DJYD-KABUM-24-YA-015: Difference between revisions

From Dudjom Wiki
DJYD-KABUM-24-YA-015
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=པདྨ་གསང་བའི་ཐིག་ལེའི་སྔོན་འགྲོའི་ངག་འདོན་ཉུང་ངུར་བསྡུས་པ་རྣམ་མཁྱེན་ཤིང་རྟ།
|fulltitle=pad+ma gsang ba'i thig le'i sngon 'gro'i ngag 'don nyung ngur bsdus pa rnam mkhyen shing rta
|citation=[[Rje drung phrin las byams pa 'byung gnas]]. ''Pad+ma gsang ba'i thig le'i sngon 'gro'i ngag 'don nyung ngur bsdus pa rnam mkhyen shing rta''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 24: 159-167. Kalimpong: Dupjung Lama, 1979-1985.
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|collectiontitle=bdud 'joms rin po che bka' 'bum
|collectiontitle=bdud 'joms rin po che bka' 'bum
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|author=rje drung phrin las byams pa 'byung gnas
|author=rje drung phrin las byams pa 'byung gnas
|authortib=རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་
|citation=[[Rje drung phrin las byams pa 'byung gnas]]. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 24: . Kalimpong: Dupjung Lama, 1979-1985.
|language=Tibetan
|sourcerevealer=rje drung phrin las byams pa 'byung gnas
|sourcerevealer=rje drung phrin las byams pa 'byung gnas
|sourcerevealertib=རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་
|tibgenre=Liturgy - ngag 'don, Preliminary Practices - sngon 'gro
|terma=Yes
|terma=Yes
|cycle=pad+ma gsang ba'i thig le
|cycle=pad+ma gsang ba'i thig le
|cycletib=པདྨ་གསང་བའི་ཐིག་ལེ་
|cycletib=པདྨ་གསང་བའི་ཐིག་ལེ་
|versonotes=pad+ma gsang thig
|language=Tibetan
|volumenumber=24
|volnumtib=༢༤
|volnumtib=༢༤
|volyigtib=ཡ
|volyigtib=ཡ
|volumenumber=24
|totalvolumes=25
|volumeLetter=YA
|textnuminvol=015
|textnuminvol=015
|pagenumbers=159-167
|totalpages=9
|beginfolioline=1a1
|endfolioline=5a4
|totalfolios=5
|multivolumework=No
|rectonotes=sngon 'gro
|versonotes=pad+ma gsang thig
|colophontib=།ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་བདུད་འཇོམས་ནམ་མཁའི་མིང་གིས་བྲིས་པ་དགེ།
|colophonwylie=/zhes pa'ang nyer mkho'i yan lag tu bdud 'joms nam mkha'i ming gis bris pa dge/
|pdflink=File:DJYD-KABUM-24-YA-015.pdf
|pdflink=File:DJYD-KABUM-24-YA-015.pdf
|authortib=རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་
|sourcerevealertib=རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་
|volumeLetter=YA
|InitCategories=Dudjom Tersar Project; DJYD-KABUM-Volume-24-YA
|InitCategories=Dudjom Tersar Project; DJYD-KABUM-Volume-24-YA
}}
}}

Revision as of 07:18, 26 July 2024

Wylie title pad+ma gsang ba'i thig le'i sngon 'gro'i ngag 'don nyung ngur bsdus pa rnam mkhyen shing rta DJYD-KABUM-24-YA-015.pdf
Location bdud 'joms rin po che bka' 'bum
Volume 24, Text 15, Pages 159-167 (Folios 1a1 to 5a4)
Author རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་
Citation Rje drung phrin las byams pa 'byung gnas. Pad+ma gsang ba'i thig le'i sngon 'gro'i ngag 'don nyung ngur bsdus pa rnam mkhyen shing rta. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: 159-167. Kalimpong: Dupjung Lama, 1979-1985.
