TTDL-ZABTER-10-THA-053: Difference between revisions
No edit summary |
No edit summary |
||
| Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=དག་སྣང་ཡེ་ཤེས་དྲྭ་བ་ལས༔ གཤིན་པོ་རྗེས་འཛིན་འདུལ་དཀར་གྱི་ཆོ་ག་ཐུགས་རྗེའི་ཆུ་རྒྱུན༔ | |||
|fulltitle=dag snang ye shes drwa ba las gshin po rjes 'dzin 'dul dkar gyi cho ga thugs rje'i chu rgyun | |||
|citation=Khrag 'thung [[Bdud 'joms gling pa]]. ''Dag snang ye shes drwa ba las gshin po rjes 'dzin 'dul dkar gyi cho ga thugs rje'i chu rgyun''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 10: 491-505. Thimphu, Bhutan: Lama Kuenzang Wangdue, 2004. | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|collectiontitle=bdud 'joms gling pa zab gter | |collectiontitle=bdud 'joms gling pa zab gter | ||
|author=bdud 'joms gling pa | |author=bdud 'joms gling pa | ||
|sourcerevealer=bdud 'joms gling pa | |sourcerevealer=bdud 'joms gling pa | ||
| | |tibgenre=Funerary Rituals - gnas lung - byang chog | ||
|terma=Yes | |terma=Yes | ||
|deity=khros ma nag mo | |deity=khros ma nag mo | ||
| Line 15: | Line 15: | ||
|cycletib=དག་སྣང་ཡེ་ཤེས་དྲྭ་བ་ | |cycletib=དག་སྣང་ཡེ་ཤེས་དྲྭ་བ་ | ||
|language=Tibetan | |language=Tibetan | ||
|volumenumber=10 | |||
|volnumtib=༡༠ | |volnumtib=༡༠ | ||
|volyigtib=ཐ | |volyigtib=ཐ | ||
|totalvolumes=21 | |||
|textnuminvol=053 | |||
|pagenumbers=491-505 | |||
|totalpages=15 | |||
|beginfolioline=1a1 | |||
|endfolioline=8a6 | |||
|totalfolios=8 | |||
|multivolumework=No | |||
|rectonotes='dul dkar | |||
|versonotes=bdud 'joms khros ma | |versonotes=bdud 'joms khros ma | ||
| | |colophontib=ཞེས་པ་འདི་ཉིད་བློ་གྲོས་ཀྱིས་བསྐུར་ངོར་ཀློང་ཆེན་རབ་འབྱམས་དགྱེས་པའི་རྡོ་རྗེས་སོ། །དགེའོ། །དགེའོ། །དགེའོ།། | ||
|colophonwylie=zhes pa 'di nyid blo gros kyis bskur ngor klong chen rab 'byams dgyes pa'i rdo rjes so/_/dge'o/_/dge'o/_/dge'o// | |||
|pdflink=File:TTDL-ZABTER-10-THA-053.pdf | |||
|authortib=བདུད་འཇོམས་གླིང་པ་ | |||
|sourcerevealertib=བདུད་འཇོམས་གླིང་པ་ | |||
|volumeLetter=THA | |volumeLetter=THA | ||
|InitCategories=Dudjom Tersar Project; TTDL-ZABTER-Volume-10-THA | |InitCategories=Dudjom Tersar Project; TTDL-ZABTER-Volume-10-THA | ||
}} | }} | ||
