TTDL-ZABTER-10-THA-049: Difference between revisions

From Dudjom Wiki
TTDL-ZABTER-10-THA-049
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 10: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=khros ma nag mo
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=༡༠
|volyigtib=ཐ
|versonotes=bdud 'joms khros ma
|volumenumber=10
|volumenumber=10
|volumeLetter=THA
|volumeLetter=THA

Revision as of 07:08, 30 July 2024

Wylie title TTDL-ZABTER-10-THA-049.pdf
Location bdud 'joms gling pa zab gter
Volume 10, Text 49, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 10: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
[edit]
དབུ་ཁྲིད་༠༠༠༠༠༠༠༠བརྡ་ཡིག ༤༣༡ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་ཁྲོས་མའི་སྒོ་ནས་གཤིན་གདོན་འདུལ་བ་རྡོ་རྗེའི་གོ་ཆ་བཞུགས་སོ༔ དབུ་ཁྲིད་༠༠༠༠༠༠༠བརྡ་ཡིག ༤༣༢ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠༠༠བརྡ་ཡིག ༤༣༢ དེང་དུས་མི་རྣམས་ཤེས་རྒྱུད་འཁྲུགས༔ སེམས་ཅན་བསོད་ནམས་དམན་སྟོབས་ཀྱིས༔ མི་མཐུན་ནད་ཀྱི་ལ་ཡོག་འབྱུང་༔ ཀུན་འདུལ་མཁའ་འགྲོའི་འདུས་གནད་བསྟན༔ ས་མ་ཡ༔ དང་པོ་བཅའ་གཞིའི་རིམ་པ་ནི༔ ལྕགས་སྣོད་དམར་གཏོར་བཅུ་གཅིག་ལ༔ བ་ལིང་སྐྱུ་གུས་བརྒྱན་པར་བྱ༔ ཁྲག་སོགས་སྐྱེར་པའི་རྩང་གིས་བསྐོར༔ ཁྲོས་མའི་ང་རྒྱལ་ལྡན་པའི་ངང་༔ ཧཱུྃ་ཧཱུྃ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ འཁོར་འདས་ཐམས་ཅད་ང་ཡི་ངང་༔ རྒྱུ་རྐྱེན་ལས་འདས་གཞལ་ཡས་ཁང་༔ སྣང་སྲིད་ཐམས་ཅད་ཁྲག་ཏུ་རོལ༔ ང་ལས་ཆེ་བཙན་སུ་ཡང་མེད༔ དེ་ཕྱིར་སྣང་སྲིད་ལྷ་འདྲེ་རྣམས༔ རང་གི་ཆོ་འཕྲུལ་ལས་མི་གཞན༔ བསྒོ་བའི་བཀའ་དམ་ལ་གནས་མཛོད༔ རྡོ་རྗེའི་ཚིག་དཔང་གཉན་པོར་འབོད༔ མ་འདའ་བཛྲ་ས་མ་ཡ༔ ཕཊ་ཕཊ་ཕཊ༔ ཨོཾ་སྭ་བྷཱ་ཝ་སོགས༔ ཤུདྡྷོ྅་ཧཾ༔ གཏོར་མ་མི་དམིགས་སྟོང་པ་ཉིད༔ སྟོང་པའི་ངང་ལས་ལྷུན་གྲུབ་ཀྱི༔ གཞལ་ཡས་ཁང་པ་རྔམས་བརྗིད་འབར༔ དེ་དབུས་པད་ཉི་ཟླ་གདན་ལ༔ མདུན་བསྐྱེད་ཁྲོས་མ་ནག་མོའི་སྐུ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན༔ ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་པ༔ རལ་པ་དམར་སེར་སོགས༔ ས་མ་ཡ་ཛ་ཛཿ ལན་གསུམ་མཐར༔ ཕཊ༔ སྐྱེ་འགགས་འགྱུར་མེད་སོགས་ སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་པའི་མཇུག་ཏུ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མ་མ་ཚོགས་མཁའ་འགྲོ་རྒྱ་མཚོའི་བདེན་པའི་མཐུས་གདོན་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག༔ ལན་གསུམ་མཐར༔ ཤ་རི་ཁྲག་གི་རྒྱ་མཚོར་གྱུར༔ ཕཊ་ཕཊ་ཕཊ༔ དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མ༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་ཀྱིས༔ ཤ་ཁྲག་དམར་གཏོར་འདི་འབུལ་བཞེས༔ གཏི་མུག་ལས་བྱུང་ནད་གདོན་བགེགས༔ ཡུལ་མེད་ཟང་ཐལ་ངང་དུ་རོལ༔ ཆོས་དབྱིངས་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་ཀྱིས༔ ཤ་ཁྲག་དམར་གཏོར་འདི་འབུལ་བཞེས༔ ཞེ་སྡང་ལས་བྱུང་ནད་གདོན་བགེགས༔ ཡུལ་མེད་ཟང་ཐལ་ངང་དུ་རོལ༔ མེ་ལོང་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་ཀྱིས༔ ཤ་ཁྲག་དམར་གཏོར་འདི་འབུལ་བཞེས༔ འདོད་ཆགས་ལས་བྱུང་ནད་གདོན་བགེགས༔ ཡུལ་མེད་ཟང་ཐལ་ངང་དུ་རོལ༔ མཉམ་ཉིད་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མ༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་ཀྱིས༔ ཤ་ཁྲག་དམར་གཏོར་འདི་འབུལ་བཞེས༔ འདོད་ཆགས་ལས་བྱུང་ནད་གདོན་བགེགས༔ ཡུལ་མེད་ཟང་ཐལ་ངང་དུ་རོལ༔ སོར་རྟོག་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མ༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་ཀྱིས༔ ཤ་ཁྲག་དམར་གཏོར་འདི་འབུལ་བཞེས༔ ཕྲག་དོག་ལས་བྱུང་ནད་གདོན་བགེགས༔ ཡུལ་མེད་ཟང་ཐལ་ངང་དུ་རོལ༔ བྱ་གྲུབ་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ སྟེང་ཕྱོགས་མཁའ་སྤྱོད་མཁའ་འགྲོ་མ༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་ཀྱིས༔ ཤ་ཁྲག་དམར་གཏོར་འདི་འབུལ་བཞེས༔ དུག་གསུམ་ལས་བྱུང་ནད་གདོན་བགེགས༔ ཡུལ་མེད་ཟང་ཐལ་ངང་དུ་རོལ༔ གསལ་སྟོང་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཤར་ལྷོ་ཤ་ཟ་མཁའ་འགྲོ་མ༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་ཀྱིས༔ ཤ་ཁྲག་དམར་གཏོར་འདི་འབུལ་བཞེས༔ ཉོན་ཡིད་ལས་བྱུང་ནད་གདོན་བགེགས༔ ཡུལ་མེད་ཟང་ཐལ་ངང་དུ་རོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ལྷོ་ནུབ་འཇིག་རྟེན་མཁའ་འགྲོ་མ༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་ཀྱིས༔ ཤ་ཁྲག་དམར་གཏོར་འདི་འབུལ་བཞེས༔ ཀུན་གཞི་ལས་བྱུང་ནད་གདོན་བགེགས༔ ཡུལ་མེད་ཟང་ཐལ་ངང་དུ་རོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ནུབ་བྱང་དམ་ཚིག་མཁའ་འགྲོ་མ༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་ཀྱིས༔ ཤ་ཁྲག་དམར་གཏོར་འདི་འབུལ་བཞེས༔ རྣམ་ཤེས་ལས་བྱུང་ནད་གདོན་བགེགས༔ ཡུལ་མེད་ཟང་ཐལ་ངང་དུ་རོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ བྱང་ཤར་ཐམས་ཅད་མཁའ་འགྲོ་མ༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་ཀྱིས༔ ཤ་ཁྲག་དམར་གཏོར་འདི་འབུལ་བཞེས༔ སྒོ་ལྔ་ལས་བྱུང་ནད་གདོན་བགེགས༔ ཡུལ་མེད་ཟང་ཐལ་ངང་དུ་རོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ འོག་ཕྱོགས་ས་སྤྱོད་མཁའ་འགྲོ་མ༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་ཀྱིས༔ ཤ་ཁྲག་དམར་གཏོར་འདི་འབུལ་བཞེས༔ གཟུང་འཛིན་ལས་བྱུང་ནད་གདོན་བགེགས༔ ཡུལ་མེད་ཟང་ཐལ་ངང་དུ་རོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སྲི་གདོན་སརྦ་ཁུག་ཛ་རྦད་ནན༔ དེ་ནས་བསྡུ་སྣོད་བསྐྱེད་པ་ནི༔ ཨེ་ཡཾ་ཕཊ༔ བདུད་ཀྱི་ཕོ་བ་ལས་གྲུབ་པའི་བསྡུ་སྣོད་ནག་པོ་སྡིག་པ་རཱ་ཙའི་དབྱིབས་སུ་འདུག་པ་འཇིགས་ཤིང་གཏུམ་པའི་ཉམས་བརྒྱར་འབར་བའི་ནང་དུ་གནོད་བྱེད་སྲི་གདོན་ཐམས་ཅད་འདུས་པའི་ངོ་བོ་རཱུ་པ་སྔོ་ཞིང་རིད་པ་རྐང་ལག་ལྕགས་སྒྲོག་གིས་བསྡམ་པ་ཉམ་ཐག་དབུགས་དང་བྲལ་ལ་ཁད་འདར་ཕྲི་ལི་ལི་བྱེད་པར་གྱུར༔ སྙིང་གར་ནྲྀ་ཏྲི་ལས་འོད་འཕྲོས་པས་གནོད་བྱེད་སྲི་ངན་རྣམས་ཆུ་ལ་ཆར་ཐིམ་པ་བཞིན་དུ་ལིངྒ་ལ་འདུས་ཤིང་ཐིམ་པར་གྱུར༔ དེ་ནས་འགུགས་པ་ནི༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་རྣམ་པར་དག་ཅིང་ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པ་དང་༔ ཁྱད་པར་དུ་མ་ཅིག་ཁྲོས་མ་ནག་མོ་ལྷ་ལྔ་འབུམ་ཕྲག་མཁའ་འགྲོའི་མ་ཚོགས་རྣམས་ཀྱི་བདེན་པའི་མཐུས་གནོད་བྱེད་སྲི་གདོན་ཐམས་ཅད་ལིངྒ་འདི་ལ་ཁུག་ཅིག༔ ཛཿ ཧཱུྃ་བཾ་ཧོཿ ལན་དགུའི་མཐར་བདེན་ཆུང་བརྒྱ་རྩ་བརྗོད་མཐར༔ སླར་འགུགས་པ་ནི༔ ཕཊ་ཕཊ་ཕཊ༔ མ་དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མའི༔ ཐུགས་རྒྱུད་བསྐུལ་ལོ་དབྱིངས་ནས་བཞེངས༔ འབུམ་ཕྲག་མཁའ་འགྲོའི་སྤྲུལ་པ་འགྱེད༔ ལས་བྱེད་ལྷ་འདྲེའི་ཚོགས་བཅས་ཀྱིས༔ གྲི་སྲི་ཤི་སྲི་ཆུང་སྲི་ཁུག༔ གཞོན་སྲི་དར་སྲི་ནད་སྲི་ཁུག༔ གོད་སྲི་དུར་སྲི་གནོད་བྱེད་ཁུག༔ ཚེ་འདས་བླ་ཡིད་སེམས་གསུམ་ཁུག༔ མཐོ་སྲིད་པའི་རྩེ་མོ་མན་ཆད་ནས༔ མནར་མེད་དམྱལ་བ་ཡན་ཆད་ཀྱི༔ གནོད་བྱེད་སྲི་གདོན་ཐམས་ཅད་ཁུག༔ དམིགས་བྱ་བྱང་བུ་འདི་ལ་ཁུག༔ ཨོཾ་བུདྡྷ་ཌཱ་ཀི་ནཱི་བྃ་ཧ་རི་ནི་ས་སྲི་གདོན་སརྦ་ཁུག་ཛཿ ཕཊ་ཕཊ་ཕཊ༔ མ་ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མའི༔ ཐུགས་རྒྱུད་བསྐུལ་ལོ་དབྱིངས་ནས་བཞེངས༔ འབུམ་ཕྲག་མཁའ་འགྲོའི་སྤྲུལ་པ་འགྱེད༔ ལས་བྱེད་ལྷ་འདྲེའི་ཚོགས་བཅས་ཀྱིས༔ གྲི་སྲི༴ གཞོན་སྲི༴ གོད་སྲི༴ ཚེ་འདས་བླ༴ མཐོ་སྲིད་པའི༴ མནར་མེད༴ གནོད་བྱེད༴ དམིགས་བྱ༴ ཨོཾ་བཛྲ་ཌཱ་ཀི་ནཱི་བྃ་ཧ་རི་ནི་ས་སྲི་གདོན་སརྦ་ཁུག་ཛཿ ཕཊ་ཕཊ་ཕཊ༔ མ་ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མའི༔ ཐུགས་རྒྱུད་སོགས་ འདི་ལ་ཁུག༔ ཨོཾ་རཏྣ་ཌཱ་ཀི་ནཱི་བྃ་ཧ་རི་ནི་ས་སྲི་གདོན་སརྦ་ཁུག་ཛཿ ཕཊ་ཕཊ་ཕཊ༔ མ་ནུབ་ཕྱོགས་པདྨ་མཁའ་འགྲོ་མའི༔ ཐུགས་རྒྱུད་སོགས༔ ཨོཾ་པདྨ་ཌཱ་ཀི་ནཱི་བྃ་ཧ་རི་ནི་ས་སྲི་གདོན་སརྦ་ཁུག་ཛཿ ཕཊ་ཕཊ་ཕཊ༔ མ་བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མའི༔ ཐུགས་རྒྱུད་སོགས༔ ཨོཾ་ཀརྨ་ཌཱ་ཀི་ནཱི་བྃ་ཧ་རི་ནི་ས་སྲི་གདོན་སརྦ་ཁུག་ཛཿ ཕཊ་ཕཊ་ཕཊ༔ མ་སྟེང་ཕྱོགས་མཁའ་སྤྱོད་མཁའ་འགྲོ་མའི༔ ཐུགས་རྒྱུད་སོགས༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སྲི་གདོན་སརྦ་ཁུག་ཛཿ ཕཊ་ཕཊ་ཕཊ༔ མ་མཚམས་བཞི་ལས་བྱེད་མཁའ་འགྲོ་མའི༔ ཐུགས་རྒྱུད་སོགས༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སྲི་གདོན་སརྦ་ཁུག་ཛཿ ཕཊ་ཕཊ་ཕཊ༔ མ་འོག་ཕྱོགས་ས་སྤྱོད་མཁའ་འགྲོ་མའི༔ ཐུགས་རྒྱུད་སོགས༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སྲི་གདོན་སརྦ་ཁུག་ཛཿ དེ་ནས་གབ་བརྐུང་ཕུད་པ་ནི༔ ཕཊ་ཕཊ་ཕཊ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ་བྱེ་བ་འབུམ་དང་བཅས༔ བཀའ་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས༔ ཐུགས་རྒྱུད་བསྐུལ་ལོ་དབྱིངས་ནས་བཞེངས༔ སྤྲུལ་པས་སྣང་སྲིད་གང་བར་མཛོད༔ གནོད་བྱེད་སྲི་གདོན་མ་ལུས་པ༔ གཟུགས་དང་གཟུགས་མེད་གང་གནས་ན༔ གབ་ཡུལ་དེ་ནས་ཁུག་ལ་ཤོག༔ མིང་གཟུགས་འདི་ལ་བསྟིམ་པར་མཛོད༔ ཕཊ་ཕཊ་ཕཊ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ་བྱེ་བ་འབུམ་དང་བཅས༔ བཀའ་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས༔ ཐུགས་རྒྱུད་བསྐུལ་ལོ་དབྱིངས་ནས་བཞེངས༔ སྤྲུལ་པས་སྣང་སྲིད་གང་བར་མཛོད༔ གནོད་བྱེད་སྲི་གདོན་མ་ལུས་པ༔ གཟུགས་དང་གཟུགས་མེད་གང་གནས་ན༔ གབ་ཡུལ་དེ་ནས་ཁུག་ལ་ཤོག༔ མིང་གཟུགས་འདི་ལ་བསྟིམ་པར་མཛོད༔ ཕཊ་ཕཊ་ཕཊ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ་སོགས་ བསྟིམ་པར་མཛོད༔ ཕཊ་ཕཊ་ཕཊ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ་སོགས༔ ཕཊ་ཕཊ་ཕཊ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ་སོགས༔ ཕཊ་ཕཊ་ཕཊ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ སྟེང་མཁའ་སྤྱོད་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ་སོགས༔ ཕཊ་ཕཊ་ཕཊ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ མཚམས་ལས་བྱེད་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ་སོགས༔ ཕཊ་ཕཊ་ཕཊ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ འོག་ས་སྤྱོད་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ་སོགས༔ ཕཊ་ཕཊ་ཕཊ༔ དེ་ནས་ཐུན་རྫས་གདབ་པ་ནི༔ ཧཱུྃ༔ དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མ༔ མཐིང་ནག་ཕག་གི་གདོང་པ་ཅན༔ ཕྱག་གཡས་འཁོར་ལོ་འབར་བ་བསྣམས༔ གཡོན་པས་རི་རབ་ཐོག་ཆེན་འབེབས༔ དབལ་ཐོབ་ས་ཁམས་རང་གཤེད་ཕོབས༔ ཉོན་མོངས་ཡེ་ཤེས་རྒྱས་ཐོབ་ཅིག༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་གནོད་བྱེད་ཛ་རྦད་ནན༔ ཧཱུྃ༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔ དཀར་མོ་སྦྲུལ་གྱི་གདོང་པ་ཅན༔ ཕྱག་གཡས་ལྕགས་ཀྱུ་འབར་བ་བསྣམས༔ གཡོན་པས་རྒྱ་མཚོ་ཆེན་པོ་འབེབས༔ སྙིང་གཟུགས་ཆུ་ཁམས་རང་གཤེད་ཕོབས༔ ཉོན་མོངས་ཡེ་ཤེས་རྒྱས་ཐོབ་ཅིག༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་གནོད་བྱེད་ཛ་རྦད་ནན༔ ཧཱུྃ༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ༔ སེར་ནག་རྟ་ཡི་གདོང་པ་ཅན༔ ཕྱག་གཡས་ཞགས་པ་འབར་བ་བསྣམས༔ གཡོན་པས་མེ་ཐུན་མཚོན་ཆ་འགྱེད༔ ཆིངས་ཤིག་མེ་ཁམས་རང་གཤེད་ཕོབས༔ ཉོན་མོངས་ཡེ་ཤེས་རྒྱས་ཐོབ་ཅིག༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་གནོད་བྱེད་ཛ་རྦད་ནན༔ ཧཱུྃ༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མ༔ དམར་ནག་རྒོད་ཀྱི་གདོང་པ་ཅན༔ ཕྱག་གཡས་ལྕགས་སྒྲོག་འབར་བ་བསྣམས༔ གཡོན་པས་རླུང་ཞགས་ཐུན་མཚོན་འགྱེད༔ སྡོམས་ཤིག་རླུང་ཁམས་རང་གཤེད་ཕོབས༔ ཉོན་མོངས་ཡེ་ཤེས་རྒྱས་ཐོབ་ཅིག༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་གནོད་བྱེད་ཛ་རྦད་ནན༔ ཧཱུྃ༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མ༔ ལྗང་ནག་ཁྱི་ཡི་གདོང་པ་ཅན༔ ཕྱག་གཡས་དྲིལ་བུ་འབར་བ་བསྣམས༔ གཡོན་པས་བྷནྡྷ་ཁྲག་ཆར་འབེབས༔ མྱོས་ཤིག་འཁོར་བ་རང་གཤེད་ཕོབས༔ ཉོན་མོངས་ཡེ་ཤེས་རྒྱས་ཐོབ་ཅིག༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་ཐུན་བྷྱོ་རྦད་སོད༔ གནོད་བྱེད་སྲི་གདོན་རྦད་སོད་བྷྱོ་ནན༔ ཟོར་ཆ་དགུ་པོ་ཐོགས་ལ༔ མ་ཁྲོས་མ་ནག་མོ་དབྱིངས་ནས་བཞེངས༔ ཕུར་པའི་དབལ་ཟོར་ཐོག་ལྟར་ཕོབས༔ ཡུངས་དཀར་རྦབ་ཐུན་ཁྲོ་ལོ་ལོ༔ ཁྲག་གི་མཚོ་མོ་ཆུ་རུ་རུ༔ མཚེ་མདའ་དྲག་པོ་རླུང་ལྟར་འཚུབས༔ དུག་གི་བུ་ཡུག་སེར་ཆེན་འབེབས༔ མཚོན་ཆ་དྲག་པོ་གཟེངས་སེ་གཟེང་༔ མདའ་ཐུན་སྐར་ལྟར་ཁྲིགས་སེ་ཁྲིག༔ རྡོ་ཆར་འབར་བ་སྒྱོག་གི་ཆར༔ གཏོར་མ་རྔམས་བརྗིད་ཡོ་ལོག་ཕོབས༔ གནོད་བྱེད་མིང་ཙམ་མེད་པར་མཛོད༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་ཐུན་བྷྱོ་རྦད་སོད༔ དེ་ནས་སྲི་གདོན་དབྱེ་བ་ནི༔ རང་ཉིད་ཁྲོས་མའི་ཐུགས་ཀ་ནས་འོད་དང་འོད་ཟེར་འཕྲོས་པས་སྲི་གདོན་གནོད་བྱེད་ཐམས་ཅད་དང་༔ ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་ཐམས་ཅད་སོ་སོར་དབྱེ་བར་བསམ༔ རྩ་སྔགས་མཇུག༔ སརྦ་ནྲྀ་ཕྱེས་ཕྱེས་ཁྲོལ་ཤིག་སྭཱ་ཧཱ༔ ཅི་རིགས་མཐར༔ དེ་ནས་བརྡུང་བཅག་བྱ་བ་ནི༔ ཕཊ་ཕཊ་ཕཊ༔ དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མའི༔ ཕྱག་གཡས་གནམ་ལྕགས་ཐོ་བ་བརྡེག༔ གཡོན་པས་སྲི་གདོན་སྐེ་ནས་བཟུང་༔ ཤ་རུས་ཕྱེས་ལ་རྡུལ་དུ་རློགས༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་ཏྲི་ཛ་རྦད་སོད༔ ཕཊ་ཕཊ་ཕཊ༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མའི༔ ཕྱག་གཡས་གནམ་ལྕགས་ཐོ་བ་བརྡེག༔ གཡོན་པས་སྲི་གདོན་སྐེ་ནས་བཟུང་༔ ཤ་རུས་ཕྱེས་ལ་རྡུལ་དུ་རློགས༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་ཏྲི་ཛ་རྦད་སོད༔ ཕཊ་ཕཊ་ཕཊ༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མའི༔ ཕྱག་གཡས༴ གཡོན་པས༴ ཤ་རུས༴ ཨོཾ་བཛྲ༴ ཕཊ་ཕཊ་ཕཊ༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མའི༔ ཕྱག་གཡས༴ གཡོས་པས༴ ཤ་རུས༴ ཨོཾ་བཛྲ༴ ཕཊ་ཕཊ་ཕཊ༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མའི༔ ཕྱག་གཡས༴ གཡོན་པས༴ ཤ་རུས༴ ཨོཾ་བཛྲ༴ ཕཊ་ཕཊ་ཕཊ༔ སྟེང་ཕྱོགས་མཁའ་སྤྱོད་མཁའ་འགྲོ་མའི༔ ཕྱག་གཡས༴ གཡོན་པས༴ ཤ་རུས༴ ཨོཾ་བཛྲ༴ ཕཊ་ཕཊ་ཕཊ༔ ཤར་ལྷོ་ཤ་ཟ་མཁའ་འགྲོ་མའི༔ ཕྱག་གཡས༴ གཡོན་པས༴ ཤ་རུས༴ ཨོཾ་བཛྲ༴ ཕཊ་ཕཊ་ཕཊ༔ ལྷོ་ནུབ་འཇིག་རྟེན་མཁའ་འགྲོ་མའི༔ ཕྱག་གཡས༴ གཡོན་པས༴ ཤ་རུས༴ ཨོཾ་བཛྲ༴ ཕཊ་ཕཊ་ཕཊ༔ ནུབ་བྱང་དམ་ཚིག་མཁའ་འགྲོ་མའི༔ ཕྱག་གཡས༴ གཡོན་པས༴ ཤ་རུས༴ ཨོཾ་བཛྲ༴ ཕཊ་ཕཊ་ཕཊ༔ བྱང་ཤར་ཐམས་ཅད་མཁའ་འགྲོ་མའི༔ ཕྱག་གཡས༴ གཡོན་པས༴ ཤ་རུས༴ ཨོཾ་བཛྲ༴ ཕཊ་ཕཊ་ཕཊ༔ འོག་ཕྱོགས་ས་སྤྱོད་མཁའ་འགྲོ་མའི༔ ཕྱག་གཡས༴ གཡོན་པས༴ ཤ་རུས༴ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་ཏྲི་ཛ་རྦད་སོད༔ དེ་ནས་ཨེ་ཁང་བསྐྱེད་པ་ནི༔ ཨེ་ཛཿ མདུན་དུ་གྲུ་གསུམ་ལྕགས་ཁང་འབར་བ་དུག་ལྔ་འདུས་པའི་རང་གཟུགས་ཕོ་ཉའི་འདུ་འཕྲོ་སྐར་ལྟར་གཏམས་པའི་ནང་དུ་ཏྲི་ལས་གནོད་བྱེད་སྲི་གདོན་ཐམས་ཅད་འདུས་པའི་ངོ་བོ་རཱུ་པ་མི་སྡུག་པའི་མཚན་ཉིད་ཐམས་ཅད་རྫོགས་པར་གྱུར༔ དེ་ནས་ཕུར་པ་གདབ་པ་ནི༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ཕུར་པ་ཉིད༔ དུག་གསུམ་འཁྲུལ་པའི་གདོན་ལ་གདབ༔ སྐུ་ལྔ་ཡེ་ཤེས་ཕུར་པ་ཉིད༔ དུག་ལྔ་འཁྲུལ་པའི་གདོན་ལ་གདབ༔ ཆོས་ཕུང་བརྒྱད་ཁྲིའི་ཕུར་པ་ཉིད༔ ཉོན་མོངས་འཁྲུལ་པའི་གདོན་ལ་གདབ༔ ཐབས་དང་ཤེས་རབ་ཕུར་པ་ཉིད༔ གཟུང་འཛིན་འཁྲུལ་པའི་གདོན་ལ་གདབ༔ རྣམ་ཤེས་འཁྲུལ་མི་ཤེས་པར་སྒྲོལ༔ ཀ་དག་དབྱིངས་སུ་བྱང་ཆུབ་ཤོག༔ ཕཊ་ཕཊ་ཕཊ༔ དེ་ནས་འདུལ་ཆས་གདབ་པ་ནི༔ ཕཊ༔ བསྐལ་པའི་ལྕགས་ཁང་མུན་པའི་ཁམས༔ འོད་གསལ་ངང་དུ་ད་ཁོབ་ཅིག༔ ཤེས་རབ་རང་བྱུང་རལ་གྲི་འདི༔ མཁྱེན་གཉིས་ཡེ་ཤེས་ངང་དུ་ཐོབ༔ ཆོས་ཉིད་སྟོང་པའི་བསྡུ་སྣོད་འདི༔ ཆོས་ཅན་རིག་པས་ཆིངས་སུ་ཆུག༔ འཁོར་འདས་རྒྱུ་འབྲས་དཀར་ནག་གཡབ༔ རྣམ་ཀུན་མཆོག་ལྡན་ངང་དུ་ཐོབ༔ སྲིད་ཞི་དབྱེར་མེད་ཞགས་པ་འདི༔ ཀུན་ཁྱབ་བདེ་སྟོང་ངང་དུ་རོལ༔ ཡེ་ནས་ཡེ་ཤེས་རང་ཞལ་སྤྲོད༔ འཛིན་མེད་དབུས་མཐའ་བྲལ་བར་སངས༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་ཏྲི་ཛ་གནོད་བྱེད་སརྦ་ཛ་རྦད་ནན༔ བརྒྱ་རྩ་བརྗོད༔ གདོད་ནས་རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད༔ གཟུང་འཛིན་དྲི་མའི་བག་ཆགས་ཐམས་ཅད་བྲལ༔ རེ་དང་དོགས་པའི་མཚན་མ་དམིགས་གཏད་འདས༔ སྐུ་གསུམ་ཡེ་ཤེས་ཆེན་པོར་བྱང་ཆུབ་ཀྱང་༔ ང་མེད་ངར་འཛིན་འཁྲུལ་པའི་རྟེན་འབྱུང་ཁམས༔ གནོད་བྱེད་གློ་བུར་གྲུབ་པ་ང་ཡི་བ༔ འདུལ་བྱེད་གཉེན་པོ་བདག་མེད་ཤེས་རབ་ཉིད༔ ཟབ་དོན་གཅོད་ཀྱི་གདམས་པར་ཡོངས་ཤར་བ༔ གནོད་བྱེད་ཕྱི་ན་མེད་དེ་ནང་གི་སེམས༔ གཟུང་འཛིན་འཁྲུལ་པའི་གདོན་ལ་བརྡེག་གྱུར་ན༔ ཡུལ་མེད་ཟང་ཐལ་སྟོང་པའི་ངང་དུ་གྲོལ༔ ངང་བཞག་མཉམ་ཉིད་རྫོགས་པ་ཆེན་པོར་འདུལ༔ གཟུང་པའི་ཡུལ་ཀུན་ཕྱི་ཡི་བདེ་བ་ཆེ༔ ནང་གི་སེམས་འཛིན་སྟོང་པ་ཉིད་ཀྱི་ངང་༔ སྣང་སྟོང་ཆོས་སྐུའི་རོལ་པར་ཡེ་སངས་རྒྱས༔ ཐམས་ཅད་རིག་པ་བྱང་ཆུབ་ཞི་བར་གཤེགས༔ ཚུལ་བཞིན་ཤེས་པ་དོན་གྱི་རྣལ་འབྱོར་ཡིན༔ ཚོགས་ཆེན་གཉིས་རྫོགས་འབྲས་བུ་སྐུ་གསུམ་ཐོབ༔ དེ་མིན་གཟུང་འཛིན་རང་རྒྱུད་འཛིན་པ་ཡིས༔ ཅོལ་ཆུང་བརྟུལ་ཞུགས་ཆས་ལ་ཞུགས་ཤིང་སྤྱོད༔ ཁ་གདངས་མིག་བསྒྲད་ཟན་དུམ་ཐུན་གྱིས་བསྒྲལ༔ རེ་དོགས་ཅན་རྣམས་མངོན་སུམ་གདོན་གྱིས་བརླབས༔ རང་གཞན་གཉིས་ཕུང་སྙིང་རྗེའི་གནས་སུ་གྱུར༔ དེ་ཕྱིར་ཡང་དག་ལམ་བཟང་བརྟེན་པར་མཛོད༔ བཀའ་འདི་སྲོག་བདག་རྣམ་ལྔས་སྲུང་སྐྱོབས་དང་༔ གཉེར་ལས་མཛོད་ལ་དམ་ཉམས་སྙིང་ཁྲག་རོལ༔ དམ་ལྡན་རྣམས་ལ་གཏད་མཛོད་བཀའ་ཡི་སྲུང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་པ་སྤོམ་བློ་གྲོས་རྒྱ་མཚོའི་སྐྱེ་སྲིད་འཛིན་པ་བློ་ཆོས་ཀྱིས་ནན་བསྐུལ་ངོར་རྒད་པོ་པདྨ་འགྲོ་འདུལ་གསང་སྔགས་གླིང་པས་གཏེར་ཆེན་བླ་མའི་གཏེར་བྱོན་ཟབ་དོན་ཁྲོས་མའི་སྐོར་ལས་རྡོ་སྟོད་བྲག་དཀར་ཨོ་རྒྱན་གཤིན་རྗེའི་རྫོང་ནས་བྲིས་པའོ། །དགེའོ། །དགེའོ། །དགེའོ།། །།དབུ་ཁྲིད་༠༠༠༠༠༠བརྡ་ཡིག ༤༤༦ དཀོན་མཆོག་གསུམ་གྱིས་བདེན་པ་དང་༔ རྩ་བ་གསུམ་གྱི་ཐུགས་རྗེ་དང་༔ མཁའ་འགྲོ་ཆོས་སྐྱོང་ནུས་མཐུ་ཡིས༔ གནོད་བྱེད་སྲི་གདོན་གང་ཡིན་པ༔ ལིང་ཀ་འདི་ལ་མྱུར་དུ་ཁུག༔