Side notes Recto: sngon 'gro   Verso: pad+ma gsang thig
More details More details
Tertön རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་ (rje drung phrin las byams pa 'byung gnas)
Genre Liturgy - ngag 'don  ·  Preliminary Practices - sngon 'gro
Cycle པདྨ་གསང་བའི་ཐིག་ལེ་ (pad+ma gsang ba'i thig le)
Colophon

།ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་བདུད་འཇོམས་ནམ་མཁའི་མིང་གིས་བྲིས་པ་དགེ།

/zhes pa'ang nyer mkho'i yan lag tu bdud 'joms nam mkha'i ming gis bris pa dge/

[edit]
༄༅། །པདྨ་གསང་བའི་ཐིག་ལེའི་སྔོན་འགྲོའི་ངག་འདོན་ཉུང་ངུར་བསྡུས་པ་རྣམ་མཁྱེན་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །


༄༅། །ན་མོ་གུ་རུ་པདྨ་ཀཱ་ར་ཡེ། (ཟབ་ལམ་གྱི་སྣོད་དུ་གྱུར་པའི་སྐལ་པ་དགེ་བའི་ལས་འཕྲོ་ཅན་དག་གིས་བྱ་བའི་གཙོ་བོ་སྔོན་དུ་འགྲོ་བའི་ཆོས་ལ་ཐུན་མོང་དང་ཐུན་མིན་གཉིས་ལས། དང་པོ་དབེན་པའི་གནས་སུ་སྟན་བདེ་བར་འཁོད་དེ། ལུས་གནད་དྲང་པོར་བསྲངས། རླུང་རོ་ལན་གསུམ་བསལ། དབུགས་ཕྱི་ནང་གི་རྒྱུ་བ་ཉེར་གཅིག་བར་བསྒྲངས་ཏེ་བསམ་གཏན་གྱི་སྣོད་དུ་རུང་བར་བྱས་ལ། ཐོག་མར་ཐུན་གྱི་སྔོན་འགྲོ་བླ་མ་ལ་གསོལ་བ་འདེབས་པ་ནི།)ཨཱཿ རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང་། །སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ནི། །རྣམ་པ་རྡོ་རྗེ་འཆང་གི་ཆ་ལུགས་ཅན། །བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་དང་བཅས། །འཇའ་ཟེར་ཐིག་ལེ་འོད་ལྔ་འཁྲུགས་པའི་(2ན)ཀློང་། །གསལ་སྟོང་མཉམ་གནས་ཆེན་པོར་བཞུགས་པར་གྱུར། །རྗེ་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །མ་རིག་མུན་པ་སེལ་བར་བྱིན་གྱིས་རློབས། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུལ་གསོལ་བ་འདེབས་སོ། །འོད་གསལ་ཁོང་ནས་འཆར་བར་བྱིན་གྱིས་རློབས། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །(ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་རྗེས། བླ་མའི་གནས་གསུམ་འབྲུ་གསུམ་ལ་སེམས་གཏད་ཏེ།) ཨོཾ་ཨཱཿཧཱུྃ་(གང་མང་བརྗོད་ལ་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་ལ་མཉམ་པར་བཞག །གཉིས་པ་ཐུན་(2བ)མོང་སྤྱིའི་སྔོན་འགྲོ་ངེས་འབྱུང་གི་བློས་བཅོས་པ་འདི་ལྟར་འདོན་བསྒོམ་བྱའོ།) །དལ་བརྒྱད་འབྱོར་བཅས་བརྒྱན་པའི་ལུས་རྟེན་འདི། །ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །རྙེད་ན་དོན་ཆེ་ཡིད་བཞིན་ནོར་དང་མཚུངས། །དལ་འབྱོར་སྙིང་པོ་ལེན་པར་བྱིན་གྱིས་རློབས། །ཕྱི་སྣོད་འཇིག་རྟེན་མི་རྟག་མེ་ཆུས་འཇིག །ནང་བཅུད་སྐྱེ་འགྲོའི་ཚེ་སྲོག་རྟག་མི་ཐུབ། །སྐད་ཅིག་མི་སྡོད་འཆི་ལ་ཇེ་ཉེར་འགྲོ། །འཆི་ཆོས་སྙིང་ནས་འགྲུབ་པར་བྱིན་གྱིས་རློབས། །འཆི་ཚེ་དཀར་ནག་ལས་འབྲས་རྗེས་སུ་འབྲང་། །དགེ་བས་བདེ་འགྲོ་སྡིག་པས་ངན་འགྲོར་འཕེན། །དཀར་ནག་ལས་ཀྱི་འབྲས་བུ་མི་བསླུ་བས། །དགེ་སྡིག་སྤང་བླང་ནུས་པར་བྱིན་གྱིས་རློབས། །ཁམས་གསུམ་གནས་རིས་མཐོ་དམན་གར་སྐྱེས་ཀྱང་། །སྡུག་བསྔལ་གསུམ་གྱིས་རྟག་ཏུ་མནར་བའི་ཕྱིར། །འཁོར་བའི་གནས་ལས་ངེས་པར་འབྱུང་བའི་བློས། །ཐེག་མཆོག་ཟབ་མོའི་རྣལ་འབྱོར་བསྒོམ་པར་བྱ། །(ཞེས་འདོན་བསྒོམ་ནན་ཏན་དུ་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། ཐོག་མར་སྐྱབས་སུ་འགྲོ་བ་ལ་སྐྱབས་ཡུལ་གསལ་གདབ་པ་ནི།) ཨཱཿ རང་མདུན་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས། །རིན་ཆེན་སེང་ཁྲི་པདྨ་ཟླ་བའི་སྟེང་། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ཉིད། །རྣམ་པ་རིག་ཀུན་(3ན)ཁྱབ་བདག་རྡོ་རྗེ་སེམས། །སྐུ་མདོག་དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན། །རང་འོད་སྙེམས་མ་གྲི་ཐོད་འཛིན་དང་སྦྱོར། །སྐུ་ཡི་གནས་ལྔར་བདེ་གཤེགས་རིགས་ལྔ་ལ། །དཔའ་བོ་མཁའ་འགྲོ་རྒྱ་མཚོའི་འཁོར་གྱིས་བསྐོར། །སྐྱབས་ཀུན་འདུས་པའི་བདག་ཉིད་ཆེན་པོར་གསལ། །བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བ་དོན་གྱི་སྐྱབས་སུ་འགྲོ། །(ཞེས་གསལ་གདབ་ལ།)ན་མོཿ གདོད་ནས་དག་པ་གཉུག་མའི་བབ༔ འོད་གསལ་འདུས་མ་བྱས་པའི་གདངས༔ འཕོ་འགྱུར་མེད་པ་དོན་གྱི་ལྷར༔ གཉིས་མེད་ངང་ནས་སྐྱབས་སུ་མཆི༔ (ཞེས་སྐྱབས་འགྲོ་དང་ཕྱག་འབུམ་ཐེར་གྲངས་བསགས། ཐུན་མཐར།) སྐྱབས་ཡུལ་རྣམས་ལས་འོད་ཟེར་དཀར་པོ་བྱུང་། །བདག་སོགས་འགྲོར་ཐིམ་སྒྲིབ་བྱང་འོད་དུ་ཞུ། །སྐྱབས་ཡུལ་ལ་ཐིམ་འཁོར་རྣམས་གཙོ་བོར་འདུས། །དེའང་མི་དམིགས་སྤྲོས་བྲལ་ཆེན་པོར་བཞག (གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་ལ་བློ་བཞག་པ་ནི།)ཧོཿ མེད་བཞིན་སྣང་བ་འཁྲུལ་པའི་འགྲོ༔ རང་རིག་ཆེན་པོར་རོ་མཉམ་ཀྱང་༔ གསང་ཆེན་ཐབས་ཀྱིས་ཆོད་པ་རྣམས༔ ཡེ་ཤེས་དབྱིངས་སུ་(3བ)འགོད་པར་བྱ༔ (ཞེས་གྲངས་བསགས། ཐུན་མཐར་དགེ་བ་བསྔོ། གསུམ་པ་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི།)ཨཱཿ བདག་ཉིད་ཐ་མལ་སྤྱི་གཙུག་ཏུ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །དཔལ་ལྡན་བླ་མ་རྡོ་རྗེ་སེམས། །དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན། །རང་འོད་རིག་མར་སྙོམས་པར་ཞུགས། ཐུགས་ཀར་ཟླ་སྟེང་ཧཱུཾ་ཡིག་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ། །སྐུ་དང་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་བདུད་རྩིའི་རྒྱུན་བཅས་བབས། །རང་གི་ཚངས་པའི་སྒོ་ནས་ཞུགས། །ལུས་གང་ནད་གདོན་སྡིག་སྒྲིབ་དག །དྭངས་གསལ་འོད་ཀྱི་རང་བཞིན་གྱུར། (ཞེས་བརྗོད་ཅིང་བསམ་ལ། ཡི་གེ་བརྒྱ་པ་གྲངས་མང་བཟླ། ཐུན་མཐར།)བླ་མ་རྡོ་རྗེ་སེམས་དཔའ་ཉིད། །དགྱེས་པ་ཆེན་པོས་འོད་དུ་ཞུ། །རང་ལ་ཐིམ་པས་རང་ཉིད་ཀྱང་། །སྣང་སྟོང་སེམས་དཔའི་སྐུ་རུ་གསལ། (ཞེས་བསམ་ལ། ཡི་གེ་དྲུག་པ་གྲངས་མང་བརྗོད། སེམས་མ་བཅོས་གཉུག་མའི་ངང་ལ་བཞག །ཚོགས་བསགས་མཎྜལ་ནི། ཚོམ་བུ་སོ་བདུན་མ་སྤྱི་ལྟར་དུ་ལན་གྲངས་ལ་ཁ་ཤས་ཕུལ་ཞིང་། གྲངས་བསོག་སྐབས་དོངས་གཞི་སྐུ་གསུམ་མཎྜལ་ནི།) ཨོཾ་ཨཱཿཧཱུཾ། ཕྱི་སྣོད་འཇིག་རྟེན་མཎྜ་ལར། མངོན་མཐོ་ལྷ་མིའི་འབྱོར་པས་བཀང་། །བླ་མ་སྤྲུལ་པའི་སྐུ་ལ་འབུལ། །(4ན)རང་ལུས་སྣོད་ཀྱི་མཎྜ་ལར། །ཁམས་དང་དབང་པོའི་མདངས་ཀྱིས་བརྒྱན། བླ་མ་ལོངས་སྤྱོད་རྫོགས་སྐུར་འབུལ། །སྟོང་གསལ་དབྱིངས་ཀྱི་མཎྜ་ལར། །རིག་གདངས་འགགས་མེད་རྒྱན་གྱིས་སྤྲས། །བླ་མ་ཆོས་ཀྱི་སྐུ་ལ་འབུལ། །ཁམས་གསུམ་སྣོད་བཅུད་རང་གྲོལ་ནས། །སྐུ་གསུམ་ཞིང་ཁམས་མངོན་གྱུར་ཤོག །ཨོཾ་ཨཱཿཧཱུྃ་སརྦ་གུ་རུ་མཎྜ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུཾ། (ཞེས་པས་འབུལ། བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་ནི།)ཨཱཿ སྣང་སྲིད་རྣམ་དག་འཇའ་ཟེར་ཐིག་ལེའི་ཀློང་། །རང་སེམས་རྣམ་དག་རྟ་མཆོག་ཧེ་རུ་ཀ །དམར་གསལ་རྡོ་རྗེ་ཕག་མོ་ཡུམ་དང་འཁྲིལ། །གྲི་གུག་ཐོད་འཛིན་ཕྱག་རྒྱ་ལྔ་ཡིས་སྤྲས། །སྤྱི་བོའི་ནམ་མཁར་འཇའ་ཛོན་འོད་ལྔའི་ཀློང་། །པདྨ་ཉི་ཟླ་མཛེས་པའི་གདན་གྱི་སྟེང་། །བཀའ་དྲིན་སུམ་ལྡན་རྩ་བའི་བླ་མ་ནི། །རྣམ་པ་འཆི་མེད་པདྨ་སམྦྷ་ཝ། །དཀར་གསལ་མཛེས་འཛུམ་མཚན་དཔེའི་རྒྱན་གྱིས་བརྒྱན། དབུ་ལ་འདབ་ལྡན་པདྨའི་སྙན་ཞུ་གསོལ། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས། །ཤེས་རབ་རང་བཞིན་སྦས་ཚུལ་ཁ་ཊྭཱཾ་འཁྱུད། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་དྲང་པོར་བཞུགས། །ཐེག་དགུ་ཡོངས་སུ་རྫོགས་པའི་ཆས་ཀྱིས་ཀླུབས། །(4བ)ཐུགས་ཀར་འོད་ལྔའི་ཐིག་ལེ་མཛེས་པའི་ཀློང་། །བདེ་ཆེན་རྡོ་རྗེ་ཆོས་སྐུ་ཚེ་དཔག་མེད། །དཀར་གསལ་མཉམ་བཞག་འཆི་མེད་ཚེ་བུམ་བསྣམས། །རང་འོད་ཡུམ་འཁྱུད་བདེ་སྟོང་ཡུམ་དང་འཁྲིལ། །ཕྱི་འཁོར་འོད་ལྔའི་དྲྭ་བས་མཛེས་པའི་ཀློང་། །གྲུབ་པའི་རིག་འཛིན་ཆེན་པོ་རྣམ་བརྒྱད། །རྗེ་འབངས་གྲུབ་ཐོབ་རྒྱ་མཚོའི་འཁོར་གྱིས་བསྐོར། །གསལ་སྟོང་མཉམ་གནས་ཆེན་པོའི་ངང་དུ་གསལ། །ཧཱུཾ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །(སོགས་ཚིག་བདུན་གསོལ་འདེབས་གྲངས་མང་བརྗོད་ལ་བྱིན་དབབ།)ཨོཾ་ཨཱཿཧཱུྃ། འཆི་མེད་ཚེ་ཡི་ལྷ་ཚོགས་ལ༔ དག་མཉམ་ཆེན་པོར་གུས་ཕྱག་འཚལ༔ ཡུལ་དབང་མཉམ་སྦྱོར་མཆོད་སྤྲིན་འབུལ༔ ཀུན་བརྟག་འཁྲུལ་པ་དབྱིངས་སུ་བཤགས༔ བློ་བྲལ་ཟབ་མོར་རྗེས་ཡི་རངས༔ བདེ་ཆེན་བརྡ་ཡི་ཆོས་འཁོར་བསྐོར༔ འཕོ་བྲལ་ཆེན་པོར་བཞུགས་གསོལ་འདེབས༔ དགེ་ཚོགས་གཞོན་ནུ་བུམ་སྐུར་བསྔོ༔ (ཞེས་ཡན་ལག་བདུན་པ་གྲངས་མང་བརྗོད་ཅིང་ཕྱག་འཚལ། དེ་ནས་གསོལ་བ་གདབ་པ་ནི།) སངས་རྒྱས་ཀུན་འདུས་གུ་རུ་རིན་པོ་ཆེ། །བཀའ་དྲིན་སུམ་ལྡན་རྩ་བའི་བླ་མ་ལ། །མི་ཕྱེད་གདུང་བ་དྲག་པོས་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །(ཞེས་གྲངས་བསོག །(5ན)ཐུན་མཐར།) དཔལ་ལྡན་བླ་མའི་སྐུ་ཡི་གནས་བཞི་ལས། །འོད་ཟེར་བདུད་རྩི་རིམ་དང་གཅིག་ཆར་འཕྲོས། །རང་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དབང་བཞི་ཐོབ་ཅིང་སྐུ་བཞི་མངོན་དུ་བྱས། །འཁོར་རྣམས་འོད་ཞུ་རྩ་བའི་བླ་མར་ཐིམ། །རྩ་བའི་བླ་མ་དཀོན་མཆོག་ཀུན་འདུས་ཉིད། །དགྱེས་པ་ཆེན་པོས་འོད་ཞུ་རང་ལ་ཐིམ། །རོ་མཉམ་ཀ་དག་ཆེན་པོའི་ངང་ལ་བཞག །(ཞེས་མ་བཅོས་གཉུག་མའི་ཤེས་པ་བསྐྱང་ལ། ཐུན་ལས་ལྡང་བ་ན། དགེ་རྩ་རྫོགས་བྱང་དུ་བསྔོ་ཞིང་བཀྲ་ཤིས་ཀྱིས་མཚམས་སྦྱར་བར་བྱའོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་བདུད་འཇོམས་ནམ་མཁའི་མིང་གིས་བྲིས་པ་དགེ། །།)