གྲོལ་དུས་མཉམ་སྟེ༔ དབང་པོ་འཚམས་བཞིན་ཉམས་སུ་བླངས༔ ཁྱད་པར་ཚོམ་དུ་ཚོགས་སྒྲུབ་ཀྱི༔ རྣལ་འབྱོར་ཟབ་མོ་འཇུག་འདོད་ན༔ ཕུན་སུམ་ཚོགས་པ་ལྔ་ལྡན་གྱི༔ སྒྲུབ་པ་ཆེན་པོའི་གཞི་ཡང་བཟུང་༔ ཕྱི་ནང་མཚམས་བཅད་དཀྱིལ་འཁོར་བཞེངས༔ རྒྱན་འགོད་རྟགས་གདབ་མངའ་གསོལ་ཞིང་༔ སྒྲུབ་པ་ལུང་གི་དམ་ཚིག་འབོག༔ དངོས་གཞི་སེར་ཕྲེང་མཆེད་ལྕམ་རྣམས༔ རྣམ་དག་ལྷ་ཡི་ཏིང་འཛིན་སྒོམ༔ ཡན་ལག་བཞི་ལྡན་སྒྲུབ་པ་ཆེའི༔ ཚུལ་ལ་རྩེ་གཅིག་མཉམ་བཞག་པས༔ ཟླ་དྲུག་ལོ་གཅིག་མཐར་བྱས་པའི༔ ལྕམ་དྲལ་ཚོམ་བུར་བཅས་པ་རྣམས༔ མངོན་པར་འཚང་རྒྱ་རྨད་དུ་བྱུང་༔ ཕན་འདོགས་ཚར་གཅོད་ལ་སོགས་པ༔ ལས་ཀུན་མྱུར་མགྱོགས་མེ་ཡིས་འགྲུབ༔ ཞི་བ་དཀར་སོགས་ཤར་ལྟས་དང་༔ ཐབ་ཁུང་ཟླུམ་པོ་ཞི་བའི་སེམས༔ ནད་གདོན་སྡིག་སྒྲུབ་ཞི་བའི་ཕྱིར༔ བསྲེགས་བླུགས་འབུལ་ལ་ལྷ་ཚོགས་བསྐྱེད༔ འཇིག་(10བ)རྟེན་པ་དང་འདས་པ་ལ༔ དེ་བཞིན་རྒྱས་དབང་དྲག་པོར་འབུལ༔ ལས་འགྲུབ་མེ་ཡི་སྦྱོར་བའོ༔ གཞན་ཡང་དཀྱིལ་འཁོར་གཙོ་བོ་ཡི༔ དུང་ཁང་འབར་བར་ཁྲོ་བོ་དང་༔ མགྲིན་པར་རིག་འཛིན་བླ་མའི་ཚོགས༔ སྙིང་ཁར་ཞི་བ་དབྱིངས་ཀྱི་ལྷ༔ མ་འདྲེས་ཚོམ་བུའི་ཚུལ་དུ་བསྒོམ༔ ཕྱི་ནང་གསང་བའི་མཆོད་པ་ནི༔ བརྒྱ་རྩ་འབུལ་ཞིང་ལྷ་ཚོགས་ཀྱི༔ མཚན་ནས་བརྗོད་ལ་ཕྱག་ཀྱང་འཚལ༔ ངག་གི་སྒྲུབ་པ་བཟླས་པས་སྦྱངས༔ ཡིད་ཀྱི་རྟོག་སྒྲུབ་ལྟ་བས་བཤགས༔ ཐུན་མོང་ཚོགས་ཀྱི་མཆོད་པས་བསྐང་༔ དེས་ནི་ཉམས་ཆག་མ་ལུས་བཤགས༔ མཆོག་ཐུན་དངོས་གྲུབ་ངེས་པར་ཐོབ༔ ས་ཁམས་ཚེ་ཉམས་སཙྪ་གདབ༔ སྤྱན་མར་བསྐྱེད་ལ་རབ་ཏུ་གནས༔ ཆུ་ཁམས་ཚེ་ཉམས་ཆུ་སྦྱིན་བྱ༔ མཱ་མ་ཀཱིར་བསྐྱེད་ཕྲིན་ལས་བཅོལ༔ མེ་ཁམས་ཚེ་ཉམས་གོས་དཀར་མོ༔ དམར་བའི་བུད་ཤིང་འབུལ་ལ་གསོ༔ རླུང་ཁམས་ཚེ་ཉམས་ཁམས་མཐུན་གྱི༔ ཅོད་པན་དམ་ཚིག་སྒྲོལ་མར་བསྐྱེད༔ རི་རྩེར་མཐུན་པའི་རླུང་ལ་བསྐྱོད༔ ནམ་མཁའི་ཚེ་ཉམས་མཐོ་བའི་སར༔ ཁམས་གསུམ་བཅུད་རྣམས་ནམ་མཁར་བསྡུས༔ དབྱིངས་ཕྱུག་ངོ་བོར་ཁོང་དུ་མིད༔ ཐུན་མོང་སྐྱེ་མཆེད་ཡོངས་ཚང་ཤིང་༔ (11ན)ཤ་རྒྱས་སྲོག་ཆགས་ཚེ་ཐར་བྱ༔ ཀུན་ལ་སངས་རྒྱས་སྐུ་གཟུགས་བཞེངས༔ གསུང་སྒྲོགས་སེམས་ཅན་གནོད་འཚེ་སྤང་༔ ཐུགས་ཀྱི་རྟེན་བཞེངས་མཆོད་པར་བརྩོན༔ རྟེན་འབྲེ་མི་བསླུའི་བདེན་པ་ཡིས༔ ཚེ་རིང་དཔལ་འབྱོར་གོང་དུ་འཕེལ༔ ཨེ་མ་ངོ་མཚར་རྨད་བྱུང་བའི༔ ཟབ་མོའི་གནད་ཀྱི་གདམས་པ་འདི༔ ཡལ་བར་མ་འདོར་ཉམས་སུ་ལོངས༔ མ་འོངས་དྲག་སྤྱོད་སྙིགས་མའི་དུས༔ ལས་ཅན་ཆོས་བདག་སྐྱེས་བུ་ལ༔ ཕན་ཕྱིར་ཟབ་མོའི་གཏེར་དུ་གདམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་ཏེ་སྟོན་འཁོར་དབྱེར་མེད་པའི་དགོངས་པས་ཡང་དག་པར་མཉེས་པར་གྱུར་ཏོ༔ ཞེས་པའང་ཁོ་བོ་བབདུད་འཇོམས་རྡོ་རྗེའི་ཟབ་གཏེར་གྱི་གསང་བའི་མན་ངག་ཡང་དག་པའོ། །སརྦ་མངྒལཾ། བཀྲ་ཤིས།། །།}} | (9བ)པདྨ་ཟབ་པ་རྩ་བའི་རྒྱུད་ལས་མ་ཚང་བ་ཁ་སྐོང་མན་ངག་ཐོར་བུའི་རྒྱུད་ནི༔ དེ་ནས་འཁོར་གྱི་ཚོགས་རྣམས་ཀྱི་བདེ་བའི་རོལ་མོ་མཐའ་ཡས་པར་བཀྲོལ་ཏེ་སླར་ཡང་ཞུས་པ༔ ཨེ་མ༔ མགོན་པོ་འཆི་མེད་ཚེ་ཡི་ལྷ༔ དགྱེས་པའི་དབྱིངས་ལས་རང་ཤར་བའི༔ ཟབ་མོའི་རྒྱུད་ཀྱི་སྒྲ་བསྒྲགས་པས༔ ཀུན་ཀྱང་རྫོགས་པའི་གོ་འཕང་དུ༔ མངོན་པར་འཚང་རྒྱ་རྨད་དུ་བྱུང་༔ སླར་ཡང་དགྱེས་པའི་སྤྲིན་ཆེན་པོས༔ མན་ངག་ཁ་འཐོར་བཤད་དུ་གསོལ༔ ཞེས་ཞུས་པས༔ བཅོམ་ལྡན་འདས་དགྱེས་པ་ཆེན་པོས་སླར་ཡང་འདི་སྐད་ཅེས་བཀའ་སྩལ་ཏེ༔ ཉོན་ཅིག་འཁོར་གྱི་ཚོགས་རྣམས་ཉོན༔ རྣལ་འབྱོར་དད་ལྡན་ཁ་ཅིག་ལ༔ དང་པོ་ལམ་སྟེགས་གདམས་པ་བསྟན༔ ཁམས་གསུམ་འཁོར་བའི་གནས་རིས་ལས༔ ངེས་པར་འབྱུང་བའི་ཐོག་དྲངས་ཏེ༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ༔ སྨོན་འཇུག་དོན་དམ་བྱང་སེམས་བསྐྱེད༔ སྟོབས་བཞིའི་སྒོ་ནས་སྡིག་ལྟུང་བཤགས༔ ཁྱད་པར་མཐུན་རྐྱེན་ཚོགས་རྫོགས་ཕྱིར༔ སྐུ་གསུམ་དག་པའི་མཎྜལ་འབུལ༔ བླ་མར་གསོལ་གདབ་མོས་གུས་བསྐྱེད༔ དེ་ནས་སྣང་སྟོང་བསྐྱེད་རིམ་བསྒོམ༔ (10ན)རིམ་བཞིན་འོད་སྐུ་གྲུབ་ཀྱི་བར༔ ལེགས་པར་ཉམས་བླངས་རིམ་གྱིས་ལམ༔ གཞན་ཡང་བླ་མའི་བྱིན་རླབས་དང་༔ རང་གི་ལས་སྨོན་མཐུལ་བརྟེན༔ གཅིག་ཆར་རྟོགས་གྲོལ་དུས་མཉམ་སྟེ༔ དབང་པོ་འཚམས་བཞིན་ཉམས་སུ་བླངས༔ ཁྱད་པར་ཚོམ་དུ་ཚོགས་སྒྲུབ་ཀྱི༔ རྣལ་འབྱོར་ཟབ་མོ་འཇུག་འདོད་ན༔ ཕུན་སུམ་ཚོགས་པ་ལྔ་ལྡན་གྱི༔ སྒྲུབ་པ་ཆེན་པོའི་གཞི་ཡང་བཟུང་༔ ཕྱི་ནང་མཚམས་བཅད་དཀྱིལ་འཁོར་བཞེངས༔ རྒྱན་འགོད་རྟགས་གདབ་མངའ་གསོལ་ཞིང་༔ སྒྲུབ་པ་ལུང་གི་དམ་ཚིག་འབོག༔ དངོས་གཞི་སེར་ཕྲེང་མཆེད་ལྕམ་རྣམས༔ རྣམ་དག་ལྷ་ཡི་ཏིང་འཛིན་སྒོམ༔ ཡན་ལག་བཞི་ལྡན་སྒྲུབ་པ་ཆེའི༔ ཚུལ་ལ་རྩེ་གཅིག་མཉམ་བཞག་པས༔ ཟླ་དྲུག་ལོ་གཅིག་མཐར་བྱས་པའི༔ ལྕམ་དྲལ་ཚོམ་བུར་བཅས་པ་རྣམས༔ མངོན་པར་འཚང་རྒྱ་རྨད་དུ་བྱུང་༔ ཕན་འདོགས་ཚར་གཅོད་ལ་སོགས་པ༔ ལས་ཀུན་མྱུར་མགྱོགས་མེ་ཡིས་འགྲུབ༔ ཞི་བ་དཀར་སོགས་ཤར་ལྟས་དང་༔ ཐབ་ཁུང་ཟླུམ་པོ་ཞི་བའི་སེམས༔ ནད་གདོན་སྡིག་སྒྲུབ་ཞི་བའི་ཕྱིར༔ བསྲེགས་བླུགས་འབུལ་ལ་ལྷ་ཚོགས་བསྐྱེད༔ འཇིག་(10བ)རྟེན་པ་དང་འདས་པ་ལ༔ དེ་བཞིན་རྒྱས་དབང་དྲག་པོར་འབུལ༔ ལས་འགྲུབ་མེ་ཡི་སྦྱོར་བའོ༔ གཞན་ཡང་དཀྱིལ་འཁོར་གཙོ་བོ་ཡི༔ དུང་ཁང་འབར་བར་ཁྲོ་བོ་དང་༔ མགྲིན་པར་རིག་འཛིན་བླ་མའི་ཚོགས༔ སྙིང་ཁར་ཞི་བ་དབྱིངས་ཀྱི་ལྷ༔ མ་འདྲེས་ཚོམ་བུའི་ཚུལ་དུ་བསྒོམ༔ ཕྱི་ནང་གསང་བའི་མཆོད་པ་ནི༔ བརྒྱ་རྩ་འབུལ་ཞིང་ལྷ་ཚོགས་ཀྱི༔ མཚན་ནས་བརྗོད་ལ་ཕྱག་ཀྱང་འཚལ༔ ངག་གི་སྒྲུབ་པ་བཟླས་པས་སྦྱངས༔ ཡིད་ཀྱི་རྟོག་སྒྲུབ་ལྟ་བས་བཤགས༔ ཐུན་མོང་ཚོགས་ཀྱི་མཆོད་པས་བསྐང་༔ དེས་ནི་ཉམས་ཆག་མ་ལུས་བཤགས༔ མཆོག་ཐུན་དངོས་གྲུབ་ངེས་པར་ཐོབ༔ ས་ཁམས་ཚེ་ཉམས་སཙྪ་གདབ༔ སྤྱན་མར་བསྐྱེད་ལ་རབ་ཏུ་གནས༔ ཆུ་ཁམས་ཚེ་ཉམས་ཆུ་སྦྱིན་བྱ༔ མཱ་མ་ཀཱིར་བསྐྱེད་ཕྲིན་ལས་བཅོལ༔ མེ་ཁམས་ཚེ་ཉམས་གོས་དཀར་མོ༔ དམར་བའི་བུད་ཤིང་འབུལ་ལ་གསོ༔ རླུང་ཁམས་ཚེ་ཉམས་ཁམས་མཐུན་གྱི༔ ཅོད་པན་དམ་ཚིག་སྒྲོལ་མར་བསྐྱེད༔ རི་རྩེར་མཐུན་པའི་རླུང་ལ་བསྐྱོད༔ ནམ་མཁའི་ཚེ་ཉམས་མཐོ་བའི་སར༔ ཁམས་གསུམ་བཅུད་རྣམས་ནམ་མཁར་བསྡུས༔ དབྱིངས་ཕྱུག་ངོ་བོར་ཁོང་དུ་མིད༔ ཐུན་མོང་སྐྱེ་མཆེད་ཡོངས་ཚང་ཤིང་༔ (11ན)ཤ་རྒྱས་སྲོག་ཆགས་ཚེ་ཐར་བྱ༔ ཀུན་ལ་སངས་རྒྱས་སྐུ་གཟུགས་བཞེངས༔ གསུང་སྒྲོགས་སེམས་ཅན་གནོད་འཚེ་སྤང་༔ ཐུགས་ཀྱི་རྟེན་བཞེངས་མཆོད་པར་བརྩོན༔ རྟེན་འབྲེ་མི་བསླུའི་བདེན་པ་ཡིས༔ ཚེ་རིང་དཔལ་འབྱོར་གོང་དུ་འཕེལ༔ ཨེ་མ་ངོ་མཚར་རྨད་བྱུང་བའི༔ ཟབ་མོའི་གནད་ཀྱི་གདམས་པ་འདི༔ ཡལ་བར་མ་འདོར་ཉམས་སུ་ལོངས༔ མ་འོངས་དྲག་སྤྱོད་སྙིགས་མའི་དུས༔ ལས་ཅན་ཆོས་བདག་སྐྱེས་བུ་ལ༔ ཕན་ཕྱིར་ཟབ་མོའི་གཏེར་དུ་གདམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་ཏེ་སྟོན་འཁོར་དབྱེར་མེད་པའི་དགོངས་པས་ཡང་དག་པར་མཉེས་པར་གྱུར་ཏོ༔ ཞེས་པའང་ཁོ་བོ་བབདུད་འཇོམས་རྡོ་རྗེའི་ཟབ་གཏེར་གྱི་གསང་བའི་མན་ངག་ཡང་དག་པའོ། །སརྦ་མངྒལཾ། བཀྲ་ཤིས།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 06:25, 26 July 2024
| Wylie title | pad+ma gsang ba'i thig le las rtsa rgyud pad+ma zab pa | |
|---|---|---|
| Location | bdud 'joms rin po che bka' 'bum Volume 24, Text 6, Pages 35-55 (Folios 1a1 to 11a5) | |
| Author | རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་ | |
| Citation | Rje drung phrin las byams pa 'byung gnas. Pad+ma gsang ba'i thig le las rtsa rgyud pad+ma zab pa. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: 35-55. Kalimpong: Dupjung Lama, 1979-1985. | |
| Side notes | Recto: rtsa rgyud Verso: pad+ma gsang thig | |
| More details More details | ||
| Tertön | རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་ (rje drung phrin las byams pa 'byung gnas) | |
| Genre | Root Treasure - gter gzhung · Tantras - rgyud | |
| Cycle | པདྨ་གསང་བའི་ཐིག་ལེ་ (pad+ma gsang ba'i thig le) | |
| Colophon |
ཞེས་པའང་ཁོ་བོ་བབདུད་འཇོམས་རྡོ་རྗེའི་ཟབ་གཏེར་གྱི་གསང་བའི་མན་ངག་ཡང་དག་པའོ། །སརྦ་མངྒལཾ། བཀྲ་ཤིས།། | |
|
zhes pa'ang kho bo babadud 'joms rdo rje'i zab gter gyi gsang ba'i man ngag yang dag pa'o/__/sarba mang+galaM/__bkra shis// | ||