TTDL-ZABTER-01-KA-031: Difference between revisions

From Dudjom Wiki
TTDL-ZABTER-01-KA-031
No edit summary
No edit summary
Line 11: Line 11:
|sourcerevealertib=བདུད་འཇོམས་གླིང་པ་
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|terma=Yes
|cycle=zab gsang mkha' 'gro'i snying thig
|cycle=bla ma drag po bde chen rgyal po
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|cycletib=བླ་མ་དྲག་པོ་བདེ་ཆེན་རྒྱལ་པོ་
|parentcycle=zab gsang mkha' 'gro'i snying thig
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms gu ru drag po
|language=Tibetan
|language=Tibetan
|volnumtib=༡
|volnumtib=༡
|volyigtib=ཀ
|volyigtib=ཀ
|versonotes=bdud 'joms
|volumenumber=01
|volumenumber=01
|volumeLetter=KA
|volumeLetter=KA

Revision as of 14:12, 2 August 2024

Wylie title TTDL-ZABTER-01-KA-031.pdf
Location bdud 'joms gling pa zab gter
Volume 1, Text 31, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms gu ru drag po
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle བླ་མ་དྲག་པོ་བདེ་ཆེན་རྒྱལ་པོ་ (bla ma drag po bde chen rgyal po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་དྲག་པོ་བདེ་ཆེན་རྒྱལ་པོའི་སྨད་ལས་འཁོར་བ་ཡོངས་སྒྲོལ་བཞུགས་སོ༔ ༠༠༠༠༠༠བརྡ་ཡིག༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠བརྡ་ཡིག༢༩༤༔ པདྨ་དྲག་པོའི་རྣལ་འབྱོར་གྱིས༔ མངོན་སྤྱོད་དྲག་པོའི་ལས་བརྩོན་ཐབས༔ གནད་འདིར་ལྟོས་ལ་ཉམས་སུ་ལོངས༔ གྲུབ་ཐོབ་གནས་དང་དབེན་པའི་སར༔ སྨྲ་བཅད་བསྙེན་པ་བྱེ་བ་དང་༔ བསྒྲུབ་སྔགས་འབུམ་ཕྲག་གཅིག་དང་ནི༔ ལས་སྦྱོར་ཁྲི་ཕྲག་ཚད་དུ་བསྐྱལ༔ རང་བསྲུང་ལྷ་ཡི་ང་རྒྱལ་བཟུང་༔ ལྟ་བའི་རྫོང་དང་སྒོམ་པའི་འཕྲང་༔ དམིགས་པ་སྲོག་གི་གནད་ཡིན་ཏེ༔ བྲུབ་ཁུང་གཤིན་རྗེའི་བཤའ་ཁང་ལ༔ ལིངྒ་དགྲ་བོའི་བླ་རྟེན་དེ༔ ནྲྀ་ཡིག་གཟུགས་ཅན་དགྲ་ཡི་སྲོག༔ བླ་དང་ཚེ་ཡི་རྟེན་གནས་ཡིན༔ ཏྲི་ཡིག་གཟུགས་མེད་བགེགས་ཀྱི་སྲོག༔ དེ་ཡང་གོང་བཞིན་ཤེས་པར་བྱ༔ ཁོ་ཡི་མགོན་སྐྱབས་དཔུང་གཉེན་གྱི༔ ལྷ་དང་སྲུང་མ་གཞི་བདག་ཀུན༔ འབྲུ་ཆན་དཀར་དམར་གཏོར་མས་མཆོད༔ བདག་གི་གྲོགས་དང་སྲུང་མར་བཀོལ༔ ཐམས་ཅད་ཁོ་ཡི་གཤེད་དུ་དབབ༔ བསྐུལ་ཞིང་རྦད་པ་སྔོན་སོང་ནས༔ དང་པོ་བྲུབ་ཁུང་བསྐྱེད་པ་ནི༔ ཨོཾ་སྭ་བྷཱ་ཝ་སོགས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཡི་གེ་ཨེ་ནག་པོ་གཅིག་ཡོངས་སུ་གྱུར་པ་ལས༔ གནམ་ལྕགས་ལས་གྲུབ་པའི་བྲུབ་ཁུང་གྲུ་གསུམ་དམར་ནག་འཇིགས་སུ་རུང་བ་ཁ་དོག་ལ་གཏིང་ཡངས་པ༔ ངོས་མཐོ་ཞིང་གཏིང་ཟབ་པ༔ ཞབས་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་ཞིང་སྟེང་ན་གཏི་མུག་གི་མུན་པ་འཐིབ་པ༔ ཕྲག་དོག་གི་རླུང་དམར་འཚུབས་ཤིང་ང་རྒྱལ་གྱི་བྲག་རི་ཉིལ་བ༔ ནད་དུག་གྲིབ་ཀྱི་ཡོ་ལང་གཡོ་ཞིང་༔ མཚོན་ཆ་སྣ་ཚོགས་ཀྱི་ཆར་པ་འབེབས་པ༔ བླ་འཛིན་གྱི་དྲྭ་བ་བྲེས་པ༔ བླ་འགུགས་ཀྱི་ཤ་ཟུངས་དང་ལྕགས་ཀྱུ་གཟེང་བ༔ ཁ་ཁྱེར་ན་ཞེ་སྡང་གི་མེ་འབར་བ༔ ཕོ་ཉ་ལས་མཁན་ཤན་པའི་ཚོགས་སྐར་ལྟར་འཁྲིགས་ཤིང་རླུང་ལྟར་འཚུབས་པ༔ འཆི་བདག་ལས་ཀྱི་གཤིན་རྗེའི་བཤན་ར༔ སྡེ་བརྒྱད་གདུག་པའི་རྒྱུ་ལམ་བདུད་ཀྱི་བཙོན་ཁང་ནག་པོ་ཕྱི་རུ་བྲོས་པའི་ཡུལ་མེད་པ༔ ནང་དུ་གབ་པའི་གནས་མེད་པ༔ ནང་དུ་ཚུད་པ་ཙམ་གྱིས་ཐར་འཆོར་གྱི་སྐབས་དང་དུས་མེད་པ་ཞིག་ཏུ་བསྒོམ༔ ལས་ཀྱི་བཙོན་ཁང་དེའི་ནང་དུ་ནྲྀ་ཏྲི་ཡོངས་སུ་གྱུར་པ་ལས་དགྲ་བགེགས་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོ་གཟུགས་མི་སྡུག་པ༔ ཁ་ངུ་བ༔ མིག་ཤི་མིག༔ ལུས་ཧམ་པ་རིད་པ་སྔོ་བ་སྐྱ་བ༔ རྐང་ལག་ལྕགས་སྒྲོག་གིས་བསྡམས་པ༔ མིག་ནས་ཁྲག་གི་མཆི་མ་འཛག་པ༔ སྣ་ནས་བྱང་སེམས་དཀར་དམར་ཐུར་དུ་འབབས་པ་ཉམ་ཐག་དབུགས་དང་བྲལ་ལ་ཁད་པ་འདར་ཕྲི་ལི་ལི་བྱེད་པ་ཞིག་ཏུ་གྱུར༔ བདག་མདུན་ལྷའི་ཐུགས་ཀ་ནས་ལས་བྱེད་སྤྲུལ་པའི་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐུན་མཚོན་ཐོགས་པ་དཔག་ཏུ་མེད་པ་ཕྱོགས་མཚམས་སྟེང་འོག་ཐམས་ཅད་དུ་འཕྲོས་པས་གང་ལ་དམིགས་པའི་དགྲ་བགེགས་གནོད་བྱེད་ཐམས་ཅད་ནམ་མཁའ་ནས་བྱིའུ་ཆུང་ཁྲ་ཡིས་དེད་པ༔ བར་སྣང་ནས་ཤོག་སྐྱ་རླུང་གིས་བསྐྱོད་པ༔ ས་གཞི་ནས་ར་ལུག་འཕར་སྤྱང་གིས་དེད་པ་བཞིན་དུ་མ་རིག་པའི་མུན་ནག་ཆེན་པོས་སྔོན་ནས་བསུས༔ ཕོ་ཉ་དང་ལས་མཁན་ཐུན་མཚོན་སྣ་ཚོགས་ཀྱི་ཚོགས་དང་ལས་ཀྱི་རླུང་དམར་དྲག་པོས་རྒྱབ་ནས་དེད་དེ་ཆུ་ལ་ཆུ་ཐིམ་པ་བཞིན་དུ་ལིངྒ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར༔ དགུག་གཞུག་ཅི་མང་ཡིད་ཆེས་པའི་བར་དུ་བརྗོད༔ དེ་ནས་འགུགས་པར་བྱ་བ་ནི༔ ཧཱུྃ་བྷྱོ༔ བླ་མ་དྲག་པོའི་ལྷ་ཚོགས་འཁོར་བཅས་རྣམས༔ མངོན་སྤྱོད་ཕྲིན་ལས་མཛད་པའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་མ་ལུས་པ༔ མྱུར་དུ་བཀུག་ནས་གཟུགས་ལ་ཐིམ་པར་མཛོད༔ རྩ་སྔགས་མཐར༔ གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཛཿཧཱུྃ་བཾ་ཧོཿགནོད་བྱེད་ཀྱི་བླ་ཤ་རེ་མ་ཏི་ཛ་ཛཿསོགས་ཚང་བར་བརྗོད༔ དེ་ནས་ལྷ་དང་བྲལ་བ་ནི༔ ཧཱུྃ་བྷྱོ༔ བླ་མ་དྲག་པོའི་ལྷ་ཚོགས་འཁོར་བཅས་རྣམས༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་གནོད་བྱེད་འདི༔ མགོན་སྐྱབས་བྱེད་པའི་ལྷ་དང་བྲལ་བར་གྱིས༔ རྩ་སྔགས་མཐར༔ ཨ་ནྲྀ་ཏྲག་རཀྴ་མ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཀྴ་མ་ར་ཡ་ཕྱེས་ཕྱེས༔ དགྲ་བོའི་ལྷ་སྲུང་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་སྨྱོ་རུ་གཞུག་པ་ནི༔ ཧཱུྃ་བྷྱོ༔ བླ་མ་དྲག་པོའི་ལྷ་ཚོགས་འཁོར་བཅས་རྣམས༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ བདག་ལ་སྡང་བའི་དགྲ་བགེགས་གདུག་ཅན་འདི༔ ལུས་ངག་ཡིད་གསུམ་སྨྱོ་བརྒྱལ་རེངས་སུ་ཆུག༔ རྩ་སྔགས་མཐར༔ དགྲ་བགེགས་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ དེ་ནས་བྱད་དུ་བཅུག་པ་ནི༔ ཧཱུྃ་བྷྱོ༔ བླ་མ་དྲག་པོའི་ལྷ་ཚོགས་འཁོར་བཅས་རྣམས༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་སྡིག་ཅན་འདི༔ ཁྲོལ་མེད་ལས་ཀྱི་བྱད་དུ་བཅུག་པར་གྱིས༔ རྩ་སྔགས་མཐར༔ དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཐུམ་རི་ལི་ལི་ཆིངས་ཆིངས་རྦད་ནན་སྭཱ་ཧཱ༔ དེ་ནས་གཏུན་དུ་བརྡུང་བ་ནི༔ ཧཱུྃ་བྷྱོ༔ བླ་མ་དྲག་པོའི་ལྷ་ཚོགས་འཁོར་བཅས་རྣམས༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་གནོད་བྱེད་འདི༔ སྡུད་བྱེད་ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་ཆེན་འབར་བས་བརྡུང་བྱས་ཏེ༔ རྡུལ་ཕྲན་ཕྱེ་མར་ཐུལ་ཅིག་མཱ་ར་ཡ༔ རྩ་སྔགས་མཐར༔ ཤ་ཏྲུཾ་ཨ་མུ་ཀ་ཏ་ཐ་ཡ་ཏ་ཐ་ཡ་ཕྱེ་མ་ཕྱེ་མ་མཱ་ར་ཡ་རྦད་སོད༔ དེ་ནས་ཕུར་ཐུན་གདབ་པ་ནི༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་སྤྲུལ་པའི་ལྷ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ བླ་མ་དྲག་པོ་ཡབ་ཡུམ་སྤྲུལ་འཁོར་བཅས༔ བཀའ་སྡོད་ཕོ་ཉའི་ཐུགས་དམ་གནད་ནས་བསྐུལ༔ ཉམས་པ་བདུན་དང་ལྡན་པའི་དགྲ་བོ་འདིའི༔ ལུས་ངག་ཡིད་གསུམ་ཕུར་ཐུན་དྲག་པོ་ཡིས༔ ཕྱེ་མར་ཐུལ་ལ་རྣམ་ཤེས་རྟེན་དང་ཕྲོལ༔ ཆོས་དབྱིངས་འཁྲུལ་མི་ཤེས་པའི་ངང་དུ་སོད༔ རྩ་སྔགས་མཐར༔ ཨཿཡཿམཿདུཿརུཿཙཿཤཿནཿསརྦ་དྷརྨ་པཱ་ལ་ཀྵེ་ཏྲ་པཱ་ལ་ལོ་ཀ་པཱ་ལ་ས་མ་ཡ༔ ཐུན་ཡ་ཐུན་ཡ༔ ཟོར་ཡ་ཟོར་ཡ༔ ཨ་མུ་ཀ་རཱུ་པ་ལ་རྦད་བྷྱོ༔ ངག་ལ་རྦད་བྷྱོ༔ ཡིད་ལ་རྦད་བྷྱོ༔ སྙིང་རྩ་ལ་རྦད་བྷྱོ༔ སྲོག་རྩ་ལ་རྦད་བྷྱོ༔ ཙིཏྟ་གཏུབ་གཏུབ༔ བླ་ལ་རྦད་བྷྱོ༔ ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད་སོད༔ དེ་ནས་ཡུངས་ཐུན་གདབ་པ་ལ༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་སྤྲུལ་པའི་ལྷ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ བླ་མ་དྲག་པོ་ཡབ་ཡུམ་སྤྲུལ་འཁོར་བཅས༔ བཀའ་སྡོད་ཕོ་ཉའི་ཐུགས་དམ་གནད་ནས་བསྐུལ༔ ཉམས་པ་བདུན་དང་ལྡན་པའི་དགྲ་བོ་འདིའི༔ ལུས་ངག་ཡིད་ལ་ཡུངས་ཐུན་ཆར་དུ་ཕོབ༔ ཕྱེ་མར་ཐུལ་ལ་རྣམ་ཤེས་རྟེན་དང་ཕྲོལ༔ ཆོས་དབྱིངས་འཁྲུལ་མི་ཤེས་པའི་ངང་དུ་སོད༔ རྩ་སྔགས་མཐར༔ ཨཿཡཿམཿདུཿརུཿཙཿཤཿནཿསརྦ་དྷརྨ་པཱ་ལ་ཀྵེ་ཏྲ་པཱ་ལ་ལོ་ཀ་པཱ་ལ་ས་མ་ཡ༔ ཐུན་ཡ་ཐུན་ཡ༔ ཟོར་ཡ་ཟོར་ཡ༔ ཨ་མུ་ཀ་རཱུ་པ་ལ་རྦད་བྷྱོ༔ ངག་ལ་རྦད་བྷྱོ༔ ཡིད་ལ་རྦད་བྷྱོ༔ སྙིང་རྩ་ལ་རྦད་བྷྱོ༔ སྲོག་རྩ་ལ་རྦད་བྷྱོ༔ ཙིཏྟ་གཏུབ་གཏུབ༔ བླ་ལ་རྦད་བྷྱོ༔ ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད་སོད༔ དེ་ནས་ཁྲག་ཐུན་གདབ་པ་ལ༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་སྤྲུལ་པའི་ལྷ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ བླ་མ་དྲག་པོ་ཡབ་ཡུམ་སྤྲུལ་འཁོར་བཅས༔ བཀའ་སྡོད་ཕོ་ཉའི་ཐུགས་དམ་གནད་ནས་བསྐུལ༔ ཉམས་པ་བདུན་དང་ལྡན་པའི་དགྲ་བོ་འདིའི༔ ལུས་ངག་ཡིད་ལ་ཁྲག་ཐུན་ཆར་དུ་ཕོབ༔ ཕྱེ་མར་ཐུལ་ལ་རྣམ་ཤེས་རྟེན་དང་ཕྲོལ༔ ཆོས་དབྱིངས་འཁྲུལ་མི་ཤེས་པའི་ངང་དུ་སོད༔ རྩ་སྔགས་མཐར༔ ཨཿཡཿམཿདུཿརུཿཙཿཤཿནཿསརྦ་དྷརྨ་པཱ་ལ་ཀྵེ་ཏྲ་པཱ་ལ་ལོ་ཀ་པཱ་ལ་ས་མ་ཡ༔ ཐུན་ཡ་ཐུན་ཡ༔ ཟོར་ཡ་ཟོར་ཡ༔ ཨ་མུ་ཀ་རཱུ་པ་ལ་རྦད་བྷྱོ༔ ངག་ལ་རྦད་བྷྱོ༔ ཡིད་ལ་རྦད་བྷྱོ༔ སྙིང་རྩ་ལ་རྦད་བྷྱོ༔ སྲོག་རྩ་ལ་རྦད་བྷྱོ༔ ཙིཏྟ་གཏུབ་གཏུབ༔ བླ་ལ་རྦད་བྷྱོ༔ ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད་སོད༔ དེ་ནས་མཚེ་ཐུན་གདབ་ལ༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་སྤྲུལ་པའི་ལྷ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ བླ་མ་དྲག་པོ་ཡབ་ཡུམ་སྤྲུལ་འཁོར་བཅས༔ བཀའ་སྡོད་ཕོ་ཉའི་ཐུགས་དམ་གནད་ནས་བསྐུལ༔ ཉམས་པ་བདུན་དང་ལྡན་པའི་དགྲ་བོ་འདིའི༔ ལུས་ངག་ཡིད་ལ་མཚེ་ཐུན་ཐོག་ལྟར་ཕོབ༔ ཕྱེ་མར་ཐུལ་ལ་རྣམ་ཤེས་རྟེན་དང་ཕྲོལ༔ ཆོས་དབྱིངས་འཁྲུལ་མི་ཤེས་པའི་ངང་དུ་སོད༔ རྩ་སྔགས་མཐར༔ ཨཿཡཿམཿདུཿརུཿཙཿཤཿནཿསརྦ་དྷརྨ་པཱ་ལ་ཀྵེ་ཏྲ་པཱ་ལ་ལོ་ཀ་པཱ་ལ་ས་མ་ཡ༔ ཐུན་ཡ་ཐུན་ཡ༔ ཟོར་ཡ་ཟོར་ཡ༔ ཨ་མུ་ཀ་རཱུ་པ་ལ་རྦད་བྷྱོ༔ ངག་ལ་རྦད་བྷྱོ༔ ཡིད་ལ་རྦད་བྷྱོ༔ སྙིང་རྩ་ལ་རྦད་བྷྱོ༔ སྲོག་རྩ་ལ་རྦད་བྷྱོ༔ ཙིཏྟ་གཏུབ་གཏུབ༔ བླ་ལ་རྦད་བྷྱོ༔ ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད་སོད༔ དེ་ནས་དུག་ཐུན་གདབ་ལ༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་སྤྲུལ་པའི་ལྷ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ བླ་མ་དྲག་པོ་ཡབ་ཡུམ་སྤྲུལ་འཁོར་བཅས༔ བཀའ་སྡོད་ཕོ་ཉའི་ཐུགས་དམ་གནད་ནས་བསྐུལ༔ ཉམས་པ་བདུན་དང་ལྡན་པའི་དགྲ་བོ་འདིའི༔ ལུས་ངག་ཡིད་ལ་དུག་ཐུན་ཆར་དུ་ཕོབ༔ ཕྱེ་མར་ཐུལ་ལ་རྣམ་ཤེས་རྟེན་དང་ཕྲོལ༔ ཆོས་དབྱིངས་འཁྲུལ་མི་ཤེས་པའི་ངང་དུ་སོད༔ རྩ་སྔགས་མཐར༔ ཨཿཡཿམཿདུཿརུཿཙཿཤཿནཿསརྦ་དྷརྨ་པཱ་ལ་ཀྵེ་ཏྲ་པཱ་ལ་ལོ་ཀ་པཱ་ལ་ས་མ་ཡ༔ ཐུན་ཡ་ཐུན་ཡ༔ ཟོར་ཡ་ཟོར་ཡ༔ ཨ་མུ་ཀ་རཱུ་པ་ལ་རྦད་བྷྱོ༔ ངག་ལ་རྦད་བྷྱོ༔ ཡིད་ལ་རྦད་བྷྱོ༔ སྙིང་རྩ་ལ་རྦད་བྷྱོ༔ སྲོག་རྩ་ལ་རྦད་བྷྱོ༔ ཙིཏྟ་གཏུབ་གཏུབ༔ བླ་ལ་རྦད་བྷྱོ༔ ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད་སོད༔ དེ་ནས་མཚོན་ཐུན་གདབ་ལ༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་སྤྲུལ་པའི་ལྷ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ བླ་མ་དྲག་པོ་ཡབ་ཡུམ་སྤྲུལ་འཁོར་བཅས༔ བཀའ་སྡོད་ཕོ་ཉའི་ཐུགས་དམ་གནད་ནས་བསྐུལ༔ ཉམས་པ་བདུན་དང་ལྡན་པའི་དགྲ་བོ་འདིའི༔ ལུས་ངག་ཡིད་ལ་མཚོན་ཐུན་ཆར་དུ་ཕོབ༔ ཕྱེ་མར་ཐུལ་ལ་རྣམ་ཤེས་རྟེན་དང་ཕྲོལ༔ ཆོས་དབྱིངས་འཁྲུལ་མི་ཤེས་པའི་ངང་དུ་སོད༔ རྩ་སྔགས་མཐར༔ ཨཿཡཿམཿདུཿརུཿཙཿཤཿནཿསརྦ་དྷརྨ་པཱ་ལ་ཀྵེ་ཏྲ་པཱ་ལ་ལོ་ཀ་པཱ་ལ་ས་མ་ཡ༔ ཐུན་ཡ་ཐུན་ཡ༔ ཟོར་ཡ་ཟོར་ཡ༔ ཨ་མུ་ཀ་རཱུ་པ་ལ་རྦད་བྷྱོ༔ ངག་ལ་རྦད་བྷྱོ༔ ཡིད་ལ་རྦད་བྷྱོ༔ སྙིང་རྩ་ལ་རྦད་བྷྱོ༔ སྲོག་རྩ་ལ་རྦད་བྷྱོ༔ ཙིཏྟ་གཏུབ་གཏུབ༔ བླ་ལ་རྦད་བྷྱོ༔ ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད་སོད༔ དེ་ནས་མདའ་ཐུན་གདབ་ལ༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་སྤྲུལ་པའི་ལྷ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ བླ་མ་དྲག་པོ་ཡབ་ཡུམ་སྤྲུལ་འཁོར་བཅས༔ བཀའ་སྡོད་ཕོ་ཉའི་ཐུགས་དམ་གནད་ནས་བསྐུལ༔ ཉམས་པ་བདུན་དང་ལྡན་པའི་དགྲ་བོ་འདིའི༔ ལུས་ངག་ཡིད་ལ་མདའ་ཐུན་ཆར་དུ་ཕོབ༔ ཕྱེ་མར་ཐུལ་ལ་རྣམ་ཤེས་རྟེན་དང་ཕྲོལ༔ ཆོས་དབྱིངས་འཁྲུལ་མི་ཤེས་པའི་ངང་དུ་སོད༔ རྩ་སྔགས་མཐར༔ ཨཿཡཿམཿདུཿརུཿཙཿཤཿནཿསརྦ་དྷརྨ་པཱ་ལ་ཀྵེ་ཏྲ་པཱ་ལ་ལོ་ཀ་པཱ་ལ་ས་མ་ཡ༔ ཐུན་ཡ་ཐུན་ཡ༔ ཟོར་ཡ་ཟོར་ཡ༔ ཨ་མུ་ཀ་རཱུ་པ་ལ་རྦད་བྷྱོ༔ ངག་ལ་རྦད་བྷྱོ༔ ཡིད་ལ་རྦད་བྷྱོ༔ སྙིང་རྩ་ལ་རྦད་བྷྱོ༔ སྲོག་རྩ་ལ་རྦད་བྷྱོ༔ ཙིཏྟ་གཏུབ་གཏུབ༔ བླ་ལ་རྦད་བྷྱོ༔ ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད་སོད༔ དེ་ནས་རྡོ་ཐུན་གདབ་ལ༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་སྤྲུལ་པའི་ལྷ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ བླ་མ་དྲག་པོ་ཡབ་ཡུམ་སྤྲུལ་འཁོར་བཅས༔ བཀའ་སྡོད་ཕོ་ཉའི་ཐུགས་དམ་གནད་ནས་བསྐུལ༔ ཉམས་པ་བདུན་དང་ལྡན་པའི་དགྲ་བོ་འདིའི༔ ལུས་ངག་ཡིད་ལ་རྡོ་ཡི་ཐུན་ཟོར་རྒྱོབ༔ ཕྱེ་མར་ཐུལ་ལ་རྣམ་ཤེས་རྟེན་དང་ཕྲོལ༔ ཆོས་དབྱིངས་འཁྲུལ་མི་ཤེས་པའི་ངང་དུ་སོད༔ རྩ་སྔགས་མཐར༔ ཨཿཡཿམཿདུཿརུཿཙཿཤཿནཿསརྦ་དྷརྨ་པཱ་ལ་ཀྵེ་ཏྲ་པཱ་ལ་ལོ་ཀ་པཱ་ལ་ས་མ་ཡ༔ ཐུན་ཡ་ཐུན་ཡ༔ ཟོར་ཡ་ཟོར་ཡ༔ ཨ་མུ་ཀ་རཱུ་པ་ལ་རྦད་བྷྱོ༔ ངག་ལ་རྦད་བྷྱོ༔ ཡིད་ལ་རྦད་བྷྱོ༔ སྙིང་རྩ་ལ་རྦད་བྷྱོ༔ སྲོག་རྩ་ལ་རྦད་བྷྱོ༔ ཙིཏྟ་གཏུབ་གཏུབ༔ བླ་ལ་རྦད་བྷྱོ༔ ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད་སོད༔ དེ་ནས་གཏོར་ཟོར་གདབ་ལ༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་སྤྲུལ་པའི་ལྷ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ བླ་མ་དྲག་པོ་ཡབ་ཡུམ་སྤྲུལ་འཁོར་བཅས༔ བཀའ་སྡོད་ཕོ་ཉའི་ཐུགས་དམ་གནད་ནས་བསྐུལ༔ ཉམས་པ་བདུན་དང་ལྡན་པའི་དགྲ་བོ་འདིའི༔ ལུས་ངག་ཡིད་ལ་དྲག་པོའི་གཏོར་ཟོར་རྒྱོབ༔ ཕྱེ་མར་ཐུལ་ལ་རྣམ་ཤེས་རྟེན་དང་ཕྲོལ༔ ཆོས་དབྱིངས་འཁྲུལ་མི་ཤེས་པའི་ངང་དུ་སོད༔ རྩ་སྔགས་མཐར༔ ཨཿཡཿམཿདུཿརུཿཙཿཤཿནཿསརྦ་དྷརྨ་པཱ་ལ་ཀྵེ་ཏྲ་པཱ་ལ་ལོ་ཀ་པཱ་ལ་ས་མ་ཡ༔ ཐུན་ཡ་ཐུན་ཡ༔ ཟོར་ཡ་ཟོར་ཡ༔ ཨ་མུ་ཀ་རཱུ་པ་ལ་རྦད་བྷྱོ༔ ངག་ལ་རྦད་བྷྱོ༔ ཡིད་ལ་རྦད་བྷྱོ༔ སྙིང་རྩ་ལ་རྦད་བྷྱོ༔ སྲོག་རྩ་ལ་རྦད་བྷྱོ༔ ཙིཏྟ་གཏུབ་གཏུབ༔ བླ་ལ་རྦད་བྷྱོ༔ ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད་སོད༔ ས་མ་ཡ༔ པདྨ་དྲག་པོའི་རྣལ་འབྱོར་གྱིས༔ བསྐྱེད་དང་རྫོགས་པའི་གདིང་ལྡན་ཏེ༔ ལས་ཀ་འདི་ལ་བརྩོན་གྱུར་ན༔ སྟེང་གི་ལྷ་ཡང་སྒྲོལ་བར་ནུས༔ དགྲ་བགེགས་གཞན་ལ་ལྟ་ཅི་སྨོས༔ བཀུག་ཅིང་ཚེ་ལུང་བྱ་བ་དང་༔ སྒྲིབ་གཉིས་དྲི་མ་ཀུན་སྦྱངས་ཏེ༔ རྣམ་ཤེས་དབྱིངས་སུ་སྤར་བ་སོགས༔ བསྒྲལ་ཞིང་འདྲེན་པ་གནད་དུ་ཤེས༔ ལས་ངན་རྣམ་སྨིན་རྒྱུན་བཅད་ནས༔ གཏན་བདེའི་ས་ལ་སྦྱོར་བ་ཡིན༔ གནད་འདི་ཚུལ་བཞིན་ཤེས་པར་གྱིས༔ བཀའ་སྲུང་གནོད་སྦྱིན་དམར་ནག་དང་༔ ཁྱབ་འཇུག་དུག་གི་སྤུ་གྲིར་གཏད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ པདྨ་འོད་དུ་ཨ་ཐམ་རྒྱ༔ ཨྠིྀ༔ ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་སུམ་ཅུ་སོ་བདུན་བར་དུ་བཀའ་རྒྱས་བཏབ་མཐར་ཡེ་ཤེས་ཉི་མ་མཐའ་རྒྱས་ཀྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པའང་དེ་ཉིད་དོ།།དགེའོ།།དགེའོ།།དགེའོ།།།།