TTDL-ZABTER-01-KA-053: Difference between revisions

From Dudjom Wiki
TTDL-ZABTER-01-KA-053
No edit summary
No edit summary
Line 11: Line 11:
|sourcerevealertib=བདུད་འཇོམས་གླིང་པ་
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|terma=Yes
|cycle=zab gsang mkha' 'gro'i snying thig
|cycle=che mchog rak+sha thod phreng bdud 'joms rdo rje gro lod
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|cycletib=ཆེ་མཆོག་རཀྴ་ཐོད་ཕྲེང་བདུད་འཇོམས་རྡོ་རྗེ་གྲོ་ལོད་
|parentcycle=zab gsang mkha' 'gro'i snying thig
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms gro lod
|language=Tibetan
|language=Tibetan
|volnumtib=༡
|volnumtib=༡
|volyigtib=ཀ
|volyigtib=ཀ
|versonotes=bdud 'joms
|volumenumber=01
|volumenumber=01
|volumeLetter=KA
|volumeLetter=KA

Revision as of 15:43, 2 August 2024

Wylie title TTDL-ZABTER-01-KA-053.pdf
Location bdud 'joms gling pa zab gter
Volume 1, Text 53, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms gro lod
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆེ་མཆོག་རཀྴ་ཐོད་ཕྲེང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ (che mchog rak+sha thod phreng bdud 'joms rdo rje gro lod)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་བདུད་འཇོམས་རྡོ་རྗེའི་ཡང་གསང་དོན་གྱི་སྒྲུབ་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༥༠༧༔ མ་འོངས་དུས་ཀྱི་ཐ་མ་ལ༔ སྨོན་ལམ་ལས་འཕྲོ་ལྡན་པ་ཡི༔ སྐལ་པ་བཟང་པོའི་སྐྱེས་བུ་རྣམས༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་འདིར༔ བརྟེན་ན་རྣམ་གྲོལ་ས་ཐོབ་འགྱུར༔ བདེན་མཐོང་དོན་གྱི་རྣལ་འབྱོར་པ༔ ཁོ་ནའི་སྐལ་པར་བསྔགས་པ་ལས༔ གཞན་དུ་མ་ཡིན་ཨ་ཐམ་རྒྱ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ལ༔ ན་མོ༔ མ་བཅོས་རིག་པ་ཆོས་ཀྱི་སྐུ༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ བདག་རྟོག་ཁམས་གསུམ་འཁོར་བའི་སྲིད༔ བདག་མེད་ཆེན་པོར་སེམས་བསྐྱེད་དོ༔ དེ་ནས་མཚམས་བཅད་སྲུང་འཁོར་ལ༔ ཧཱུྃ༔ ང་ནི་མ་བཅོས་ཆོས་ཀྱི་སྐུ༔ མཚན་འཛིན་རྣམ་པར་རྟོག་པ་གཅོད༔ འཁོར་འདས་དག་མཉམ་རོལ་པའི་མཁའ༔ སྐུ་དང་ཡེ་ཤེས་མངོན་དུ་བྱ༔ ཕཊ་བཛྲ་རཀྵཿདེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ བརྡལ་ཁྱབ་སྤྲོས་བྲལ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས༔ མ་བཅོས་རང་གྲོལ་སྤྲུལ་པའི་སྐུ༔ མངོན་གྱུར་ཡེ་ཤེས་དབང་བྱིན་ཕོབ༔ བཛྲ་ཛྙཱ་ན་ཨ་བེ་ཤ་ཡ་ཨཱཿདེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཧཱུྃ༔ སྣང་བ་སྣོད་ཀྱི་གཞོང་པ་རུ༔ སྲིད་པ་རང་བྱུང་མཆོད་པའི་སྤྲིན༔ འདོད་ཡོན་མི་ཟད་རྒྱན་དུ་ཤར༔ ཆོས་ཉིད་སྒྱུ་མར་རོལ་པའི་འཕྲུལ༔ མ་ཧཱ་སརྦ་པཉྩ་པཱུ་ཛ་གྷ་ཎ་ཙཀྲ་ཧོཿདེ་ནས་གཞལ་ཡས་ལྷ་བསྐྱེད་ནི༔ ཧཱུྃ༔ བདག་རྟོག་འཁོར་བའི་སྣང་ཞེན་ཀུན༔ ཆོས་ཉིད་ཀ་དག་དབྱིངས་སུ་གཞིག༔ མཁྱེན་དང་གཟིགས་པའི་ཡེ་ཤེས་རྒྱས༔ ལྷུན་གྲུབ་བདེ་ཆེན་བཀོད་པ་འཕྲུལ༔ སྐུ་དང་ཡོན་ཏན་རབ་རྫོགས་པའི༔ ཞིང་ཁམས་དབང་དྲག་རོལ་པ་རུ༔ བདག་རྟོག་རོ་ལ་ཟ་བྱེད་ཀྱི༔ བདག་མེད་ཤེས་རབ་མཛའ་ན་མོའི༔ སྟེང་དུ་འབྲས་བུའི་ཧེ་རུ་ཀ༔ སྲིད་ལས་རྣམ་རྒྱལ་ཁྲོ་གཏུམ་རྔམ༔ ཡེ་ཤེས་གསུམ་མཚོན་སྤྱན་གསུམ་གཡོ༔ སྐུ་གསུམ་མཚོན་བྱེད་ཁྲོ་གཉེར་བསྡུས༔ དོན་གཉིས་མཚོན་བྱེད་ཤངས་བུག་ཧར༔ བདེན་གཉིས་ཟུང་འཇུག་སྙན་ཆ་མཛེས༔ མཉམ་ཉིད་རོལ་པའི་ཞལ་ཡངས་ཤིང་༔ ཚད་མེད་བཞི་མཚོན་མཆེ་བ་དཀར༔ དག་མཉམ་རོལ་པའི་ཨམ་གཙིགས་བསྡམས༔ བདེ་ཆེན་ཐབས་མཚོན་ཕྱག་གཡས་ན༔ ཐེག་དགུ་མཚོན་བྱེད་རྡོ་རྗེ་ཕྱར༔ སྟོང་ཉིད་ཤེས་རབ་ཕྱག་གཡོན་ན༔ ཐོགས་མེད་སྐུ་གསུམ་ཕུར་པ་གཟིར༔ སྲིད་ཞི་ལས་འཕགས་ཞབས་གཉིས་བགྲད༔ ཟག་མེད་བདེ་བའི་ངང་རྒྱས་ཕྱིར༔ སྨ་ར་སྨིན་མར་མེ་ཞགས་འཕྲོ༔ ཆོས་སྐུ་སྐྱེ་འགགས་འགྱུར་མེད་ཕྱིར༔ དབུ་སྐྲ་དམར་སེར་གཡས་སུ་འཁྱིལ༔ ཐེག་གསུམ་རྫོགས་པའི་བེར་ཤམ་དང་༔ ཆོས་གོས་དམར་པོ་གསེར་བཀྲ་གསོལ༔ བརྒྱུད་འཛིན་རྗེས་སུ་བཟུང་བའི་ཕྱིར༔ རིན་ཆེན་རྒྱན་ཕྲེང་སྙན་ཆ་གསོལ༔ དུག་གསུམ་འཁོར་བ་དབྱིངས་སྒྲོལ་ཕྱིར༔ ཐོད་པ་ཚར་གསུམ་ཕྲེང་བས་སྤྲས༔ ཡེ་ཤེས་རྩལ་ཆེན་མེ་དཔུང་འབར༔ ཐུགས་གསང་རྒྱུ་ཡི་ཧེ་རུ་ཀ༔ ཡང་གསང་རྡོ་རྗེ་ཐབས་ཤེས་སྦུབས༔ རིག་པ་ཧཱུྃ་ལ་སྔགས་ཀྱིས་བསྐོར༔ གསང་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་གཞལ་ཡས་ནས༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་དཔལ༔ དབྱིངས་ལས་སྐུར་བཞེངས་དུས་ལ་བབ༔ གཉིས་མེད་རོལ་པར་གཤེགས་སུ་གསོལ༔ ཕེཾ་ཛཿབཛྲ་ས་མ་ཡ༔ དེ་ནས་བཞུགས་གསོལ་ཕྱག་འཚལ་ལ༔ ཧཱུྃ༔ བཀོད་པ་བྱང་ཆུབ་སེམས་ཉིད་ལྷ༔ དབྱིངས་ཡེ་མཉམ་བརྡལ་རོལ་པར་བཞུགས༔ གདོད་ནས་འདུ་འབྲལ་མེད་པའི་ངང་༔ རིག་པའི་གར་གྱིས་མཇལ་ཕྱག་འཚལ༔ ས་མ་ཏི་སྟྭཾ༔ ན་མོ་ན་མ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ བདག་རྟོག་ཁམས་གསུམ་འཁོར་བའི་ཆོས༔ བདག་མེད་ཆོས་ཉིད་ཆེར་གཞིག་པའི༔ དྭངས་མ་དབྱིངས་རིག་ཟུང་འཇུག་གི༔ སྒྱུ་འཕྲུལ་སྣང་བཞིའི་བཀོད་པ་དཔལ༔ རིག་འཛིན་རྣམ་བཞིའི་ཞིང་དུ་འབུལ༔ སྐུ་བཞི་མངོན་གྱུར་དངོས་གྲུབ་སྩོལ༔ སརྦ་ཛྙཱ་ན་པཉྩ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ མ་བཅོས་ཀ་དག་རྫོགས་སངས་རྒྱས༔ ལྷུན་གྲུབ་སྐུ་དང་ཡོན་ཏན་རྫོགས༔ ཡེ་ཤེས་སྒྱུ་འཕྲུལ་ལྷར་སྣང་བཀོད༔ མ་བཙལ་རྫོགས་ལྡན་ངང་ལ་བསྟོད༔ གཞོམ་གཞིག་བྲལ་བ་གཞིའི་རྡོ་རྗེ༔ ཁམས་གསུམ་ཡོངས་སྒྲོལ་ཁྲོ་བོའི་རྒྱལ༔ གཞོམ་མེད་དྲག་ཤུལ་སྟོབས་ཤུགས་འཆང་༔ རཱུ་ཏྲའི་སྲོག་ལ་དྲག་ཏུ་རྒོལ༔ སྙིང་རྗེའི་མཆོག་ཅན་ཁྲོ་གཏུམ་འབར༔ ཁྲོས་པའི་ཡང་ཁྲོས་ཆེན་པོར་བསྟོད༔ བླ་མེད་བླ་མ་ཀུན་ཏུ་བཟང་༔ ཡི་དམ་རྒྱ་མཚོའི་སྲོག་བཅུད་འཛིན༔ དབྱིངས་ཀྱི་མ་མོ་མཁའ་འགྲོ་འདུ༔ ཞི་དྲག་ཀུན་ཏུ་མ་ངེས་ཤིང་༔ བན་དང་བོན་གྱི་ལྷག་ལྷར་བཞེངས༔ འཆོལ་བ་བདུད་འཇོམས་རྡོ་རྗེར་བསྟོད༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ གདོད་ནས་རང་བྱུང་ཡེ་ཤེས་ཞལ༔ མ་རིག་འཁྲུལ་པའི་སྒྲིབ་པས་བསྒྲིབ༔ ཡེ་ཤེས་སྟོབས་ཆེན་ཤུགས་ཀྱིས་བཤགས༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བཟླ༔ ས་མ་ཡ༔ ཧཱུྃ༔ འཁོར་འདས་རིག་པ་རྗེན་པར་སངས༔ ཅིར་སྣང་དག་པ་རབ་འབྱམས་ལྷ༔ གང་ཤར་ཆོས་ཉིད་རོལ་པའི་རྩལ༔ ཐམས་ཅད་དག་མཉམ་བདེ་བ་ཆེ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཧཱུྃ་གླུ་འདྲེན་ཅིང་སྣང་བ་རྒྱ་ཡན་དུ་བཏང་༔ ཧཱུྃ༔ ཀུན་ཏུ་བཟང་པོ་མན་ཆད་ནས༔ སྲིན་བུ་པདྨ་ཡན་ཆད་ཀྱི༔ ཐུགས་སྲོག་ཧཱུྃ་གི་རོལ་པ་ཆེ༔ གཉིས་མེད་རོལ་པར་རྫོགས་སངས་རྒྱས༔ ཡང་ཧཱུྃ་གླུ་ལེན༔ ཧཱུྃ༔ འཇིག་རྟེན་འདས་དང་མ་འདས་པའི༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་ཐམས་ཅད་ཡི་གེ་ཧཱུྃ༔ འདི་བརྗོད་འཁོར་འདས་དག་མཉམ་རོལ༔ ཧཱུྃ་གླུ་བླང་མཐར་ཛབ྄་བཟླས་ནི༔ ཧཱུྃ༔ གསང་ཆེན་རིགས་བཞིའི་ཧེ་རུ་ཀའི༔ ཐུགས་གསང་རྒྱུ་ཡི་ཡེ་ཤེས་སེམས༔ ཆོས་ཉིད་མི་འགྱུར་དབྱིངས་རྡོ་རྗེའི༔ ལྷུམས་སུ་ཏིང་འཛིན་སེམས་དཔའ་ཧཱུྃ༔ རིག་རྩལ་སྔགས་ཀྱི་ཕྲེང་བ་ཡི༔ རང་སྒྲས་སྣང་གྲགས་རིག་གསུམ་ཀུན༔ དག་པ་དཀྱིལ་འཁོར་གསུམ་དུ་གྲོལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཤེས་པ་གཞན་དུ་མ་ཡེངས་པར༔ རྩེ་གཅིག་དྲག་པོའི་སྔགས་དེ་བཟླས༔ ལོ་གཅིག་བསྒྲུབ་པས་དངོས་གྲུབ་ཐོབ༔ མི་བསླུ་ངེས་པའི་གཏན་ཚིག་གོ༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གཅིག་བར་དུ་བཀའ་རྒྱས་བཏབ་མཐར་རང་སློབ་དམ་པ་བསོད་ནམས་བཀྲ་ཤིས་ཀྱིས་ནན་དུ་བསྐུལ་ངོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་སངས་རྒྱས་སོ།།།།