| Line 27: | Line 39: | ||
<onlyinclude> | <onlyinclude> | ||
{{TibP|༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ གཤིན་པོ་རྗེས་འཛིན་འདུལ་དཀར་གྱི་ཆོ་ག་ཐུགས་རྗེའི་ཆུ་རྒྱུན་བཞུགས་སོ༔ | {{TibP|༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ གཤིན་པོ་རྗེས་འཛིན་འདུལ་དཀར་གྱི་ཆོ་ག་ཐུགས་རྗེའི་ཆུ་རྒྱུན་བཞུགས་སོ༔ | ||
༁ྃ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ | |||
༁ྃ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) དུས་གསུམ་སངས་རྒྱས་ཐམས་ཅད་ཀུན༔ ཆོས་ཉིད་དབྱིངས་སུ་རོ་གཅིག་པའི༔ ངོ་བོ་སྐུ་གསུམ་མཁའ་འགྲོ་མའི༔ སྒོ་ནས་གཤིན་པོ་རྗེས་འཛིན་པའི༔ ཆོ་ག་ཐུགས་རྗེའི་ཆུ་རྒྱུན་བསྟན༔ བུམ་པ་རྫས་ལྡན་མགུལ་ཆིངས་མཐིང་༔ ཉེར་སྤྱོད་མཆོད་པ་བསྐོར་བཤམས་བྱ༔ བདག་བསྐྱེད་སྔོན་དུ་སོང་བའི་མཐར༔ ཨོཾ་མ་ཧཱའ་ཤུ་ནྱ་ཏཱ༴ བུམ་པ་མི་དམིགས་སྟོང་པའི་ངང་༔ རིན་ཆེན་སྣ་ཚོགས་ལས་གྲུབ་པའི༔ མཚན་ཉིད་ཡོངས་རྫོགས་གཞལ་མེད་ཁང་༔ རྒྱ་ཆེ་བཀོད་པ་ལྷུན་རྫོགས་ནང་༔ ཆུ་དང་བཅུད་ཀྱིས་གཏམས་པའི་དབུས༔ ཡལ་ག་རབ་རྒྱས་པདྨའི་སྟེང་༔ ཉི་མ་ཟླ་བའི་གདན་སྟེང་དུ༔ རྡོ་རྗེ་མཁའ་འགྲོ་སྐུ་མདོག་དཀར༔ རྒྱན་དང་ཆ་ལུགས་རྫོགས་པར་གསལ༔ ཐུགས་ཀར་ཟླ་བའི་གདན་སྟེང་དུ༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་འཕྲོ་འདུས་དོན་གཉིས་བྱས༔ སྐུ་ལས་བདུད་རྩིའི་རྒྱུན་བབ་པས༔ བུམ་པ་ཡོངས་སུ་ཁེངས་པར་གྱུར༔ ཨོཾ་བཛྲ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བརྒྱ་རྩ་བརྗོད་མཐར༔ ཨོཾ་བཛྲ་ཌཱ་ཀི་ནཱི་སརྦ་ས་པ་རི་ཝཱ་ར་ཨརྒྷཾ་སོགས༔ ཤཔྟ་པྲ་ཏཱིཙྪ་ཡེ་སྭ་ཧཱ༔ ཧཱུྃ༔ མ་བཅོས་སྤྲོས་བྲལ་ཟབ་ཞི་འོད་གསལ་ངང་༔ ལྷུན་གྲུབ་སྒྱུ་འཕྲུལ་འཁོར་ལོའི་བཀོད་པ་ངོམས༔ ཐུགས་རྗེའི་རྒྱུན་གྱིས་འགྲོ་བའི་སྡུག་བསྔལ་སྐྱོབ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྫོགས་ལ་བསྟོད༔ ལྷ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་གཉིས་སུ་མེད་པར་གྱུར༔ དེ་ནས་རྟེན་བསྐྱེད་ནི༔ ཨོཾ་མ་ཧཱ་ཤུུ་ནྱ་ཏཱ་སོགས༔ རང་མདུན་ཡེ་ཤེས་ལྔ་ཡི་གུར་ཁང་ཡངས་པའི་ནང་དུ་ནྲྀཿ ལས་དམིགས་ཡུལ་ཚེ་ལས་འདས་པའི་ཕུང་ཁམས་སྐྱེ་མཆེད་གསོན་པོའི་གནས་སྐབས་ཇི་ལྟ་བ་བཞིན་དུ་བསྐྱེད་དོ༔ རང་གི་ཐུགས་ཀའི་ཧཱུྃ་དང་ཁོ་ཡི་སྙིང་གའི་ནྲྀཿ ལས་འོད་འཕྲོས་པས་ཚེ་འདས་ཀྱི་རྣམ་ཤེས་འཇིག་རྟེན་བདུན་པོ་གང་ན་གནས་པའི་ས་ནས་བཀུག་སྟེ་གཟུགས་བྱང་ལ་ཐིམ་པར་གྱུར༔ ན་མོ༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ སྐུ་གསུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཚོགས་རྣམས་ཀྱི་བཀའ༴ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་ཅིང་༔ ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པའི་མཐུས་དམིགས་ཡུལ་ཆེ་གེ་མོའི་རྣམ་པར་ཤེས་པ་འཇིག་རྟེན་བདུན་པོ་གང་ན་གནས་པའི་ས་ནས་དམིགས་པའི་རྟེན་འདི་ལ་ཁུག་ཅིག༔ གསུམ་མམ་བདུན་དང་དགུ་སོགས་སྐབས་དང་བསྟུན༔ ཤིན་ཏུ་བག་ཕེབས་པའི་ངང་དུ་གནས་པར་བསམ༔ གླུད་གཏོར་བྱིན་རླབས་ནི༔ ཨོཾ་སྭ་བྷཱ་ཝ་སོགས༔ སྟོང་པའི་ངང་ལས་ཏྲཾཿ ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལན་ཆགས་བགེགས་ཀྱི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་ཨ་ཀཱ་རོ༴ ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ལན་གསུམ༔ ཨོཾ་སུམ་བྷ་ནི་སོགས་ལན་གསུམ་མཐར༔ ཧཱུྃ༔ ང་ནི་ཡེ་ཤེས་མཁའ་འགྲོའི་སྐུ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ འདོད་ཡོན་གླུད་གཏོར་འདི་ཁྱེར་ལ༔ གནས་འདིར་མ་འདུག་ཕྱིར་དེངས་ཤིག༔ རྩ་སྔགས་ཧཱུྃ་བཞིའི་སྔགས་ཀྱིས་བྲབ༔ དེ་ནས་སྲུང་གུར་ནི༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་རྟོགས་པའི་དབྱིངས༔ ཀུན་ཁྱབ་རྫོགས་པའི་གུར་ཁང་འཁྲིགས༔ མ་དག་འཁྲུལ་པའི་མཚན་འཛིན་བྲལ༔ ཡེ་ནས་ཀ་དག་ཆོས་སྐུ་ཆེ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ དེ་ནས་ངོ་སྤྲོད་གདབ་པ་ནི༔ ཀྱཻ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཁམས་གསུམ་འཁོར་བའི་གནས་རིགས་ཀུན༔ སྡུག་བསྔལ་གསུམ་གྱི་བཙོན་ཁང་སྟེ༔ དེ་ཕྱིར་ཆགས་འཛིན་ཞེན་པ་ཆོད༔ རང་རིག་སྐུ་གསུམ་རང་ཞལ་ལྟོས༔ མཉམ་ཉིད་ཡེ་ཤེས་ཆེན་པོའི་གདངས༔ ལྷུན་གྲུབ་འོད་ལྔར་ཞེན་པ་ལས༔ སྲིད་པ་གསུམ་གྱི་སྣང་བ་ཤར༔ དོན་ལ་རྨི་ལམ་ཇི་བཞིན་དུ༔ བདེན་པར་གནས་པ་གཅིག་ཀྱང་མེད༔ རང་འཁྲུལ་རང་སྣང་ཤེས་པར་གྱིས༔ ཕྱི་ནང་སྣང་བ་སྣོད་བཅུད་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཇི་བཞིན་དུ༔ དངོས་པོར་གྲུབ་པ་གང་ཡང་མེད༔ ཐོ་ཡོར་མི་དང་ཐག་ཁྲ་སྦྲུལ༔ རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ཙམ༔ ཤེས་པར་གྱིས་ཤིག་རིགས་ཀྱི་བུ༔ འཇིག་རྟེན་འཁོར་བའི་ཆོས་བཞི་ལ༔ རྟག་འཛིན་བྱེད་པ་ཡོངས་ཡེ་འཁྲུལ༔ རང་རིག་ཆོས་སྐུའི་རྒྱལ་སྲིད་མཆོག༔ མངོན་གྱུར་ངང་གནས་ཆེན་པོར་སྤྱོད༔ མཐའ་བྲལ་རིག་པ་བྱང་ཆུབ་སེམས༔ ཡེ་རྫོགས་ངོ་ཤེས་གདིང་བསྐྱེད་ལ༔ རང་གྲོལ་བཙན་ས་ཟིན་པར་གྱིས༔ དེ་ནས་བཤོས་ཟླུམ་མཛེས་པ་སྔགས་ཀྱིས་བརླབས༔ ཀྱཻ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ལ༔ འདོད་ཡོན་རྒྱན་གྱི་མཆོད་ཚོགས་འབུལ༔ ཚེ་འདས་དམྱལ་བ་ལས་སྒྲོལ་ཏེ༔ དག་པའི་ཞིང་ཁམས་མངོན་གྱུར་མཛོད༔ བཛྲ་ནཻ་ཝིདྱ་ཨཱཿ ཧཱུྃ༔ དེ་ནས་རྡོ་རྗེ་མཁའ་འགྲོའི་སྐུ་བསྟན་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྡོ་རྗེ་མཁའ་འགྲོའི་དབང་བསྐུར་བས༔ ཉོན་མོངས་ཞེ་སྡང་གནས་དག་སྟེ༔ མེ་ལོང་ཡེ་ཤེས་དབང་ཐོབ་ཤོག༔ དེ་ནས་གཏོར་མ་བྱིན་གྱིས་བརླབས་ཏེ༔ ཧཱུྃ༔ གླུད་གཏོར་འདོད་ཡོན་ལྔ་ལྡན་འདི༔ དམྱལ་བའི་བུ་ལོན་གདོན་ལ་འཇལ༔ ཚེ་འདས་ཞེ་སྡང་ལས་བྱང་སྟེ༔ ལན་ཆགས་ཤ་མཁོམ་བྱང་གྱུར་ཅིག༔ ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེས་བསྔོ༔ དེ་ནས་ཁྲུས་ཀྱི་ཆོ་ག་ནི༔ ཧཱུྃ༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ དག་བྱེད་བདུན་རྩིའི་ཁྲུས་བགྱིས་པས༔ ཞེ་སྡང་སྒྲིབ་པ་ཀུན་དག་ནས༔ གཞི་དབྱིངས་རིག་པ་མངོན་གྱུར་ཤོག༔ རྩ་སྔགས་མཇུག༔ སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་བག་ཆགས་བསྲེགས་པ་ནི༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཧཱུྃ་ཡིག་ཡེ་ཤེས་འབར་བའི་མེས༔ ཚེ་འདས་དམྱལ་བའི་ས་བོན་བསྲེགས༔ སྐུ་གསུམ་རིག་པ་མངོན་གྱུར་ཤོག༔ སརྦ་པྲ་ཤཾ་ཛྭ་ལ་རཾ༔ དེ་ནས་བཤོས་ཟླུམ་འབུམ་བ་ནི༔ ཀྱཻ༔ པདྨ་རིགས་ཀྱི་མཁའ་འགྲོ་ལ༔ འདོད་ཡོན་རྒྱན་གྱི་མཆོད་ཚོགས་འབུལ༔ ཚེ་འདས་ཡི་དྭགས་ལས་བསྒྲལ་ཏེ༔ དག་པའི་ཞིང་ཁམས་མངོན་གྱུར་མཛོད༔ བཛྲ་ནཻ་ཝིདྱ་ཨཱཿ ཧཱུྃ༔ དེ་ནས་པདྨ་མཁའ་འགྲོའི་སྐུ་བསྟན་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ པདྨ་མཁའ་འགྲོའི་དབང་བསྐུར་རོ༔ ཉོན་མོངས་འདོད་ཆགས་གནས་དག་སྟེ༔ སོར་རྟོག་ཡེ་ཤེས་དབང་ཐོབ་ཤོག༔ དེ་ནས་གཏོར་མ་བྱིན་གྱིས་བརླབས་ཏེ༔ ཧཱུྃ༔ གླུད་གཏོར་འདོད་ཡོན་ལྔ་ལྡན་འདི༔ ཡི་དྭགས་བུ་ལོན་གདོན་ལ་འཇལ༔ ཚེ་འདས་འདོད་ཆགས་ལས་བྱང་སྟེ༔ ལན་ཆགས་ཤ་ མཁོན་བྱང་གྱུར་ཅིག༔ སམྦྷ་རས་བསྔོ༔ དེ་ནས་ཁྲུས་ཀྱི་ཆོ་ག་ནི༔ ཧཱུྃ༔ སོར་རྟོག་ཡེ་ཤེས་ངོ་བོ་ཉིད༔ དག་བྱེད་བདུད་རྩིའི་ཁྲུས་བགྱིས་པས༔ འདོད་ཆགས་སྒྲིབ་པ་ཀུན་དག་ནས༔ གཞི་དབྱིངས་རིག་པ་མངོན་གྱུར་ཤོག༔ རྩ་སྔགས་མཇུག༔ སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭ་ཧཱ༔ དེ་ནས་བག་ཆགས་བསྲེགས་པ་ནི༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཧཱུྃ་ཡིག་ཡེ་ཤེས་འབར་བའི་མེས༔ ཚེ་འདས་ཡི་དྭགས་ས་བོན་བསྲེགས༔ སྐུ་གསུམ་རིག་པ་མངོན་གྱུར་ཤོག༔ སརྦ་པྲ་ཤཾ་ཛྭ་ལ་རཾ༔ དེ་ནས་བཤོས་ཟླུམ་འབུལ་བ་ནི༔ ཀྱཻ༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་ལ༔ འདོད་ཡོན་རྒྱན་གྱི་མཆོད་ཚོགས་འབུལ༔ ཚེ་འདས་གཏི་མུག་ལས་གྲོལ་ཏེ༔ དག་པའི་ཞིང་ཁམས་མངོན་གྱུར་མཛོད༔ བཛྲ་ནཻ་ཝིདྱ་ཨཱཿ ཧཱུྃ༔ དེ་ནས་སངས་རྒྱས་མཁའ་འགྲོའི་སྐུ་བསྟན་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སངས་རྒྱས་མཁའ་འགྲོའི་དབང་བསྐུར་རོ༔ ཉོན་མོངས་གཏི་མུག་གནས་དག་སྟེ༔ ཆོས་དབྱིངས་ཡེ་ཤེས་དབང་ཐོབ་ཤོག༔ དེ་ནས་གཏོར་མ་བྱིན་གྱིས་བརླབས་ཏེ༔ ཧཱུྃ༔ གླུད་གཏོར་འདོད་ཡོན་ལྔ་ལྡན་འདི༔ དུད་འགྲོའི་བུ་ལོན་གདོན་ལ་འཇལ༔ ཚེ་འདས་གཏི་མུག་ལས་བྱང་སྟེ༔ ལན་ཆགས་ཤ་མཁོན་བྱང་གྱུར་ཅིག༔ སམྦྷ་རས་བསྔོ༔ དེ་ནས་ཁྲུས་ཀྱི་ཆོ་ག་ནི༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ དག་བྱེད་བདུད་རྩིའི་ཁྲུས་བགྱིས་པས༔ གཏི་མུག་སྒྲིབ་པ་ཀུན་དག་ནས༔ གཞི་དབྱིངས་རིག་པ་མངོན་གྱུར་ཤོག༔ རྩ་སྔགས་མཇུག༔ སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་བག་ཆགས་བསྲེགས་པ་ནི༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཧཱུྃ་ཡིག་ཡེ་ཤེས་འབར་བའི་མེས༔ ཚེ་འདས་དུད་འགྲོའི་ས་བོན་བསྲེགས༔ སྐུ་གསུམ་རིག་པ་མངོན་གྱུར་ཤོག༔ སརྦ་པྲ་ཤཾ་ཛྭ་ལ་རཾ༔ དེ་ནས་བཤོས་ཟླུམ་འབུལ་བ་ནི༔ ཀྱཻ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་ལ༔ འདོད་ཡོན་རྒྱན་གྱི་མཆོད་ཚོགས་འབུལ༔ ཚེ་འདས་ཕྲག་དོག་ལས་བསྒྲལ་ཏེ༔ དག་པའི་ཞིང་ཁམས་མངོན་གྱུར་མཛོད༔ བཛྲ་ནཻ་ཝིདྱ་ཨཱཿ ཧཱུྃ༔ དེ་ནས་སངས་རྒྱས་མཁའ་འགྲོའི་སྐུ་བསྟན་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སངས་རྒྱས་མཁའ་འགྲོའི་དབང་བསྐུར་རོ༔ ཉོན་མོངས་གཏི་མུག་གནས་དག་སྟེ༔ ཆོས་དབྱིངས་ཡེ་ཤེས་དབང་ཐོབ་ཤོག༔ དེ་ནས་གཏོར་མ་བྱིན་གྱིས་བརླབས་ཏེ༔ ཧཱུྃ༔ གླུད་གཏོར་འདོད་ཡོན་ལྔ་ལྡན་འདི༔ དུད་འགྲོའི་བུ་ལོན་གདོན་ལ་འཇལ༔ ཚེ་འདས་གཏི་མུག་ལས་བྱང་སྟེ༔ ལན་ཆགས་ཤ་མཁོན་བྱང་གྱུར་ཅིག༔ སམྦྷ་རས་བསྔོ༔ དེ་ནས་ཁྲུས་ཀྱི་ཆོ་ག་ནི༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ དག་བྱེད་བདུད་རྩིའི་ཁྲུས་བགྱིས་པས༔ གཏི་མུག་སྒྲིབ་པ་ཀུན་དག་ནས༔ གཞི་དབྱིངས་རིག་པ་མངོན་གྱུར་ཤོག༔ རྩ་སྔགས་མཇུག༔ སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་བག་ཆགས་བསྲེགས་པ་ནི༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཧཱུྃ་ཡིག་ཡེ་ཤེས་འབར་བའི་མེས༔ ཚེ་འདས་དུད་འགྲོའི་ས་བོན་བསྲེགས༔ སྐུ་གསུམ་རིག་པ་མངོན་གྱུར་ཤོག༔ སརྦ་པྲ་ཤཾ་ཛྭ་ལ་རཾ༔ དེ་ནས་བཤོས་ཟླུམ་འབུལ་བ་ནི༔ ཀྱཻ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་ལ༔ འདོད་ཡོན་རྒྱན་གྱི་མཆོད་ཚོགས་འབུལ༔ ཚེ་འདས་ཕྲག་དོག་ལས་བསྒྲལ་ཏེ༔ དག་པའི་ཞིང་ཁམས་མངོན་གྱུར་མཛོད༔ བཛྲ་ནཻ་ཝིདྱ་ཨཱཿ ཧཱུྃ༔ དེ་ནས་ཀརྨ་མཁའ་འགྲོའི་སྐུ་བསྟན་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལས་ཀྱི་མཁའ་འགྲོའི་དབང་བསྐུར་རོ༔ ཉོན་མོངས་ཕྲག་དོག་གནས་དག་སྟེ༔ བྱ་གྲུབ་ཡེ་ཤེས་དབང་ཐོབ་ཤོག༔ དེ་ནས་གཏོར་མ་བྱིན་གྱིས་བརླབས་ཏེ༔ ཧཱུྃ༔ གླུད་གཏོར་འདོད་ཡོན་ལྔ་ལྡན་འདི༔ ལྷ་མིན་བུ་ལོན་གདོན་ལ་འཇལ༔ ཚེ་འདས་ཕྲག་དོག་ལས་བྱང་སྟེ༔ ལན་ཆགས་ཤ་མཁོན་བྱང་གྱུར་ཅིག༔ སམྦྷ་རས་བསྔོ༔ དེ་ནས་ཁྲུས་ཀྱི་ཆོ་ག་ནི༔ ཧཱུྃ༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ དག་བྱེད་བདུད་རྩིའི་ཁྲུས་བགྱིས་པས༔ ཕྲག་དོག་སྒྲིབ་པ་ཀུན་དག་ནས༔ གཞི་དབྱིངས་རིག་པ་མངོན་གྱུར་ཤོག༔ རྩ་སྔགས་མཇུག༔ སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་བག་ཆགས་བསྲེགས་པ་ནི༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཧཱུྃ་ཡིག་ཡེ་ཤེས་འབར་བའི་མེས༔ ཚེ་འདས་ལྷ་མིན་ས་བོན་བསྲེགས༔ སྐུ་གསུམ་རིག་པ་མངོན་གྱུར་མཛོད༔ སརྦ་པྲ་ཤཾ་ཛྭ་ལ་རཾ༔ དེ་ནས་བཤོས་ཟླུམ་འབུལ་བ་ནི༔ ཀྱཻ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་ལ༔ འདོད་ཡོན་རྒྱན་གྱི་མཆོད་ཚོགས་འབུལ༔ ཚེ་འདས་ཕམ་ལྟུང་ལས་བསྒྲལ་ཏེ༔ དག་པའི་ཞིང་ཁམས་མངོན་གྱུར་ཤོག༔ བཛྲ་ནཻ་ཝིདྱ་ཨཱཿ ཧཱུྃ༔ དེ་ནས་རིན་ཆེན་མཁའ་འགྲོའི་སྐུ་བསྟན་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིན་ཆེན་མཁའ་འགྲོའི་དབང་བསྐུར་རོ༔ ཉོན་མོངས་ང་རྒྱལ་གནས་དག་སྟེ༔ མཉམ་ཉིད་ཡེ་ཤེས་དབང་ཐོབ་ཤོག༔ དེ་ནས་གཏོར་མ་བྱིན་གྱིས་བརླབས་ཏེ༔ ཧཱུྃ༔ གླུད་གཏོར་འདོད་ཡོན་ལྔ་ལྡན་འདི༔ ལྷ་ཡི་བུ་ལོན་གདོན་ལ་འཇལ༔ ཚེ་འདས་ང་རྒྱལ་ལས་བྱང་སྟེ༔ ལན་ཆགས་ཤ་མཁོན་བྱང་གྱུར་ཅིག༔ སམྦྷ་རས་བསྔོ༔ དེ་ནས་ཁྲུས་ཀྱི་ཆོ་ག་ནི༔ ཧཱུྃ་མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ དག་བྱེད་བདུད་རྩིའི་ཁྲུས་བགྱིས་པས༔ ང་རྒྱལ་སྒྲིབ་པ་ཀུན་དག་ནས༔ གཞི་དབྱིངས་རིག་པ་མངོན་གྱུར་ཤོག༔ རྩ་སྔགས་མཇུག༔ སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་བག་ཆགས་བསྲེགས་པ་ནི༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཧཱུྃ་ཡིག་ཡེ་ཤེས་འབར་བའི་མེས༔ ཚེ་འདས་ལྷ་ཡི་ས་བོན་བསྲེགས༔ སྐུ་གསུམ་རིག་པ་མངོན་གྱུར་ཤོག༔ སརྦ་པྲ་ཤཾ་ཛྭ་ལ་རཾ༔ དེ་ནས་བཤོས་ཟླུམ་འབུལ་བ་ནི༔ ཀྱཻ༔ ཁྲོས་མ་ནག་མོའི་དཀྱིལ་འཁོར་དུ༔ འདོད་ཡོན་རྒྱན་གྱི་མཆོད་ཚོགས་འབུལ༔ ཚེ་འདས་དུག་ལྔ་ལས་བསྒྲལ་ཏེ༔ དག་པའི་ཞིང་ཁམས་མངོན་གྱུར་ཤོག༔ བཛྲ་ནཻ་ཝིདྱ་ཨཱ༔ ཧཱུྃ༔ དེ་ནས་ཁྲོས་མ་ནག་མོའི་སྐུ་བསྟན་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཁྲོས་མ་ནག་མོའི་དབང་བསྐུར་རོ༔ ཉོན་མོངས་དུག་གསུམ་གནས་དག་སྟེ༔ མཁྱེན་གཉིས་ཡེ་ཤེས་དབང་ཐོབ་ཤོག༔ དེ་ནས་གཏོར་མ་བྱིན་གྱིས་བརླབས་ཏེ༔ ཧཱུྃ༔ གླུད་གཏོར་འདོད་ཡོན་ལྔ་ལྡན་འདི༔ མི་ཡི་བུ་ལོན་གདོན་ལ་འཇལ༔ ཚེ་འདས་དུག་གསུམ་ལས་བྱང་སྟེ༔ ལན་ཆགས་ཤ་མཁོན་བྱང་གྱུར་ཅིག༔ སཾ་བྷ་རས་བསྔོ༔ དེ་ནས་ཁྲུས་ཀྱི་ཆོ་ག་ནི༔ ཧཱུྃ༔ མཁྱེན་གཉིས་ཡེ་ཤེས་ངོ་བོ་ཉིད༔ དག་བྱེད་བདུད་རྩིའི་ཁྲུས་བགྱིས་པས༔ མ་རིག་སྒྲིབ་པ་ཀུན་དག་སྟེ༔ གཞི་དབྱིབས་རིག་པ་མངོན་གྱུར་ཤོག༔ རྩ་སྔགས་མཇུག༔ སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭ་ཧཱ༔ དེ་ནས་བག་ཆགས་བསྲེགས་པ་ནི༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཧཱུྃ་ཡིག་ཡེ་ཤེས་འབར་བའི་མེས༔ ཚེ་འདས་མི་ཡི་ས་བོན་བསྲེགས༔ སྐུ་གསུམ་རིག་པ་མངོན་གྱུར་ཤོག༔ སརྦ་པྲ་ཤཾ་ཛྭ་ལ་རཾ༔ ཧོ༔ ཡེ་ཤེས་མཁའ་འགྲོའི་སྐུ་གསུང་ཐུགས༔ ཚེ་འདས་སྒོ་གསུམ་ལ་ཐིམ་པས༔ མ་དག་སྒྲིབ་གཉིས་དྲི་མ་དག༔ མཁྱེན་གཉིས་ཡེ་ཤེས་མངོན་དུ་གྱུར༔ སྒོ་གསུམ་རྡོ་རྗེའི་གྲོང་དུ་འཇུག༔ བྱིན་རླབས་དངོས་གྲུབ་འབད་མེད་ཐོབ༔ རིག་སྟོང་མཐའ་བྲལ་ཀུན་བཟང་ཀློང་༔ ཉག་གཅིག་དབུ་མ་ཆེན་པོའི་དབྱིངས༔ རང་ཐོག་བཙན་ས་ཟིན་གྱུར་ཏེ༔ གཞོན་ནུ་བུམ་སྐུར་སངས་རྒྱས་ཤོག༔ དེ་ནས་བླ་གླུད་འཇལ་བ་ནི༔ ཨོཾ་ཨཱཿ ཧཱུྃ༔ ཏྲཾཿ ལས་རིན་པོ་ཆེ་ཡི་སྣོད༔ ཡངས་ཤིང་རྒྱ་ཆེན་གྱུར་པའི་ནང་༔ གླུད་གཏོར་འདོད་ཡོན་ལྔ་ལྡན་གྱུར༔ འཛད་མེད་གཏེར་དུ་བྱིན་གྱིས་བརླབས༔ ནམ་མཁའ་མཛོད་སྔགས་ལན་བདུན་གྱིས་བརླབས༔ ཀྱཻ༔ དུག་གསུམ་འཁྲུལ་པ་ལས་བྱུང་བའི༔ གདོན་བགེགས་ལོག་འདྲེན་ཚོགས་རྣམས་ལ༔ གླུད་གཏོར་འདོད་ཡོན་ལྔ་ལྡན་འབུལ༔ བླ་དང་ཐར་ལམ་གེགས་རྣམས་ལ༔ ཆངས་བུ་སྣང་མཐུན་ལོངས་སྤྱོད་སྟེར༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ དར་གོས་སྣམ་ཕྲུག་རེག་བྱའི་རིགས༔ གསེར་དངུལ་ཟངས་ལྕགས་དཀོར་ནོར་རྫས༔ ཇ་ཆང་འོ་ཞོ་ལ་སོགས་པའི༔ བཟའ་བའི་ཟས་དང་བཏུང་བའི་སྐོམ༔ མི་ཟད་རྒྱན་གྱི་འཁོར་ལོར་འབུམ༔ ཕན་ཚུན་འཐབ་རྩོད་མེད་པ་རུ༔ ཡིད་མཐུན་ཇི་བཞིན་ཐོབ་གྱུར་ཅིག༔ ད་ནི་རང་རང་གནས་སུ་དེངས༔ བདག་ཉིད་ཡེ་ཤེས་མཁའ་འགྲོ་མ༔ ཁྲོས་མ་ནག་མོའི་བཀའ་བྱུང་གིས༔ ཚེ་འདས་བླ་ཡིད་སེམས་གསུམ་ཀུན༔ བཟུང་བ་ཐོང་ལ་བཅིངས་པ་ཁྲོལ༔ བསྡམས་པ་གློད་ལ་མནན་པ་ཁྱོག༔ རྒྱ་མཚོ་ཆེན་པོའི་ཕ་མཐར་སོང་༔ གལ་ཏེ་བཀའ་ལས་འདའ་གྱུར་ན༔ མགོ་འགས་ལུས་སེམས་རྡུལ་དུ་བརླག༔ ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ རྩ་སྔགས་ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད༔ དེ་ནས་སྲུང་འཁོར་བསྒོམ་པ་ནི༔ ཧོཿ གཞིར་གནས་རིག་པ་བྱང་ཆུབ་སེམས༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག༔ མི་འགྱུར་མི་ཤིགས་སྲུང་བའི་གུར༔ ཁྱབ་བརྡལ་ཆེན་པོར་ལྷུན་གྲུབ་བོ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ དེ་ནས་གསུར་བསྔོ་བྱ་བ་ནི༔ ཨོཾ་སྭ་བྷཱ་ཝ༴ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་བྷྲཱུྃཿ ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿ ཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ཨོཾ་ཨ་ཀཱ་རོ༴ ཧོཿ གསུར་མཆོད་འདོད་ཡོན་ལྔ་ཡི་སྤྲིན༔ ཟག་མེད་བདེ་བའི་ཡེ་ཤེས་རྒྱན༔ ཚེ་འདས་ཁྱོད་ལ་བསྔོའོ་སྦྱིན༔ ངོམས་ཤིང་ཚིམས་ཏེ་བདེ་ཆེན་ལྡན༔ སྡུག་བསྔལ་ཟུག་རྔུ་དང་བྲལ་ཤོག༔ ཐམས་ཅད་མཁྱེན་པའི་འབྲས་བུ་སྨིན༔ གཏན་བདེའི་ས་ལ་སྤྱོད་གྱུར་ཅིག༔ ན་མཿ སརྦ་ཏ་ཐཱ་ག་ཏ་སོགས༔ སྐར་མདའི་གཟུངས་ཀྱིས་བསྔོ༔ དེ་ནས་སྣང་གསལ་བསྔོ་བ་ནི༔ ཧོཿ ཡེ་ཤེས་སྒྲོན་མེ་འོད་པོ་ཆེ༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ ཐུགས་རྗེ་འགགས་མེད་བཀྲག་དང་ལྡན༔ མ་རིག་མུན་པ་སངས་ཕྱིར་བསྔོ༔ བཛྲ་ཨཱ་ལོ་ཀེ་ཨཱཿ ཧཱུྃ༔ དེ་ནས་ཡོན་འབུལ་ལམ་བསྟན་ནི༔ ཀྱཻ༔ ཡེ་ཤེས་ལྔ་ལྡན་མཁའ་འགྲོ་ལྔར༔ ཚེ་འདས་ཕུང་ལྔ་ཡོན་དུ་འབུལ༔ དུག་ལྔའི་ཉེས་སྒྲིབ་ཀུན་དག་སྟེ༔ གྲོལ་གཞིའི་རིག་པ་མངོན་གྱུར་ཤོག༔ འདི་ནས་ནུབ་ཕྱོགས་བདེ་བ་ཅན༔ པདྨ་འོད་ཀྱི་ཞིང་ཁམས་ཡོད༔ བདེ་སྐྱིད་ཡོན་ཏན་བསམ་མི་ཁྱབ༔ ཞིང་དེའི་འདྲེན་པ་འོད་དཔག་མེད༔ གོས་དཀར་ལྷ་མོ་ཡུམ་དང་སྦྱོར༔ སངས་རྒྱས་བྱང་སེམས་འཁོར་གྱིས་བསྐོར༔ མོས་གུས་དྲག་པོས་གསོལ་བ་ཐོབས༔ དོན་ལ་རང་རིག་བྱང་ཆུབ་སེམས༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ༔ སྐུ་གསུམ་ཡེ་རྫོགས་ཆེན་པོ་སྟེ༔ ངོ་ཤེས་མངོན་གྱུར་ཆེན་པོར་སྤྱོད༔ མི་འགྱུར་མི་ཤིགས་ཀློང་དུ་ཡན༔ ཕཊ༔ སྤྲུལ་སྐུ༔ ཕཊ༔ ལོངས་སྐུ༔ ཕཊ༔ ཆོས་སྐུ༔ ཕཊ༔ ངོ་བོ་ཉིད་སྐུ༔ ཕཊ༔ མི་འགྱུར་རྡོ་རྗེའི་སྐུ་ཐོབ་པར་བསམ༔ དེ་ནས་བྱང་བུ་བསྲེགས་པ་ནི༔ དུག་ལྔའི་རྒྱུ་རྐྱེན་དང་འབྲེལ་བའི༔ ཚེ་འདས་ཕུང་ལྔའི་ཡམ་ཤིང་ལ༔ རིག་པ་ཡེ་ཤེས་མེ་སྦར་རོ༔ སྐུ་གསུམ་ཀློང་དུ་ཛྭ་ལ་རཾ༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་པྲ་ཤཾ་ཛྭ་ལ་རཾ༔ ཨེ་མ༔ ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོའི་ཆོས༔ ཨོ་རྒྱན་པདྨའི་དགོངས་གཏེར་སྙིང་པོའི་བཅུད༔ རང་བྱུང་རིག་པའི་བྲག་ནས་ངེས་བཏོན་ཏེ༔ ཤེས་རིག་སྤྱོད་པའི་གྲོགས་སུ་བསྔགས་པའོ༔ དེ་ཕྱིར་ཉམས་ལེན་ཚགས་སུ་ཚུད་མཛོད་ཅིག༔ བཀའ་སྲུང་སྲོག་བདག་རྣམ་བཞིས་སྲུངས་ཤིང་སྐྱོབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་བློ་གྲོས་ཀྱིས་བསྐུར་ངོར་ཀློང་ཆེན་རབ་འབྱམས་དགྱེས་པའི་རྡོ་རྗེས་སོ། །དགེའོ། །དགེའོ། །དགེའོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 15:41, 30 July 2024
| Wylie title | dag snang ye shes drwa ba las gshin po rjes 'dzin 'dul dkar gyi cho ga thugs rje'i chu rgyun | |
|---|---|---|
| Location | bdud 'joms gling pa zab gter Volume 10, Text 53, Pages 491-505 (Folios 1a1 to 8a6) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Dag snang ye shes drwa ba las gshin po rjes 'dzin 'dul dkar gyi cho ga thugs rje'i chu rgyun. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 10: 491-505. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: 'dul dkar Verso: bdud 'joms khros ma | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Funerary Rituals - gnas lung - byang chog | |
| Cycle | དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba) | |
| Deity | khros ma nag mo | |
| Colophon |
ཞེས་པ་འདི་ཉིད་བློ་གྲོས་ཀྱིས་བསྐུར་ངོར་ཀློང་ཆེན་རབ་འབྱམས་དགྱེས་པའི་རྡོ་རྗེས་སོ། །དགེའོ། །དགེའོ། །དགེའོ།། | |
|
zhes pa 'di nyid blo gros kyis bskur ngor klong chen rab 'byams dgyes pa'i rdo rjes so/_/dge'o/_/dge'o/_/dge'o// | ||