TTDL-ZABTER-01-KA-068: Difference between revisions

From Dudjom Wiki
TTDL-ZABTER-01-KA-068
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་དགུ་གཅིག་དྲིལ་གྱི་ངོ་བོ་ནག་པོ་ཏི་པ་ར་ཛ་ལ་བརྟེན་ནས་འཆི་བ་བསླུ་བའི་མན་ངག་གཤིན་རྗེའི་ཞགས་པ་གཅོད་པའི་སྤུ་གྲི༔
|fulltitle=zab gsang mkha' 'gro'i snying thig las: dpal dgu gcig dril gyi ngo bo nag po ti pa ra dza la brten nas 'chi ba bslu ba'i man ngag gshin rje'i zhags pa gcod pa'i spu gri:
|citation=Khrag 'thung [[Bdud 'joms gling pa]]. ''Zab gsang mkha' 'gro'i snying thig las dpal dgu gcig dril gyi ngo bo nag po ti pa ra dza la brten nas 'chi ba bslu ba'i man ngag gshin rje'i zhags pa gcod pa'i spu gri''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 1: 615-631. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitle=bdud 'joms gling pa zab gter
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|tibgenre=Ransom Rites to Extend Lifespan - 'chi bslu
|terma=Yes
|terma=Yes
|cycle=che mchog rak+sha thod phreng bdud 'joms rdo rje gro lod
|cycle=che mchog rak+sha thod phreng bdud 'joms rdo rje gro lod
Line 15: Line 15:
|parentcycle=zab gsang mkha' 'gro'i snying thig
|parentcycle=zab gsang mkha' 'gro'i snying thig
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms gro lod
|language=Tibetan
|language=Tibetan
|volumenumber=01
|volnumtib=༡
|volnumtib=༡
|volyigtib=ཀ
|volyigtib=ཀ
|volumenumber=01
|totalvolumes=21
|volumeLetter=KA
|textnuminvol=068
|textnuminvol=068
|pagenumbers=615-631
|totalpages=17
|beginfolioline=1a1
|endfolioline=9a2
|totalfolios=9
|multivolumework=No
|rectonotes='chi bslu
|versonotes=bdud 'joms dpal dgu cha lag
|colophontib=ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་བདུན་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་ཡེ་ཤེས་ཉི་མ་མཐའ་རྒྱས་པས་བསྐུལ་ངོར་བརྡར་ཚང་སྐལ་བཟང་དགོན་དུ་གཏན་ལ་ཕབ་པའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།
|colophonwylie=zhes pa 'di ni khrag 'thung bdud 'joms rdo rjes gter nas bton te mi lo sum cu rtsa bdun bar du bka' rgyas btab ste mthar ye shes nyi ma mtha' rgyas pas bskul ngor brdar tshang skal bzang dgon du gtan la phab pa'o/_/dge'o/_/legs so/_/sarba mang+ga laM//
|pdflink=File:TTDL-ZABTER-01-KA-068.pdf
|pdflink=File:TTDL-ZABTER-01-KA-068.pdf
|authortib=བདུད་འཇོམས་གླིང་པ་
|sourcerevealertib=བདུད་འཇོམས་གླིང་པ་
|volumeLetter=KA
|InitCategories=Dudjom Tersar Project; TTDL-ZABTER-Volume-01-KA
|InitCategories=Dudjom Tersar Project; TTDL-ZABTER-Volume-01-KA
}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|༠༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་དགུ་གཅིག་དྲིལ་གྱི་ངོ་བོ་ནག་པོ་ཏི་པ་ར་ཛ་ལ་བརྟེན་ནས་འཆི་བ་བསླུ་བའི་མན་ངག་གཤིན་རྗེའི་ཞགས་པ་གཅོད་པའི་སྤུ་གྲི་བཞུགས་སོ༔  
{{TibP|ཐྂ༎༔  ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་དགུ་གཅིག་དྲིལ་གྱི་ངོ་བོ་ནག་པོ་ཏི་པ་ར་ཛ་ལ་བརྟེན་ནས་འཆི་བ་བསླུ་བའི་མན་ངག་གཤིན་རྗེའི་ཞགས་པ་གཅོད་པའི་སྤུ་གྲི་བཞུགས་སོ༔  
༠༠༠༠༠༠བརྡ་ཡིག༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠བརྡ་ཡིག༦༡༦༔ འཆི་བ་བསླུ་བའི་མན་ངག་ལ༔ དུག་ཁྲག་བག་ཟན་ཁམ་ས་རྣམས༔ བསྲེས་པའི་སྡིག་པ་ར་ཙ་ནི༔ མགོ་དགུ་རྭ་ནི་བཅོ་བརྒྱད་པ༔ ལུས་པོ་མིག་གིས་གང་བ་བཅའ༔ འབུལ་རྫས་ཕོ་ཏང་མོ་ཏང་དང་༔ མདའ་འཕང་ཆངས་གླུད་ཤ་དུམ་སོགས༔ འབྲས་ཆན་དར་ཟབ་མང་དུ་བསགས༔ དེ་ནས་བདག་མདུན་ཡི་དམ་ལྷ༔ རྟེན་དང་བརྟེན་པ་ཡོངས་རྫོགས་སུ༔ བསྐྱེད་ཅིང་བསྒོམ་པའི་གནད་ལྡན་ཏེ༔ སྐད་ཅིག་གིས་མདུན་གྱི་སྡིག་གཟུགས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་བདག་མདུན་གྱི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཕུང་ཁ་དོག་ལྔ་ལྡན་འཇའ་སྤྲིན་འཐིབས་པ་ལྟ་བུའི་རྣམ་པར་བྱུང་ནས་མདུན་དུ་འདུས་པར་བསམ༔ ཁམས་གསུམ་སྣོད་བཅུད་ཐམས་ཅད་ཀྱི་ངོ་བོ་ཧཱུྃ་མཐིང་གཅིག་ཏུ་དྲིལ་ཏེ་མདུན་གྱི་འོད་ཕུང་དང་འདྲེས་པ་ལས་ལྕགས་ཀྱི་སྡིག་པ་ནག་པོ་ཁ་དགུ་མགོ་དགུ་རྭ་བཅོ་བརྒྱད་ཡོད་པ་མགོ་ལུས་མེད་པར་མིག་དང་གཉེར་མས་གང་བ་ཁམས་གསུམ་ཧུབ་ཀྱིས་འདེབས་ཤིང་སྲིད་གསུམ་ཟས་སུ་ཟ་བ་འཆི་བདག་གཤིན་རྗེ་ལ་སོགས་པ་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱི་སྲོག་སྙིང་ནུས་མཐུ་ཐམས་ཅད་ཀྱི་ངོ་བོ་གཅིག་ཏུ་དྲིལ་བའི་བདག་ཉིད་དུ་བསྐྱེད་དོ༔ དེ་ལས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཐམས་ཅད་དང་༔ ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་དམ་ཅན་རྒྱ་མཚོ་མ་ལུས་ཤིང་ལུས་པ་མེད་པའི་ཕྲིན་ལས་མཐུ་སྟོབས་ནུས་པ་ཐམས་ཅད་འོད་ཕུང་གི་རྣམ་པར་བསྡུས་ཏེ་སྡིག་པ་ལ་ཐིམ༔ ཡང་འོད་འཕྲོས་པས་འཆི་བདག་ལས་ཀྱི་གཤིན་རྗེ་ལ་སོགས་པའི་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱི་སྲོག་སྙིང་ནུས་མཐུ་ཐམས་ཅད་བསྡུས་ཏེ་ཐིམ་པར་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཀུན་ཏུ་གསལ་བའི་ཉིན་སྣང་ལས༔ མུན་པ་ནག་པོའི་བསྐལ་པ་བྱུང་༔ དཀར་ནག་འཐབ་པའི་ཆོ་འཕྲུལ་ལས༔ དག་དང་མ་དག་སྣ་ཚོགས་པའི༔ སྣ་ཚོགས་སྣང་བ་ཅིར་ཡང་སྣང་༔ མ་རིག་འཁོར་བའི་སྡུག་བསྔལ་དང་༔ འཁྲུལ་སྣང་དབྱིངས་སུ་གཞིག་པའི་ཕྱིར༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ཡི༔ རྟེན་དང་བརྟེན་པའི་འཁོར་ལོར་ཤར༔ དེ་འོག་བར་གྱི་བསྐལ་པ་ལ༔ མ་རིག་གསུམ་དང་ཉོན་མོངས་ལྔ༔ འཁྲུལ་པའི་སྣང་སྲིད་ལྷ་འདྲེ་སྲིད༔ འདུལ་ཕྱིར་དྲག་པོ་རིགས་ལྔ་དང་༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ཤར༔ དེ་འོག་བསྐལ་པའི་ཐ་མ་ལ༔ ཡེ་ཤེས་དབྱིངས་ཀྱི་སྒྱུ་འཕྲུལ་ལྷའི༔ སྤྲུལ་པ་འགོང་པོ་སྤུན་དགུའི་སྡེ༔ དབང་བསྒྱུར་འཇོམས་ཤིང་འདུལ་བྱེད་པ༔ ཟ་བྱེད་ལྕགས་སྡིག་ནག་པོ་ཡི༔ ཕྲིན་ལས་མངོན་སྤྱོད་དཀྱིལ་འཁོར་ཤར༔ བཞེངས་ཤིག་བཞེངས་ཤིག་སྐུ་བཞེངས་ཤིག༔ དབྱིངས་ནས་སྐུར་བཞེངས་དུས་ལ་བབ༔ ཕྲིན་ལས་མཛད་པའི་དུས་ལ་བབ༔ ཁམས་གསུམ་དབང་དུ་བསྒྱུར་བ་དང་༔ ཐོགས་མེད་ཕྲིན་ལས་རྩལ་ཤུགས་སྐྱེད༔ གདུག་པའི་དགྲ་བགེགས་གནོད་བྱེད་ཀྱི༔ བློ་ཡིད་སེམས་གསུམ་དབང་བསྒྱུར་ལ༔ བར་ཆད་དབང་གྱུར་སེམས་ཅན་འདི༔ འཆི་བདག་ཁ་ནས་འཕྲོག་པ་དང་༔ གཤེད་མའི་ལག་ནས་བསླུ་བར་མཛོད༔ མ་གཡེལ་མ་འགྱངས་སྐུ་བཞེངས་ཤིག༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ སརྦ་མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཛྙཱ་ན་དྷཱ་ཏུ་ནག་པོ་ཏི་པ་ར་ཙ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་བདག༔ ཁམས་གསུམ་འཁོར་བའི་དབང་ཕྱུག་ཆེ༔ སྣང་སྲིད་ལྷ་འདྲེ་ཡོངས་ཀྱི་བླ༔ འདིར་གཤེགས་འདིར་བཞུགས་གསན་ཅིང་དགོངས༔ བདག་ཅག་སྔགས་འཆང་རྣལ་འབྱོར་གྱིས༔ མཆོད་སྦྱིན་བཞེས་ལ་བསྒོ་བའི་བཀའ༔ ཉན་ཅིང་ཅི་བཞིན་སྒྲུབ་པར་གྱིས༔ དེ་ནས་གླུད་དུ་འབུལ་བ་ནི༔ ཧཱུྃ༔ ཞི་ཁྲོ་སྤྲུལ་པའི་ཕོ་ཉ་གསོན༔ བཀའ་སྲུང་ཡོངས་ཀྱི་རྒྱལ་པོ་ཉོན༔ སྡེ་བརྒྱད་ཡོངས་ཀྱི་དབང་ཕྱུག་ཉོན༔ སྣང་སྲིད་ལྷ་འདྲེའི་སྤྱི་དཔལ་ཉོན༔ མཐོང་ལྡན་ཀུན་གྱི་མིག་གིས་ལྟོས༔ ཀུན་གྱིས་མ་རིག་མ་སྨྲ་ཞིག༔ ཐོས་ལྡན་རྣ་བའི་དབང་པོས་ཉོན༔ ཀུན་གྱིས་མ་ཚོར་མ་སྨྲ་ཞིག༔ ཕམ་རྒྱལ་འཐབ་རྩོད་མེད་པར་ལོངས༔ སུས་ཀྱང་མ་ཐོབ་མ་སྨྲ་ཞིག༔ ཧཱུྃ༔ ང་ནི་ཀུན་ཏུ་བཟང་པོ་སྟེ༔ ང་ནི་སྤྱི་དཔལ་ཆེན་པོའི་མཆོག༔ ང་ནི་པདྨ་དྲག་པོ་རྩལ༔ འཁོར་འདས་ཡོངས་ཀྱི་ཆེ་བཙན་མཆོག༔ འཁོར་འདས་ཡོངས་ཀྱི་དབང་ཕྱུག་ལགས༔ མི་གནས་ཆོས་ཀྱི་དབྱིངས་ནས་བཞེངས༔ མི་འགྱུར་ནམ་མཁའི་རྡོ་རྗེ་སྟེ༔ ཆོས་ཀྱི་དབྱིངས་ནས་བཞེངས་པའི་དོན༔ གང་དང་ཅི་ཡི་དོན་ཕྱིར་ན༔ རྒྱུ་སྦྱོར་སྦྱིན་པའི་བདག་པོ་དང་༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ འཁོན་དང་རྩོད་པ་འཐབ་འཁྲུགས་རྣམས༔ བསྡུམ་དང་དབྱེ་དང་བྱེ་བྲལ་གྱི༔ ཐབས་སུ་བུ་ལོན་འཇལ་བ་དང་༔ ལན་ཆགས་གསོད་ཅིང་མཁོན་པ་བསྡུམ༔ ཕན་ཚུན་བྱམས་བརྩེ་མཐུན་པར་བཅོས༔ དེ་ཕྱིར་ཀུན་ཀྱང་དམ་ལ་འདུས༔ ཀུན་ཀྱང་བཀའ་ལ་ཉན་པར་གྱིས༔ ཀྱཻ༔ འཆི་བདག་ལས་ཀྱི་གཤིན་རྗེ་སོགས༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔ འདོད་རྒུའི་དཔལ་ཡོན་ནམ་མཁའ་མཛོད༔ མི་ཟད་རྒྱན་གྱི་འཁོར་ལོར་འབུལ༔ ཅེས་འབུལ་རྫས་རྣམས་བྲན་ཏེ༔ ཨོཾ་སྭ་བྷཱ་ཝ་སོགས་གླུད་རྫས་རྣམས་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཁྱོན་དཔག་ཏུ་མེད་པའི་སྣོད་དུ་ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་སྣང་ཞིང་སྲིད་པའི་ལྷ་འདྲེ་ལན་ཆགས་བདག་པོ་བདག་མོ་ཐམས་ཅད་ཀྱི་དབང་པོ་སོ་སོའི་སྤྱོད་ཡུལ་དུ་གཟུགས་མཛེས་ཤིང་ཡིད་དུ་འོང་བ༔ སྒྲ་སྙན་པ་སྣ་ཚོགས་ཀྱིས་ཡིད་འཕྲོག་པ༔ དྲི་ཞིམ་པ་སྣ་ཚོགས་ཀྱིས་རྨུག་པ་དྭངས་ཤིང་༔ འཐུམ་བརྒྱལ་སངས་པ༔ རོ་བརྒྱ་ནུས་པ་སྟོང་དང་ལྡན་པའི་ཁ་ཟས་ཕུན་སུམ་ཚོགས་པས་བློ་ཡིད་ཚིམ་ཞིང་ཟག་མེད་ཀྱི་བདེ་བའི་རོས་རྟག་ཏུ་མྱོས་པར་བྱེད་པ༔ མདོར་ན་ཡིད་ལ་གང་ཤར་ཞིང་སེམས་ལ་གང་བསམ་པ་ཐམས་ཅད་སྐད་ཅིག་གིས་འབྱུང་ཞིང་རྒྱས་པར་བྱེད་པའི་བདག་ཉིད་ཅན་དུ་གྱུར༔ ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་དང་ནམ་མཁའ་མཛོད་སྔགས་ལན་བདུན༔ ཀྱཻ༔ ཚེ་རབས་འཁོར་བ་ཐོག་མེད་ནས༔ ལས་ཀྱིས་འབྲེལ་བའི་ཕ་དང་མར༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔ སྦྱིན་བདག་མི་ནོར་འཁོར་བཅས་ཀྱི༔ ཤ་ཡི་རིན་དང་ཁྲག་གི་ཚབས༔ བླ་ཡི་གླུད་དང་སྲོག་གི་ཚབས༔ ཕུང་ཁམས་སྐྱེ་མཆེད་དབང་པོ་ཡི༔ རིན་དང་ཚབས་སུ་འབུལ་བ་ནི༔ ཕོ་ཏང་དཔའ་བོའི་འགྱིང་སྟབས་ཅན༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ མོ་ཏང་མཛེས་སྡུག་ལྡེམ་པ་འདི༔ ཟ་མ་མོ་ཡི་གླུད་དུ་འབུལ༔ ཉག་ཕྲན་མདའ་དར་མཛེས་ལྡན་འདི༔ བྱིས་པ་ཆུང་ངུའི་གླུད་དུ་འབུལ༔ འཕང་ཕྲན་གྲུ་གུས་བརྒྱན་པ་འདི༔ བུད་མེད་དར་མའི་གླུད་དུ་འབུལ༔ གོས་ཕྲུག་དར་ཟབ་སྟག་གཟིག་རས༔ ལོངས་སྤྱོད་ནོར་གྱི་གླུད་དུ་འབུལ༔ རྒྱུ་སྦྱོར་སྦྱིན་པའི་བདག་པོ་འདི༔ འཆི་བདག་གཤིན་རྗེའི་ལག་ནས་བསླུ༔ སྣང་སྲིད་ལྷ་འདྲེའི་ལག་ནས་བསླུ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམ་པ་ཀློད་ལ་མནན་པ་ཐེག༔ དགའ་མགུ་ཡི་རང་ཚིམས་གྱུར་ཅིག༔ མཚན་བཞིའི་སྔགས་དང་བཅས་པས་ཅི་མང་ཕུལ་མཐར༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་ཅིང་༔ ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུ་བྱིན་གྱིས་བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་ཕོ་གདོན་མོ་གདོན་ཀླུ་གདོན་གཤིན་རྗེའི་བྱད་ཁ་ཆག་ཆེ་ཉམ་ང་༔ ཉིན་གྱི་ལྟས་ངན་པ༔ མཚན་གྱི་རྨི་ལམ་ངན་པ༔ མོ་དང་རྩིས་ངན་པ༔ སྔོན་གྱི་ལས་ངན་པ་དང་༔ འཕྲལ་གྱི་རྐྱེན་ངན་པ་དང་༔ མདོར་ན་མི་མཐུན་པའི་སྲོག་དང་མི་འདོད་པའི་ཉེ་བར་འཚེ་བ་ཐམས་ཅད་ཞི་བར་གྱུར་ཅིག༔ དུས་མ་ཡིན་པའི་འཆི་བ་དང་༔ འཇིགས་པ་དང་སྡུག་བསྔལ་དང་གཤིན་རྗེའི་ཞགས་པ་དང་བདུད་ཀྱི་རྩིས་དང་བཙན་གྱི་ཤྭ་རྡེལ་དང་མ་མོའི་ནད་ཡམས་ལ་སོགས་པའི་ནད་དང་གནོད་པ་རྐྱེན་དང་བར་ཆད་འཇིགས་པ་དང་སྡུག་བསྔལ་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཞི་ཞིང་དག་པར་གྱུར་ཅིག༔ བསྒྱུར་ཞིང་བཟློག་པར་གྱུར་ཅིག༔ ལན་ཆགས་བྱང་བར་གྱུར་ཅིག༔ བུ་ལོན་སོད་པར་གྱུར་ཅིག༔ ཤ་མཁོན་དྭངས་པར་གྱུར་ཅིག༔ ཕན་ཚུན་བྱམས་བརྩེས་གནས་ལ་འཁོད་ཅིང་བདེ་ལེགས་སུ་གྱུར་ཅིག༔ ཀྱཻ༔ ཕོ་གླུད་ངར་མི་མཛེས་ལྡན་དང་༔ འབྲུ་ཆན་འབྲས་བུ་སྣ་ཚོགས་པ༔ སྦྱིན་བདག་ཕོ་ཡི་གླུད་དུ་འབུལ༔ མོ་གླུད་ངར་མི་རལ་པ་ཅན༔ མཛེས་སྡུག་ཡིད་འཕྲོག་ལྡེམས་པ་འདི༔ སྦྱིན་བདག་མོ་ཡི་གླུད་དུ་འབུལ༔ ཤ་ཡི་རིན་དུ་ཤ་དུམ་དང་༔ ཁྲག་གི་ཚབས་སུ་ཁྲག་སྐྱེམས་འབུལ༔ རྒྱུ་སྦྱོར་སྦྱིན་བདག་ཕོ་མོ་འདི༔ སྡེ་བརྒྱད་གཤིན་རྗེའི་ལག་ནས་བསླུ༔ སྣང་སྲིད་ལྷ་འདྲེའི་ལག་ནས་བསླུ༔ བཟུང་བ་ཐོངས་ལ་སོགས་གོང་ལྟར་འགྲེའོ༔ དེ་ལྟར་བརྒྱ་རྩ་ཕུལ་སྔགས་བདེན་བརྗོད་དང་བཅས་པ་རྫོགས་མཐར༔ ཀྱཻ༔ འཆི་བདག་ལས་ཀྱི་གཤིན་རྗེ་དང་༔ སྣང་སྲིད་སྡེ་བརྒྱད་ལྷ་འདྲེ་ལ༔ སྦྱིན་བདག་མི་ཕྱུགས་དཀོར་བཅས་ཀྱི༔ ཤ་ཡི་རིན་དང་ཁྲག་གི་ཚབས༔ སྲོག་དང་དབུགས་ཀྱི་སྐྱིན་བླའི་གླུད༔ ཆངས་བུ་ཤ་དུམ་འབྲས་ཆན་འབུལ༔ སྦྱིན་པའི་བདག་པོའི་མི་ཕྱུགས་དཀོར༔ ལུས་ངག་ཡིད་གསུམ་བླ་ཡིད་སེམས༔ འཆི་བདག་གཤིན་རྗེའི་ལག་ནས་བསླུ༔ སྣང་སྲིད་ལྷ་འདྲེའི་ལག་ནས་བསླུ༔ བཟུང་བ་སོགས་མཚན་བཞིའི་སྔགས་ཀྱིས་མང་དུ་ཕུལ་མཐར་བདེན་སྟོབས་བརྗོད༔ ཀྱཻ༔ འཆི་བདག་གཤིན་རྗེའི་ལག་ནས་བསླུ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔ སྦྱིན་བདག་མི་ནོར་འཁོར་བཅས་ཀྱི༔ ཚེ་སྐྱིན་བླ་གླུད་ཤ་ཁྲག་གི༔ རིན་དང་གླུད་དུ་འབུལ་བ་ནི༔ མི་ངན་ཚབས་སུ་གླུད་བཟང་འབུལ༔ བུད་མེད་གླུད་དུ་ངར་གཟུགས་བསྔོ༔ རྟ་ཡི་གླུད་དུ་རྟ་མཆོག་བསྔོ༔ ཕྱུགས་ཀྱི་གླུད་དུ་འབྲི་གཡག་མཛོ༔ བ་གླང་མཛོ་མོའི་གཟུགས་རྣམས་འབུལ༔ གསེར་དངུལ་ཟངས་ལྕགས་ལ་སོགས་པ༔ རིན་པོ་ཆེ་ཡི་རིགས་བྱེད་རྣམས༔ རིན་ཆེན་ནོར་གྱི་གླུད་བཟང་འབུལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཤིང་ཏོག་འབྲས་བུ་སྣ་ཚོགས་པ༔ བཟའ་བ་ཟས་ཀྱི་གླུད་བཟང་འབུལ༔ ཇ་ཆང་འོ་སྐྱེམས་བཏུང་བའི་རིགས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པ༔ བཏུང་བ་སྐོམ་གྱི་གླུད་བཟང་འབུལ༔ མཁར་ཐབས་རིས་དང་རེས་བྱང་རྣམས༔ ཁང་ཁྱིམ་གནས་ཀྱི་གླུད་བཟང་འབུལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ མི་ནོར་དཀོར་དང་བཅས་པ་ལ༔ གནོད་ཅིང་འཚེ་བར་མ་བྱེད་ཅིག༔ འཁུ་ཞིང་སྡང་བར་མ་བྱེད་ཅིག༔ སྐབས་འཚོལ་གླག་ལྟ་མ་བྱེད་ཅིག༔ ནད་རྣམས་ལྷ་འདྲེ་རང་ལ་བསྡུ༔ བཟུང་བ༴བསྡམས་པ༴ཕྱིན་ཆད་ལྡང་བར་མ་བྱེད་ཅིག༔ མཚན་བཞི་བརྗོད་ཅིང་སྔགས་ཅི་མང་གིས་གླུད་རྣམས་འབུལ༔ དེ་ནས་རྫོང་འདེབས་པ་ནི༔ ཀྱཻ༔ གསོན་ཅིག་དགོངས་ཤིག་སྟོབས་ལྡན་རྣམས༔ པེ་ཧར་རྒྱལ་པོ་ཤིང་བྱ་ཅན༔ ཁྱོད་སྣང་སྲིད་ལྷ་འདྲེའི་དེད་དཔོན་ཏེ༔ ཁམས་གསུམ་སྲོག་གི་བདག་པོ་དང་༔ འགྲོ་བའི་དབུགས་ཀྱི་བདག་པོ་ཡིན༔ དཔལ་ཨོ་རྒྱན་ཆེན་པོའི་དཔང་བཙུགས་ཏེ༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ བདག་དང་རྒྱུ་སྦྱོར་སྦྱིན་པའི་བདག༔ མི་ནོར་དཀོར་དང་བཅས་པ་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཡི༔ མི་སྲུན་གདོན་བགེགས་དྲེགས་པ་ཅན༔ བཀའ་དང་དམ་ལ་མི་གནས་པ༔ མ་ལུས་ལུས་པ་མེད་པ་ཀུན༔ མདུན་དུ་བཀུག་ཅིང་བསྡུས་བཟུང་ལ༔ བཀའ་དམ་གཉན་པོའི་ཁྲིམས་སུ་ཆུག༔ ཡུལ་གླིང་གཞན་དུ་དེད་ཅིང་སོང་༔ ཕྱིར་མི་ལྡོག་པའི་བཀའ་ནན་ཐོབ༔ ཀྱཻ༔ ས་བདག་འཁོར་ལོའི་བསྒྱུར་རྒྱལ་ཉོན༔ ཁྱོད་ཀླུ་གཉན་ས་བདག་ཀུན་གྱི་གཙོ༔ དུས་གསུམ་རྒྱལ་བ་དཔང་གཙུགས་ཏེ༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཡི༔ ས་བདག་ཀླུ་གཉན་ཆེ་འབྲིང་ཆུང་༔ མ་ལུས་ལུས་པ་མེད་པ་རུ༔ མདུན་དུ་བཀུག་ཅིང་སྡུད་པར་གྱིས༔ ཁོ་ཡི་སྦྱོར་ངན་ནད་སྡུག་བསྔལ༔ ཁོ་རང་རྣམས་ལ་བསྡུ་རུ་ཆུག༔ བཟུང་བ༴བསྡམས་པ༴ས་ཡུལ་གཞན་དུ་དེད་ལ་སོང་༔ ཕྱིར་མི་ལྡོག་པའི་བཀའ་ཉན་ཐོབ༔ ཀྱཻ༔ མ་མོ་སྲིད་པའི་རྒྱལ་མོ་གསོན༔ ཁྱོད་མོ་གདོན་ཀུན་གྱི་རྒྱལ་མོ་སྟེ༔ དུས་གསུམ་རྒྱལ་བ་དཔང་བཙུགས་ནས༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ མི་ནོར་ལོངས་སྤྱོད་དཀོར་བཅས་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཡི༔ མོ་སྲི་མོ་འདྲེ་མོ་གདོན་རྣམས༔ མདུན་དུ་ཁུག་ལ་མྱུར་དུ་བསྡུས༔ སྦྱོར་ངན་ནད་དང་གནོད་པ་ཀུན༔ མོ་གདོན་རང་ལ་སྡུད་དུ་ཆུག༔ བཟུང་བ༴བསྡམས་པ༴ས་ཡུལ་གཞན་དུ༴ཕྱིར་མི༴ཀྱཻ༔ དེད་དཔོན་ཕོ་མོ་ཁྱེད་རྣམས་ལ༔ སྟོན་པ་རྫོགས་པའི་སངས་རྒྱས་དང་༔ གསང་བའི་བདག་པོ་རྡོ་རྗེ་ཅན༔ རྗེ་བཙུན་པདྨ་ཐོད་ཕྲེང་སོགས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས༔ བཀའ་དང་དམ་ཚིག་གཉན་པོ་དེ༔ གཏའ་རུ་བཞག་སྟེ་དཔང་དུ་བཙུགས༔ བདག་གིས་བཅོལ་བའི་ལས་དེ་དག༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཀྱཻ༔ སོངས་ཤིག་སོངས་ཤིག་ད་སོངས་ཤིག༔ ཆོས་ཤིག་ཆོས་ཤིག་ད་ཆོས་ཤིག༔ རྒྱུག་ཅིག་རྒྱུག་ཅིག་ད་རྒྱུག་ཅིག༔ ཕོ་ཏོང་སྟག་རས་བརྒྱན་པ་འདི༔ ལྷ་འདྲེ་རྣམས་ལ་རྫོངས་སུ་འདེབས༔ ཕོ་གླུད་མདའ་མཚོན་རྒྱན་ཅན་འདི༔ ལྷ་འདྲེ་རྣམས་ལ་རྫོངས་སུ་འདེབས༔ མོ་གླུད་འཕང་བཀྲ་ཐོགས་པ་འདི༔ ལྷ་འདྲེ་རྣམས་ལ་རྫོངས་སུ་འདེབས༔ རྟ་ཕྱུགས་ར་ལུག་བོང་དྲེལ་གཟུགས༔ ལྷ་འདྲེ་རྣམས་ལ་རྫོགས་སུ་འདེབས༔ སྦྲ་ཁང་མཁར་ཐབས་གུར་ཁྱིམ་གཟུགས༔ ལྷ་འདྲེ་རྣམས་ལ་རྫོངས་སུ་འདེབས༔ ཀ་ཆ་དཀོར་ཆ་དུ་མའི་ཚོགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ ལྷ་འདྲེ་རྣམས་ལ་རྫོངས་སུ་འདེབས༔ དཀར་གསུམ་མངར་གསུམ་ཤ་ཁྲག་རུས༔ འབྲུ་སྣ་ཤིང་ཏོག་ཟས་ཀྱི་རིགས༔ ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ ཇ་ཆང་འོ་སྐྱེམས་བཏུང་བའི་རིགས༔ ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ དར་ཟབ་བལ་ཚོན་གོས་དར་རིགས༔ ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ གཅན་གཟན་ཆེ་མ་ཆུང་རྒུའི་རིགས༔ ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ གསེར་དངུལ་ཟངས་ལྕགས་ནོར་གྱི་རིགས༔ ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ ཁལ་བཀོལ་ཁུར་བོར་པང་པས་ཐོབ༔ སྐད་ཅིག་ཉིད་ལ་ཕྱིར་དེངས་ཤིག༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ཡེ་ཤེས་དབྱིངས་ལས་སྤྲུལ་པ་ཡི༔ སྟོབས་ལྡན་སྡིག་པ་ནག་པོ་ཁྱོད༔ བཞེངས་ཤིག་བཞེངས་ཤིག་ད་བཞེངས་ཤིག༔ ཆོས་ཤིག་ཆོས་ཤིག་ད་ཆོས་ཤིག༔ ཁ་ནས་མེ་མདའ་འཕེན་ཞིང་སོང་༔ སྣ་ནས་ཐོག་ཆར་འབེབ་ཅིང་སོང་༔ ཁུང་ནས་འབྲུག་སྟོང་ལྡིར་ཞིང་སོང་༔ མིག་ནས་གློག་སྟོང་འཁྱུག་ཅིང་སོང་༔ བསྐལ་པའི་མེ་ལྟར་འབར་ཞིང་སོང་༔ སྤུ་གྲིའི་རླུང་ལྟར་གཡོ་ཞིང་སོང་༔ སྤྲུལ་པས་ས་སྟེང་འགེང་ཞིང་སོང་༔ བརྒྱལ་བྱེད་དྲི་ངན་འཕྱོ་ཞིང་སོང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ནད་རྣམས་ཧུབ་ཀྱིས་རོལ་ལ་སོང་༔ གནོད་པའི་གདོན་བགེགས་མ་ལུས་པ༔ བསད་བཅད་ཟ་ཞིང་དེད་ལ་སོང་༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ སྤྲུལ་པ་སྟོབས་ལྡན་སྡིག་པའི་ཚོགས༔ ལ་ལ་ཤར་གྱི་ཕྱོགས་སུ་ཆོས༔ དྲི་ཟའི་རིགས་གྱུར་གནོད་བྱེད་ཟློག༔ ལ་ལ་ཤར་ལྷོའི་མཚམས་སུ་ཆོས༔ མེ་ལྷའི་རིགས་གྱུར་གནོད་བྱེད་ཟློག༔ ལ་ལ་ལྷོ་ཡི་ཕྱོགས་སུ་ཆོས༔ གཤིན་རྗེའི་རིགས་གྱུར་གནོད་བྱེད་ཟློག༔ ལ་ལ་ལྷོ་ནུབ་མཚམས༴སྲིན་པོའི༴ལ་ལ་ནུབ་ཀྱི༴འཆི་བདག་རིགས༴ལ་ལ་ནུབ་བྱང་མཚམས༴རླུང་ལྷའི་རིགས༴ལ་ལ་བྱང་གི༴གནོད་སྦྱིན་རིགས༴ལ་ལ་བྱང་ཤར་མཚམས༴དབང་ལྡན་རིགས༴ལ་ལ་སྟེང་གི༴ལྷ་གདོན་རིགས༴ལ་ལ་འོག་གི༴ས་བདག་གཉན་རིགས༴ལ་ལ་བར་གྱི་ཕྱོགས་སུ་རྒྱུག༔ སྡེ་བརྒྱད་མི་མིན་ལྷ་འདྲེའི་ཚོགས༔ གསོད་ཅིང་བརླག་ཅིང་ཟ་ཞིང་རྒྱུག༔ རྗེས་ཤུལ་ཙམ་ཡང་མ་བཞག་པར༔ རི་རབ་ཆེན་པོའི་ཟོམས་སུ་ཁྱེར༔ གླིང་བར་མུན་པའི་ཁྲོད་དུ་སྐྲོད༔ ཕྱིར་མི་ལྡོག་པར་མཚམས་ཆོད་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་སརྦ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ བི་ཛ་ཡ་ཧཱུྃ༔ ནཱི་ལ་དཎྜ་ཧཱུྃ༔ ཡ་མཱནྟ་ཀ་ཧཱུྃ༔ ཨཱཪྻ་ཨ་ཙ་ལ་ཧཱུྃ༔ ཧྱ་གྲཱི་ཝ་ཧཱུྃ༔ ཨ་པ་རཱ་ཛི་ཏ་ཧཱུྃ༔ ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ མ་ཧཱ་བ་ལ་ཧཱུྃ༔ ཛཿཧཱུྃ་བྃ་ཧོཿནག་པོ་ཏི་པ་ར་ཙ་ས་མ་ཡ་ཀ་ལ་རཱུ་པ༔ གརྫ་གརྫ་ཧཱུྃ་ཕཊ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ སྙིང་རྩ་ལ་རྦད་རྦད༔ སྲོག་རྩ་ལ༴བླ་ལ༴ཤ་ལ༴ཁྲག་ལ༴རུས་པ་ལ༴མཱ་ར་ཡ་རྦད་རྦད་བྷྱོ་བྷྱོ༔ ཨུ་ཙ་ཏ་ཡ་ཕཊ༔ ཧཱུྃ་བཞིའི་སྔགས་བརྗོད་ཅིང་ཐུན་གྱིས་བྲབ༔ རྣམ་པར་འཇོམས་པའི་གཟུངས་བརྗོད་ཅིང་སྦྲ་ཁྱིམ་ལ་ཁྲུས་བྱ༔ སྲུང་བའི་གུར་ཁང་བསྒོམ༔ མེ་ཏོག་འཐོར་ཅིང་ཤིས་པ་བརྗོད་པས་རྫོགས་སོ༔ ས་མ་ཡ༔ བསྐྱེད་རྫོགས་གདིང་ལྡན་རྣལ་འབྱོར་གྱིས༔ དེ་ལྟར་ཚུལ་བཞིན་རྫོགས་གྱུར་ན༔ རྐྱེན་ངན་བར་ཆད་ཀུན་ཟློག་ཅིང་༔ ཕྲིན་ལས་འགྲུབ་པར་གདོན་མི་ཟ༔ བཀྲ་ཤིས་བདེ་ལེགས་དཔལ་འཕེལ་རྒྱས༔ བཀའ་སྲུང་དྲེགས་པ་སྡེ་དགུས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་བདུན་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་ཡེ་ཤེས་ཉི་མ་མཐའ་རྒྱས་པས་བསྐུལ་ངོར་བརྡར་ཚང་སྐལ་བཟང་དགོན་དུ་གཏན་ལ་ཕབ་པའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}}
 
 
ཐྂ༎༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) འཆི་བ་བསླུ་བའི་མན་ངག་ལ༔ དུག་ཁྲག་བག་ཟན་ཁམ་ས་རྣམས༔ བསྲེས་པའི་སྡིག་པ་ར་ཙ་ནི༔ མགོ་དགུ་རྭ་ནི་བཅོ་བརྒྱད་པ༔ ལུས་པོ་མིག་གིས་གང་བ་བཅའ༔ འབུལ་རྫས་ཕོ་ཏང་མོ་ཏང་དང་༔ མདའ་འཕང་ཆངས་གླུད་ཤ་དུམ་སོགས༔ འབྲས་ཆན་དར་ཟབ་མང་དུ་བསགས༔ དེ་ནས་བདག་མདུན་ཡི་དམ་ལྷ༔ རྟེན་དང་བརྟེན་པ་ཡོངས་རྫོགས་སུ༔ བསྐྱེད་ཅིང་བསྒོམ་པའི་གནད་ལྡན་ཏེ༔ སྐད་ཅིག་གིས་མདུན་གྱི་སྡིག་གཟུགས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་བདག་མདུན་གྱི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཕུང་ཁ་དོག་ལྔ་ལྡན་འཇའ་སྤྲིན་འཐིབས་པ་ལྟ་བུའི་རྣམ་པར་བྱུང་ནས་མདུན་དུ་འདུས་པར་བསམ༔ ཁམས་གསུམ་སྣོད་བཅུད་ཐམས་ཅད་ཀྱི་ངོ་བོ་ཧཱུྃ་མཐིང་གཅིག་ཏུ་དྲིལ་ཏེ་མདུན་གྱི་འོད་ཕུང་དང་འདྲེས་པ་ལས་ལྕགས་ཀྱི་སྡིག་པ་ནག་པོ་ཁ་དགུ་མགོ་དགུ་རྭ་བཅོ་བརྒྱད་ཡོད་པ་མགོ་ལུས་མེད་པར་མིག་དང་གཉེར་མས་གང་བ་ཁམས་གསུམ་ཧུབ་ཀྱིས་འདེབས་ཤིང་སྲིད་གསུམ་ཟས་སུ་ཟ་བ་འཆི་བདག་གཤིན་རྗེ་ལ་སོགས་པ་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱི་སྲོག་སྙིང་ནུས་མཐུ་ཐམས་ཅད་ཀྱི་ངོ་བོ་གཅིག་ཏུ་དྲིལ་བའི་བདག་ཉིད་དུ་བསྐྱེད་དོ༔ དེ་ལས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཐམས་ཅད་དང་༔ ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་དམ་ཅན་རྒྱ་མཚོ་མ་ལུས་ཤིང་ལུས་པ་མེད་པའི་ཕྲིན་ལས་མཐུ་སྟོབས་ནུས་པ་ཐམས་ཅད་འོད་ཕུང་གི་རྣམ་པར་བསྡུས་ཏེ་སྡིག་པ་ལ་ཐིམ༔ ཡང་འོད་འཕྲོས་པས་འཆི་བདག་ལས་ཀྱི་གཤིན་རྗེ་ལ་སོགས་པའི་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱི་སྲོག་སྙིང་ནུས་མཐུ་ཐམས་ཅད་བསྡུས་ཏེ་ཐིམ་པར་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཀུན་ཏུ་གསལ་བའི་ཉིན་སྣང་ལས༔ མུན་པ་ནག་པོའི་བསྐལ་པ་བྱུང་༔ དཀར་ནག་འཐབ་པའི་ཆོ་འཕྲུལ་ལས༔ དག་དང་མ་དག་སྣ་ཚོགས་པའི༔ སྣ་ཚོགས་སྣང་བ་ཅིར་ཡང་སྣང་༔ མ་རིག་འཁོར་བའི་སྡུག་བསྔལ་དང་༔ འཁྲུལ་སྣང་དབྱིངས་སུ་གཞིག་པའི་ཕྱིར༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ཡི༔ རྟེན་དང་བརྟེན་པའི་འཁོར་ལོར་ཤར༔ དེ་འོག་བར་གྱི་བསྐལ་པ་ལ༔ མ་རིག་གསུམ་དང་ཉོན་མོངས་ལྔ༔ འཁྲུལ་པའི་སྣང་སྲིད་ལྷ་འདྲེ་སྲིད༔ འདུལ་ཕྱིར་དྲག་པོ་རིགས་ལྔ་དང་༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ཤར༔ དེ་འོག་བསྐལ་པའི་ཐ་མ་ལ༔ ཡེ་ཤེས་དབྱིངས་ཀྱི་སྒྱུ་འཕྲུལ་ལྷའི༔ སྤྲུལ་པ་འགོང་པོ་སྤུན་དགུའི་སྡེ༔ དབང་བསྒྱུར་འཇོམས་ཤིང་འདུལ་བྱེད་པ༔ ཟ་བྱེད་ལྕགས་སྡིག་ནག་པོ་ཡི༔ ཕྲིན་ལས་མངོན་སྤྱོད་དཀྱིལ་འཁོར་ཤར༔ བཞེངས་ཤིག་བཞེངས་ཤིག་སྐུ་བཞེངས་ཤིག༔ དབྱིངས་ནས་སྐུར་བཞེངས་དུས་ལ་བབ༔ ཕྲིན་ལས་མཛད་པའི་དུས་ལ་བབ༔ ཁམས་གསུམ་དབང་དུ་བསྒྱུར་བ་དང་༔ ཐོགས་མེད་ཕྲིན་ལས་རྩལ་ཤུགས་སྐྱེད༔ གདུག་པའི་དགྲ་བགེགས་གནོད་བྱེད་ཀྱི༔ བློ་ཡིད་སེམས་གསུམ་དབང་བསྒྱུར་ལ༔ བར་ཆད་དབང་གྱུར་སེམས་ཅན་འདི༔ འཆི་བདག་ཁ་ནས་འཕྲོག་པ་དང་༔ གཤེད་མའི་ལག་ནས་བསླུ་བར་མཛོད༔ མ་གཡེལ་མ་འགྱངས་སྐུ་བཞེངས་ཤིག༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ སརྦ་མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཛྙཱ་ན་དྷཱ་ཏུ་ནག་པོ་ཏི་པ་ར་ཙ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་བདག༔ ཁམས་གསུམ་འཁོར་བའི་དབང་ཕྱུག་ཆེ༔ སྣང་སྲིད་ལྷ་འདྲེ་ཡོངས་ཀྱི་བླ༔ འདིར་གཤེགས་འདིར་བཞུགས་གསན་ཅིང་དགོངས༔ བདག་ཅག་སྔགས་འཆང་རྣལ་འབྱོར་གྱིས༔ མཆོད་སྦྱིན་བཞེས་ལ་བསྒོ་བའི་བཀའ༔ ཉན་ཅིང་ཅི་བཞིན་སྒྲུབ་པར་གྱིས༔ དེ་ནས་གླུད་དུ་འབུལ་བ་ནི༔ ཧཱུྃ༔ ཞི་ཁྲོ་སྤྲུལ་པའི་ཕོ་ཉ་གསོན༔ བཀའ་སྲུང་ཡོངས་ཀྱི་རྒྱལ་པོ་ཉོན༔ སྡེ་བརྒྱད་ཡོངས་ཀྱི་དབང་ཕྱུག་ཉོན༔ སྣང་སྲིད་ལྷ་འདྲེའི་སྤྱི་དཔལ་ཉོན༔ མཐོང་ལྡན་ཀུན་གྱི་མིག་གིས་ལྟོས༔ ཀུན་གྱིས་མ་རིག་མ་སྨྲ་ཞིག༔ ཐོས་ལྡན་རྣ་བའི་དབང་པོས་ཉོན༔ ཀུན་གྱིས་མ་ཚོར་མ་སྨྲ་ཞིག༔ ཕམ་རྒྱལ་འཐབ་རྩོད་མེད་པར་ལོངས༔ སུས་ཀྱང་མ་ཐོབ་མ་སྨྲ་ཞིག༔ ཧཱུྃ༔ ང་ནི་ཀུན་ཏུ་བཟང་པོ་སྟེ༔ ང་ནི་སྤྱི་དཔལ་ཆེན་པོའི་མཆོག༔ ང་ནི་པདྨ་དྲག་པོ་རྩལ༔ འཁོར་འདས་ཡོངས་ཀྱི་ཆེ་བཙན་མཆོག༔ འཁོར་འདས་ཡོངས་ཀྱི་དབང་ཕྱུག་ལགས༔ མི་གནས་ཆོས་ཀྱི་དབྱིངས་ནས་བཞེངས༔ མི་འགྱུར་ནམ་མཁའི་རྡོ་རྗེ་སྟེ༔ ཆོས་ཀྱི་དབྱིངས་ནས་བཞེངས་པའི་དོན༔ གང་དང་ཅི་ཡི་དོན་ཕྱིར་ན༔ རྒྱུ་སྦྱོར་སྦྱིན་པའི་བདག་པོ་དང་༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ འཁོན་དང་རྩོད་པ་འཐབ་འཁྲུགས་རྣམས༔ བསྡུམ་དང་དབྱེ་དང་བྱེ་བྲལ་གྱི༔ ཐབས་སུ་བུ་ལོན་འཇལ་བ་དང་༔ ལན་ཆགས་གསོད་ཅིང་མཁོན་པ་བསྡུམ༔ ཕན་ཚུན་བྱམས་བརྩེ་མཐུན་པར་བཅོས༔ དེ་ཕྱིར་ཀུན་ཀྱང་དམ་ལ་འདུས༔ ཀུན་ཀྱང་བཀའ་ལ་ཉན་པར་གྱིས༔ ཀྱཻ༔ འཆི་བདག་ལས་ཀྱི་གཤིན་རྗེ་སོགས༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔ འདོད་རྒུའི་དཔལ་ཡོན་ནམ་མཁའ་མཛོད༔ མི་ཟད་རྒྱན་གྱི་འཁོར་ལོར་འབུལ༔ ཅེས་འབུལ་རྫས་རྣམས་བྲན་ཏེ༔ ཨོཾ་སྭ་བྷཱ་ཝ་སོགས་གླུད་རྫས་རྣམས་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཁྱོན་དཔག་ཏུ་མེད་པའི་སྣོད་དུ་ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་སྣང་ཞིང་སྲིད་པའི་ལྷ་འདྲེ་ལན་ཆགས་བདག་པོ་བདག་མོ་ཐམས་ཅད་ཀྱི་དབང་པོ་སོ་སོའི་སྤྱོད་ཡུལ་དུ་གཟུགས་མཛེས་ཤིང་ཡིད་དུ་འོང་བ༔ སྒྲ་སྙན་པ་སྣ་ཚོགས་ཀྱིས་ཡིད་འཕྲོག་པ༔ དྲི་ཞིམ་པ་སྣ་ཚོགས་ཀྱིས་རྨུག་པ་དྭངས་ཤིང་༔ འཐུམ་བརྒྱལ་སངས་པ༔ རོ་བརྒྱ་ནུས་པ་སྟོང་དང་ལྡན་པའི་ཁ་ཟས་ཕུན་སུམ་ཚོགས་པས་བློ་ཡིད་ཚིམ་ཞིང་ཟག་མེད་ཀྱི་བདེ་བའི་རོས་རྟག་ཏུ་མྱོས་པར་བྱེད་པ༔ མདོར་ན་ཡིད་ལ་གང་ཤར་ཞིང་སེམས་ལ་གང་བསམ་པ་ཐམས་ཅད་སྐད་ཅིག་གིས་འབྱུང་ཞིང་རྒྱས་པར་བྱེད་པའི་བདག་ཉིད་ཅན་དུ་གྱུར༔ ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་དང་ནམ་མཁའ་མཛོད་སྔགས་ལན་བདུན༔ ཀྱཻ༔ ཚེ་རབས་འཁོར་བ་ཐོག་མེད་ནས༔ ལས་ཀྱིས་འབྲེལ་བའི་ཕ་དང་མར༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔ སྦྱིན་བདག་མི་ནོར་འཁོར་བཅས་ཀྱི༔ ཤ་ཡི་རིན་དང་ཁྲག་གི་ཚབས༔ བླ་ཡི་གླུད་དང་སྲོག་གི་ཚབས༔ ཕུང་ཁམས་སྐྱེ་མཆེད་དབང་པོ་ཡི༔ རིན་དང་ཚབས་སུ་འབུལ་བ་ནི༔ ཕོ་ཏང་དཔའ་བོའི་འགྱིང་སྟབས་ཅན༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ མོ་ཏང་མཛེས་སྡུག་ལྡེམ་པ་འདི༔ ཟ་མ་མོ་ཡི་གླུད་དུ་འབུལ༔ ཉག་ཕྲན་མདའ་དར་མཛེས་ལྡན་འདི༔ བྱིས་པ་ཆུང་ངུའི་གླུད་དུ་འབུལ༔ འཕང་ཕྲན་གྲུ་གུས་བརྒྱན་པ་འདི༔ བུད་མེད་དར་མའི་གླུད་དུ་འབུལ༔ གོས་ཕྲུག་དར་ཟབ་སྟག་གཟིག་རས༔ ལོངས་སྤྱོད་ནོར་གྱི་གླུད་དུ་འབུལ༔ རྒྱུ་སྦྱོར་སྦྱིན་པའི་བདག་པོ་འདི༔ འཆི་བདག་གཤིན་རྗེའི་ལག་ནས་བསླུ༔ སྣང་སྲིད་ལྷ་འདྲེའི་ལག་ནས་བསླུ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམ་པ་ཀློད་ལ་མནན་པ་ཐེག༔ དགའ་མགུ་ཡི་རང་ཚིམས་གྱུར་ཅིག༔ མཚན་བཞིའི་སྔགས་དང་བཅས་པས་ཅི་མང་ཕུལ་མཐར༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་ཅིང་༔ ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུ་བྱིན་གྱིས་བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་ཕོ་གདོན་མོ་གདོན་ཀླུ་གདོན་གཤིན་རྗེའི་བྱད་ཁ་ཆག་ཆེ་ཉམ་ང་༔ ཉིན་གྱི་ལྟས་ངན་པ༔ མཚན་གྱི་རྨི་ལམ་ངན་པ༔ མོ་དང་རྩིས་ངན་པ༔ སྔོན་གྱི་ལས་ངན་པ་དང་༔ འཕྲལ་གྱི་རྐྱེན་ངན་པ་དང་༔ མདོར་ན་མི་མཐུན་པའི་སྲོག་དང་མི་འདོད་པའི་ཉེ་བར་འཚེ་བ་ཐམས་ཅད་ཞི་བར་གྱུར་ཅིག༔ དུས་མ་ཡིན་པའི་འཆི་བ་དང་༔ འཇིགས་པ་དང་སྡུག་བསྔལ་དང་གཤིན་རྗེའི་ཞགས་པ་དང་བདུད་ཀྱི་རྩིས་དང་བཙན་གྱི་ཤྭ་རྡེལ་དང་མ་མོའི་ནད་ཡམས་ལ་སོགས་པའི་ནད་དང་གནོད་པ་རྐྱེན་དང་བར་ཆད་འཇིགས་པ་དང་སྡུག་བསྔལ་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཞི་ཞིང་དག་པར་གྱུར་ཅིག༔ བསྒྱུར་ཞིང་བཟློག་པར་གྱུར་ཅིག༔ ལན་ཆགས་བྱང་བར་གྱུར་ཅིག༔ བུ་ལོན་སོད་པར་གྱུར་ཅིག༔ ཤ་མཁོན་དྭངས་པར་གྱུར་ཅིག༔ ཕན་ཚུན་བྱམས་བརྩེས་གནས་ལ་འཁོད་ཅིང་བདེ་ལེགས་སུ་གྱུར་ཅིག༔ ཀྱཻ༔ ཕོ་གླུད་ངར་མི་མཛེས་ལྡན་དང་༔ འབྲུ་ཆན་འབྲས་བུ་སྣ་ཚོགས་པ༔ སྦྱིན་བདག་ཕོ་ཡི་གླུད་དུ་འབུལ༔ མོ་གླུད་ངར་མི་རལ་པ་ཅན༔ མཛེས་སྡུག་ཡིད་འཕྲོག་ལྡེམས་པ་འདི༔ སྦྱིན་བདག་མོ་ཡི་གླུད་དུ་འབུལ༔ ཤ་ཡི་རིན་དུ་ཤ་དུམ་དང་༔ ཁྲག་གི་ཚབས་སུ་ཁྲག་སྐྱེམས་འབུལ༔ རྒྱུ་སྦྱོར་སྦྱིན་བདག་ཕོ་མོ་འདི༔ སྡེ་བརྒྱད་གཤིན་རྗེའི་ལག་ནས་བསླུ༔ སྣང་སྲིད་ལྷ་འདྲེའི་ལག་ནས་བསླུ༔ བཟུང་བ་ཐོངས་ལ་སོགས་གོང་ལྟར་འགྲེའོ༔ དེ་ལྟར་བརྒྱ་རྩ་ཕུལ་སྔགས་བདེན་བརྗོད་དང་བཅས་པ་རྫོགས་མཐར༔ ཀྱཻ༔ འཆི་བདག་ལས་ཀྱི་གཤིན་རྗེ་དང་༔ སྣང་སྲིད་སྡེ་བརྒྱད་ལྷ་འདྲེ་ལ༔ སྦྱིན་བདག་མི་ཕྱུགས་དཀོར་བཅས་ཀྱི༔ ཤ་ཡི་རིན་དང་ཁྲག་གི་ཚབས༔ སྲོག་དང་དབུགས་ཀྱི་སྐྱིན་བླའི་གླུད༔ ཆངས་བུ་ཤ་དུམ་འབྲས་ཆན་འབུལ༔ སྦྱིན་པའི་བདག་པོའི་མི་ཕྱུགས་དཀོར༔ ལུས་ངག་ཡིད་གསུམ་བླ་ཡིད་སེམས༔ འཆི་བདག་གཤིན་རྗེའི་ལག་ནས་བསླུ༔ སྣང་སྲིད་ལྷ་འདྲེའི་ལག་ནས་བསླུ༔ བཟུང་བ་སོགས་མཚན་བཞིའི་སྔགས་ཀྱིས་མང་དུ་ཕུལ་མཐར་བདེན་སྟོབས་བརྗོད༔ ཀྱཻ༔ འཆི་བདག་གཤིན་རྗེའི་ལག་ནས་བསླུ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔ སྦྱིན་བདག་མི་ནོར་འཁོར་བཅས་ཀྱི༔ ཚེ་སྐྱིན་བླ་གླུད་ཤ་ཁྲག་གི༔ རིན་དང་གླུད་དུ་འབུལ་བ་ནི༔ མི་ངན་ཚབས་སུ་གླུད་བཟང་འབུལ༔ བུད་མེད་གླུད་དུ་ངར་གཟུགས་བསྔོ༔ རྟ་ཡི་གླུད་དུ་རྟ་མཆོག་བསྔོ༔ ཕྱུགས་ཀྱི་གླུད་དུ་འབྲི་གཡག་མཛོ༔ བ་གླང་མཛོ་མོའི་གཟུགས་རྣམས་འབུལ༔ གསེར་དངུལ་ཟངས་ལྕགས་ལ་སོགས་པ༔ རིན་པོ་ཆེ་ཡི་རིགས་བྱེད་རྣམས༔ རིན་ཆེན་ནོར་གྱི་གླུད་བཟང་འབུལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཤིང་ཏོག་འབྲས་བུ་སྣ་ཚོགས་པ༔ བཟའ་བ་ཟས་ཀྱི་གླུད་བཟང་འབུལ༔ ཇ་ཆང་འོ་སྐྱེམས་བཏུང་བའི་རིགས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པ༔ བཏུང་བ་སྐོམ་གྱི་གླུད་བཟང་འབུལ༔ མཁར་ཐབས་རིས་དང་རེས་བྱང་རྣམས༔ ཁང་ཁྱིམ་གནས་ཀྱི་གླུད་བཟང་འབུལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ མི་ནོར་དཀོར་དང་བཅས་པ་ལ༔ གནོད་ཅིང་འཚེ་བར་མ་བྱེད་ཅིག༔ འཁུ་ཞིང་སྡང་བར་མ་བྱེད་ཅིག༔ སྐབས་འཚོལ་གླག་ལྟ་མ་བྱེད་ཅིག༔ ནད་རྣམས་ལྷ་འདྲེ་རང་ལ་བསྡུ༔ བཟུང་བ༴བསྡམས་པ༴ཕྱིན་ཆད་ལྡང་བར་མ་བྱེད་ཅིག༔ མཚན་བཞི་བརྗོད་ཅིང་སྔགས་ཅི་མང་གིས་གླུད་རྣམས་འབུལ༔ དེ་ནས་རྫོང་འདེབས་པ་ནི༔ ཀྱཻ༔ གསོན་ཅིག་དགོངས་ཤིག་སྟོབས་ལྡན་རྣམས༔ པེ་ཧར་རྒྱལ་པོ་ཤིང་བྱ་ཅན༔ ཁྱོད་སྣང་སྲིད་ལྷ་འདྲེའི་དེད་དཔོན་ཏེ༔ ཁམས་གསུམ་སྲོག་གི་བདག་པོ་དང་༔ འགྲོ་བའི་དབུགས་ཀྱི་བདག་པོ་ཡིན༔ དཔལ་ཨོ་རྒྱན་ཆེན་པོའི་དཔང་བཙུགས་ཏེ༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ བདག་དང་རྒྱུ་སྦྱོར་སྦྱིན་པའི་བདག༔ མི་ནོར་དཀོར་དང་བཅས་པ་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཡི༔ མི་སྲུན་གདོན་བགེགས་དྲེགས་པ་ཅན༔ བཀའ་དང་དམ་ལ་མི་གནས་པ༔ མ་ལུས་ལུས་པ་མེད་པ་ཀུན༔ མདུན་དུ་བཀུག་ཅིང་བསྡུས་བཟུང་ལ༔ བཀའ་དམ་གཉན་པོའི་ཁྲིམས་སུ་ཆུག༔ ཡུལ་གླིང་གཞན་དུ་དེད་ཅིང་སོང་༔ ཕྱིར་མི་ལྡོག་པའི་བཀའ་ནན་ཐོབ༔ ཀྱཻ༔ ས་བདག་འཁོར་ལོའི་བསྒྱུར་རྒྱལ་ཉོན༔ ཁྱོད་ཀླུ་གཉན་ས་བདག་ཀུན་གྱི་གཙོ༔ དུས་གསུམ་རྒྱལ་བ་དཔང་གཙུགས་ཏེ༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཡི༔ ས་བདག་ཀླུ་གཉན་ཆེ་འབྲིང་ཆུང་༔ མ་ལུས་ལུས་པ་མེད་པ་རུ༔ མདུན་དུ་བཀུག་ཅིང་སྡུད་པར་གྱིས༔ ཁོ་ཡི་སྦྱོར་ངན་ནད་སྡུག་བསྔལ༔ ཁོ་རང་རྣམས་ལ་བསྡུ་རུ་ཆུག༔ བཟུང་བ༴བསྡམས་པ༴ས་ཡུལ་གཞན་དུ་དེད་ལ་སོང་༔ ཕྱིར་མི་ལྡོག་པའི་བཀའ་ཉན་ཐོབ༔ ཀྱཻ༔ མ་མོ་སྲིད་པའི་རྒྱལ་མོ་གསོན༔ ཁྱོད་མོ་གདོན་ཀུན་གྱི་རྒྱལ་མོ་སྟེ༔ དུས་གསུམ་རྒྱལ་བ་དཔང་བཙུགས་ནས༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ མི་ནོར་ལོངས་སྤྱོད་དཀོར་བཅས་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཡི༔ མོ་སྲི་མོ་འདྲེ་མོ་གདོན་རྣམས༔ མདུན་དུ་ཁུག་ལ་མྱུར་དུ་བསྡུས༔ སྦྱོར་ངན་ནད་དང་གནོད་པ་ཀུན༔ མོ་གདོན་རང་ལ་སྡུད་དུ་ཆུག༔ བཟུང་བ༴བསྡམས་པ༴ས་ཡུལ་གཞན་དུ༴ཕྱིར་མི༴ཀྱཻ༔ དེད་དཔོན་ཕོ་མོ་ཁྱེད་རྣམས་ལ༔ སྟོན་པ་རྫོགས་པའི་སངས་རྒྱས་དང་༔ གསང་བའི་བདག་པོ་རྡོ་རྗེ་ཅན༔ རྗེ་བཙུན་པདྨ་ཐོད་ཕྲེང་སོགས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས༔ བཀའ་དང་དམ་ཚིག་གཉན་པོ་དེ༔ གཏའ་རུ་བཞག་སྟེ་དཔང་དུ་བཙུགས༔ བདག་གིས་བཅོལ་བའི་ལས་དེ་དག༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཀྱཻ༔ སོངས་ཤིག་སོངས་ཤིག་ད་སོངས་ཤིག༔ ཆོས་ཤིག་ཆོས་ཤིག་ད་ཆོས་ཤིག༔ རྒྱུག་ཅིག་རྒྱུག་ཅིག་ད་རྒྱུག་ཅིག༔ ཕོ་ཏོང་སྟག་རས་བརྒྱན་པ་འདི༔ ལྷ་འདྲེ་རྣམས་ལ་རྫོངས་སུ་འདེབས༔ ཕོ་གླུད་མདའ་མཚོན་རྒྱན་ཅན་འདི༔ ལྷ་འདྲེ་རྣམས་ལ་རྫོངས་སུ་འདེབས༔ མོ་གླུད་འཕང་བཀྲ་ཐོགས་པ་འདི༔ ལྷ་འདྲེ་རྣམས་ལ་རྫོངས་སུ་འདེབས༔ རྟ་ཕྱུགས་ར་ལུག་བོང་དྲེལ་གཟུགས༔ ལྷ་འདྲེ་རྣམས་ལ་རྫོགས་སུ་འདེབས༔ སྦྲ་ཁང་མཁར་ཐབས་གུར་ཁྱིམ་གཟུགས༔ ལྷ་འདྲེ་རྣམས་ལ་རྫོངས་སུ་འདེབས༔ ཀ་ཆ་དཀོར་ཆ་དུ་མའི་ཚོགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ ལྷ་འདྲེ་རྣམས་ལ་རྫོངས་སུ་འདེབས༔ དཀར་གསུམ་མངར་གསུམ་ཤ་ཁྲག་རུས༔ འབྲུ་སྣ་ཤིང་ཏོག་ཟས་ཀྱི་རིགས༔ ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ ཇ་ཆང་འོ་སྐྱེམས་བཏུང་བའི་རིགས༔ ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ དར་ཟབ་བལ་ཚོན་གོས་དར་རིགས༔ ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ གཅན་གཟན་ཆེ་མ་ཆུང་རྒུའི་རིགས༔ ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ གསེར་དངུལ་ཟངས་ལྕགས་ནོར་གྱི་རིགས༔ ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ ཁལ་བཀོལ་ཁུར་བོར་པང་པས་ཐོབ༔ སྐད་ཅིག་ཉིད་ལ་ཕྱིར་དེངས་ཤིག༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ཡེ་ཤེས་དབྱིངས་ལས་སྤྲུལ་པ་ཡི༔ སྟོབས་ལྡན་སྡིག་པ་ནག་པོ་ཁྱོད༔ བཞེངས་ཤིག་བཞེངས་ཤིག་ད་བཞེངས་ཤིག༔ ཆོས་ཤིག་ཆོས་ཤིག་ད་ཆོས་ཤིག༔ ཁ་ནས་མེ་མདའ་འཕེན་ཞིང་སོང་༔ སྣ་ནས་ཐོག་ཆར་འབེབ་ཅིང་སོང་༔ ཁུང་ནས་འབྲུག་སྟོང་ལྡིར་ཞིང་སོང་༔ མིག་ནས་གློག་སྟོང་འཁྱུག་ཅིང་སོང་༔ བསྐལ་པའི་མེ་ལྟར་འབར་ཞིང་སོང་༔ སྤུ་གྲིའི་རླུང་ལྟར་གཡོ་ཞིང་སོང་༔ སྤྲུལ་པས་ས་སྟེང་འགེང་ཞིང་སོང་༔ བརྒྱལ་བྱེད་དྲི་ངན་འཕྱོ་ཞིང་སོང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ནད་རྣམས་ཧུབ་ཀྱིས་རོལ་ལ་སོང་༔ གནོད་པའི་གདོན་བགེགས་མ་ལུས་པ༔ བསད་བཅད་ཟ་ཞིང་དེད་ལ་སོང་༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ སྤྲུལ་པ་སྟོབས་ལྡན་སྡིག་པའི་ཚོགས༔ ལ་ལ་ཤར་གྱི་ཕྱོགས་སུ་ཆོས༔ དྲི་ཟའི་རིགས་གྱུར་གནོད་བྱེད་ཟློག༔ ལ་ལ་ཤར་ལྷོའི་མཚམས་སུ་ཆོས༔ མེ་ལྷའི་རིགས་གྱུར་གནོད་བྱེད་ཟློག༔ ལ་ལ་ལྷོ་ཡི་ཕྱོགས་སུ་ཆོས༔ གཤིན་རྗེའི་རིགས་གྱུར་གནོད་བྱེད་ཟློག༔ ལ་ལ་ལྷོ་ནུབ་མཚམས༴སྲིན་པོའི༴ལ་ལ་ནུབ་ཀྱི༴འཆི་བདག་རིགས༴ལ་ལ་ནུབ་བྱང་མཚམས༴རླུང་ལྷའི་རིགས༴ལ་ལ་བྱང་གི༴གནོད་སྦྱིན་རིགས༴ལ་ལ་བྱང་ཤར་མཚམས༴དབང་ལྡན་རིགས༴ལ་ལ་སྟེང་གི༴ལྷ་གདོན་རིགས༴ལ་ལ་འོག་གི༴ས་བདག་གཉན་རིགས༴ལ་ལ་བར་གྱི་ཕྱོགས་སུ་རྒྱུག༔ སྡེ་བརྒྱད་མི་མིན་ལྷ་འདྲེའི་ཚོགས༔ གསོད་ཅིང་བརླག་ཅིང་ཟ་ཞིང་རྒྱུག༔ རྗེས་ཤུལ་ཙམ་ཡང་མ་བཞག་པར༔ རི་རབ་ཆེན་པོའི་ཟོམས་སུ་ཁྱེར༔ གླིང་བར་མུན་པའི་ཁྲོད་དུ་སྐྲོད༔ ཕྱིར་མི་ལྡོག་པར་མཚམས་ཆོད་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་སརྦ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ བི་ཛ་ཡ་ཧཱུྃ༔ ནཱི་ལ་དཎྜ་ཧཱུྃ༔ ཡ་མཱནྟ་ཀ་ཧཱུྃ༔ ཨཱཪྻ་ཨ་ཙ་ལ་ཧཱུྃ༔ ཧྱ་གྲཱི་ཝ་ཧཱུྃ༔ ཨ་པ་རཱ་ཛི་ཏ་ཧཱུྃ༔ ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ མ་ཧཱ་བ་ལ་ཧཱུྃ༔ ཛཿཧཱུྃ་བྃ་ཧོཿནག་པོ་ཏི་པ་ར་ཙ་ས་མ་ཡ་ཀ་ལ་རཱུ་པ༔ གརྫ་གརྫ་ཧཱུྃ་ཕཊ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ སྙིང་རྩ་ལ་རྦད་རྦད༔ སྲོག་རྩ་ལ༴བླ་ལ༴ཤ་ལ༴ཁྲག་ལ༴རུས་པ་ལ༴མཱ་ར་ཡ་རྦད་རྦད་བྷྱོ་བྷྱོ༔ ཨུ་ཙ་ཏ་ཡ་ཕཊ༔ ཧཱུྃ་བཞིའི་སྔགས་བརྗོད་ཅིང་ཐུན་གྱིས་བྲབ༔ རྣམ་པར་འཇོམས་པའི་གཟུངས་བརྗོད་ཅིང་སྦྲ་ཁྱིམ་ལ་ཁྲུས་བྱ༔ སྲུང་བའི་གུར་ཁང་བསྒོམ༔ མེ་ཏོག་འཐོར་ཅིང་ཤིས་པ་བརྗོད་པས་རྫོགས་སོ༔ ས་མ་ཡ༔ བསྐྱེད་རྫོགས་གདིང་ལྡན་རྣལ་འབྱོར་གྱིས༔ དེ་ལྟར་ཚུལ་བཞིན་རྫོགས་གྱུར་ན༔ རྐྱེན་ངན་བར་ཆད་ཀུན་ཟློག་ཅིང་༔ ཕྲིན་ལས་འགྲུབ་པར་གདོན་མི་ཟ༔ བཀྲ་ཤིས་བདེ་ལེགས་དཔལ་འཕེལ་རྒྱས༔ བཀའ་སྲུང་དྲེགས་པ་སྡེ་དགུས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་བདུན་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་ཡེ་ཤེས་ཉི་མ་མཐའ་རྒྱས་པས་བསྐུལ་ངོར་བརྡར་ཚང་སྐལ་བཟང་དགོན་དུ་གཏན་ལ་ཕབ་པའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 12:06, 5 August 2024

Wylie title zab gsang mkha' 'gro'i snying thig las: dpal dgu gcig dril gyi ngo bo nag po ti pa ra dza la brten nas 'chi ba bslu ba'i man ngag gshin rje'i zhags pa gcod pa'i spu gri: TTDL-ZABTER-01-KA-068.pdf
Location bdud 'joms gling pa zab gter
Volume 1, Text 68, Pages 615-631 (Folios 1a1 to 9a2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las dpal dgu gcig dril gyi ngo bo nag po ti pa ra dza la brten nas 'chi ba bslu ba'i man ngag gshin rje'i zhags pa gcod pa'i spu gri. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: 615-631. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: 'chi bslu   Verso: bdud 'joms dpal dgu cha lag
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Ransom Rites to Extend Lifespan - 'chi bslu
Cycle ཆེ་མཆོག་རཀྴ་ཐོད་ཕྲེང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ (che mchog rak+sha thod phreng bdud 'joms rdo rje gro lod)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་བདུན་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་ཡེ་ཤེས་ཉི་མ་མཐའ་རྒྱས་པས་བསྐུལ་ངོར་བརྡར་ཚང་སྐལ་བཟང་དགོན་དུ་གཏན་ལ་ཕབ་པའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di ni khrag 'thung bdud 'joms rdo rjes gter nas bton te mi lo sum cu rtsa bdun bar du bka' rgyas btab ste mthar ye shes nyi ma mtha' rgyas pas bskul ngor brdar tshang skal bzang dgon du gtan la phab pa'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་དགུ་གཅིག་དྲིལ་གྱི་ངོ་བོ་ནག་པོ་ཏི་པ་ར་ཛ་ལ་བརྟེན་ནས་འཆི་བ་བསླུ་བའི་མན་ངག་གཤིན་རྗེའི་ཞགས་པ་གཅོད་པའི་སྤུ་གྲི་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) འཆི་བ་བསླུ་བའི་མན་ངག་ལ༔ དུག་ཁྲག་བག་ཟན་ཁམ་ས་རྣམས༔ བསྲེས་པའི་སྡིག་པ་ར་ཙ་ནི༔ མགོ་དགུ་རྭ་ནི་བཅོ་བརྒྱད་པ༔ ལུས་པོ་མིག་གིས་གང་བ་བཅའ༔ འབུལ་རྫས་ཕོ་ཏང་མོ་ཏང་དང་༔ མདའ་འཕང་ཆངས་གླུད་ཤ་དུམ་སོགས༔ འབྲས་ཆན་དར་ཟབ་མང་དུ་བསགས༔ དེ་ནས་བདག་མདུན་ཡི་དམ་ལྷ༔ རྟེན་དང་བརྟེན་པ་ཡོངས་རྫོགས་སུ༔ བསྐྱེད་ཅིང་བསྒོམ་པའི་གནད་ལྡན་ཏེ༔ སྐད་ཅིག་གིས་མདུན་གྱི་སྡིག་གཟུགས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་བདག་མདུན་གྱི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཕུང་ཁ་དོག་ལྔ་ལྡན་འཇའ་སྤྲིན་འཐིབས་པ་ལྟ་བུའི་རྣམ་པར་བྱུང་ནས་མདུན་དུ་འདུས་པར་བསམ༔ ཁམས་གསུམ་སྣོད་བཅུད་ཐམས་ཅད་ཀྱི་ངོ་བོ་ཧཱུྃ་མཐིང་གཅིག་ཏུ་དྲིལ་ཏེ་མདུན་གྱི་འོད་ཕུང་དང་འདྲེས་པ་ལས་ལྕགས་ཀྱི་སྡིག་པ་ནག་པོ་ཁ་དགུ་མགོ་དགུ་རྭ་བཅོ་བརྒྱད་ཡོད་པ་མགོ་ལུས་མེད་པར་མིག་དང་གཉེར་མས་གང་བ་ཁམས་གསུམ་ཧུབ་ཀྱིས་འདེབས་ཤིང་སྲིད་གསུམ་ཟས་སུ་ཟ་བ་འཆི་བདག་གཤིན་རྗེ་ལ་སོགས་པ་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱི་སྲོག་སྙིང་ནུས་མཐུ་ཐམས་ཅད་ཀྱི་ངོ་བོ་གཅིག་ཏུ་དྲིལ་བའི་བདག་ཉིད་དུ་བསྐྱེད་དོ༔ དེ་ལས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཐམས་ཅད་དང་༔ ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་དམ་ཅན་རྒྱ་མཚོ་མ་ལུས་ཤིང་ལུས་པ་མེད་པའི་ཕྲིན་ལས་མཐུ་སྟོབས་ནུས་པ་ཐམས་ཅད་འོད་ཕུང་གི་རྣམ་པར་བསྡུས་ཏེ་སྡིག་པ་ལ་ཐིམ༔ ཡང་འོད་འཕྲོས་པས་འཆི་བདག་ལས་ཀྱི་གཤིན་རྗེ་ལ་སོགས་པའི་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱི་སྲོག་སྙིང་ནུས་མཐུ་ཐམས་ཅད་བསྡུས་ཏེ་ཐིམ་པར་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཀུན་ཏུ་གསལ་བའི་ཉིན་སྣང་ལས༔ མུན་པ་ནག་པོའི་བསྐལ་པ་བྱུང་༔ དཀར་ནག་འཐབ་པའི་ཆོ་འཕྲུལ་ལས༔ དག་དང་མ་དག་སྣ་ཚོགས་པའི༔ སྣ་ཚོགས་སྣང་བ་ཅིར་ཡང་སྣང་༔ མ་རིག་འཁོར་བའི་སྡུག་བསྔལ་དང་༔ འཁྲུལ་སྣང་དབྱིངས་སུ་གཞིག་པའི་ཕྱིར༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ཡི༔ རྟེན་དང་བརྟེན་པའི་འཁོར་ལོར་ཤར༔ དེ་འོག་བར་གྱི་བསྐལ་པ་ལ༔ མ་རིག་གསུམ་དང་ཉོན་མོངས་ལྔ༔ འཁྲུལ་པའི་སྣང་སྲིད་ལྷ་འདྲེ་སྲིད༔ འདུལ་ཕྱིར་དྲག་པོ་རིགས་ལྔ་དང་༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ཤར༔ དེ་འོག་བསྐལ་པའི་ཐ་མ་ལ༔ ཡེ་ཤེས་དབྱིངས་ཀྱི་སྒྱུ་འཕྲུལ་ལྷའི༔ སྤྲུལ་པ་འགོང་པོ་སྤུན་དགུའི་སྡེ༔ དབང་བསྒྱུར་འཇོམས་ཤིང་འདུལ་བྱེད་པ༔ ཟ་བྱེད་ལྕགས་སྡིག་ནག་པོ་ཡི༔ ཕྲིན་ལས་མངོན་སྤྱོད་དཀྱིལ་འཁོར་ཤར༔ བཞེངས་ཤིག་བཞེངས་ཤིག་སྐུ་བཞེངས་ཤིག༔ དབྱིངས་ནས་སྐུར་བཞེངས་དུས་ལ་བབ༔ ཕྲིན་ལས་མཛད་པའི་དུས་ལ་བབ༔ ཁམས་གསུམ་དབང་དུ་བསྒྱུར་བ་དང་༔ ཐོགས་མེད་ཕྲིན་ལས་རྩལ་ཤུགས་སྐྱེད༔ གདུག་པའི་དགྲ་བགེགས་གནོད་བྱེད་ཀྱི༔ བློ་ཡིད་སེམས་གསུམ་དབང་བསྒྱུར་ལ༔ བར་ཆད་དབང་གྱུར་སེམས་ཅན་འདི༔ འཆི་བདག་ཁ་ནས་འཕྲོག་པ་དང་༔ གཤེད་མའི་ལག་ནས་བསླུ་བར་མཛོད༔ མ་གཡེལ་མ་འགྱངས་སྐུ་བཞེངས་ཤིག༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ སརྦ་མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཛྙཱ་ན་དྷཱ་ཏུ་ནག་པོ་ཏི་པ་ར་ཙ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་བདག༔ ཁམས་གསུམ་འཁོར་བའི་དབང་ཕྱུག་ཆེ༔ སྣང་སྲིད་ལྷ་འདྲེ་ཡོངས་ཀྱི་བླ༔ འདིར་གཤེགས་འདིར་བཞུགས་གསན་ཅིང་དགོངས༔ བདག་ཅག་སྔགས་འཆང་རྣལ་འབྱོར་གྱིས༔ མཆོད་སྦྱིན་བཞེས་ལ་བསྒོ་བའི་བཀའ༔ ཉན་ཅིང་ཅི་བཞིན་སྒྲུབ་པར་གྱིས༔ དེ་ནས་གླུད་དུ་འབུལ་བ་ནི༔ ཧཱུྃ༔ ཞི་ཁྲོ་སྤྲུལ་པའི་ཕོ་ཉ་གསོན༔ བཀའ་སྲུང་ཡོངས་ཀྱི་རྒྱལ་པོ་ཉོན༔ སྡེ་བརྒྱད་ཡོངས་ཀྱི་དབང་ཕྱུག་ཉོན༔ སྣང་སྲིད་ལྷ་འདྲེའི་སྤྱི་དཔལ་ཉོན༔ མཐོང་ལྡན་ཀུན་གྱི་མིག་གིས་ལྟོས༔ ཀུན་གྱིས་མ་རིག་མ་སྨྲ་ཞིག༔ ཐོས་ལྡན་རྣ་བའི་དབང་པོས་ཉོན༔ ཀུན་གྱིས་མ་ཚོར་མ་སྨྲ་ཞིག༔ ཕམ་རྒྱལ་འཐབ་རྩོད་མེད་པར་ལོངས༔ སུས་ཀྱང་མ་ཐོབ་མ་སྨྲ་ཞིག༔ ཧཱུྃ༔ ང་ནི་ཀུན་ཏུ་བཟང་པོ་སྟེ༔ ང་ནི་སྤྱི་དཔལ་ཆེན་པོའི་མཆོག༔ ང་ནི་པདྨ་དྲག་པོ་རྩལ༔ འཁོར་འདས་ཡོངས་ཀྱི་ཆེ་བཙན་མཆོག༔ འཁོར་འདས་ཡོངས་ཀྱི་དབང་ཕྱུག་ལགས༔ མི་གནས་ཆོས་ཀྱི་དབྱིངས་ནས་བཞེངས༔ མི་འགྱུར་ནམ་མཁའི་རྡོ་རྗེ་སྟེ༔ ཆོས་ཀྱི་དབྱིངས་ནས་བཞེངས་པའི་དོན༔ གང་དང་ཅི་ཡི་དོན་ཕྱིར་ན༔ རྒྱུ་སྦྱོར་སྦྱིན་པའི་བདག་པོ་དང་༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ འཁོན་དང་རྩོད་པ་འཐབ་འཁྲུགས་རྣམས༔ བསྡུམ་དང་དབྱེ་དང་བྱེ་བྲལ་གྱི༔ ཐབས་སུ་བུ་ལོན་འཇལ་བ་དང་༔ ལན་ཆགས་གསོད་ཅིང་མཁོན་པ་བསྡུམ༔ ཕན་ཚུན་བྱམས་བརྩེ་མཐུན་པར་བཅོས༔ དེ་ཕྱིར་ཀུན་ཀྱང་དམ་ལ་འདུས༔ ཀུན་ཀྱང་བཀའ་ལ་ཉན་པར་གྱིས༔ ཀྱཻ༔ འཆི་བདག་ལས་ཀྱི་གཤིན་རྗེ་སོགས༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔ འདོད་རྒུའི་དཔལ་ཡོན་ནམ་མཁའ་མཛོད༔ མི་ཟད་རྒྱན་གྱི་འཁོར་ལོར་འབུལ༔ ཅེས་འབུལ་རྫས་རྣམས་བྲན་ཏེ༔ ཨོཾ་སྭ་བྷཱ་ཝ་སོགས་གླུད་རྫས་རྣམས་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཁྱོན་དཔག་ཏུ་མེད་པའི་སྣོད་དུ་ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་སྣང་ཞིང་སྲིད་པའི་ལྷ་འདྲེ་ལན་ཆགས་བདག་པོ་བདག་མོ་ཐམས་ཅད་ཀྱི་དབང་པོ་སོ་སོའི་སྤྱོད་ཡུལ་དུ་གཟུགས་མཛེས་ཤིང་ཡིད་དུ་འོང་བ༔ སྒྲ་སྙན་པ་སྣ་ཚོགས་ཀྱིས་ཡིད་འཕྲོག་པ༔ དྲི་ཞིམ་པ་སྣ་ཚོགས་ཀྱིས་རྨུག་པ་དྭངས་ཤིང་༔ འཐུམ་བརྒྱལ་སངས་པ༔ རོ་བརྒྱ་ནུས་པ་སྟོང་དང་ལྡན་པའི་ཁ་ཟས་ཕུན་སུམ་ཚོགས་པས་བློ་ཡིད་ཚིམ་ཞིང་ཟག་མེད་ཀྱི་བདེ་བའི་རོས་རྟག་ཏུ་མྱོས་པར་བྱེད་པ༔ མདོར་ན་ཡིད་ལ་གང་ཤར་ཞིང་སེམས་ལ་གང་བསམ་པ་ཐམས་ཅད་སྐད་ཅིག་གིས་འབྱུང་ཞིང་རྒྱས་པར་བྱེད་པའི་བདག་ཉིད་ཅན་དུ་གྱུར༔ ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་དང་ནམ་མཁའ་མཛོད་སྔགས་ལན་བདུན༔ ཀྱཻ༔ ཚེ་རབས་འཁོར་བ་ཐོག་མེད་ནས༔ ལས་ཀྱིས་འབྲེལ་བའི་ཕ་དང་མར༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔ སྦྱིན་བདག་མི་ནོར་འཁོར་བཅས་ཀྱི༔ ཤ་ཡི་རིན་དང་ཁྲག་གི་ཚབས༔ བླ་ཡི་གླུད་དང་སྲོག་གི་ཚབས༔ ཕུང་ཁམས་སྐྱེ་མཆེད་དབང་པོ་ཡི༔ རིན་དང་ཚབས་སུ་འབུལ་བ་ནི༔ ཕོ་ཏང་དཔའ་བོའི་འགྱིང་སྟབས་ཅན༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ མོ་ཏང་མཛེས་སྡུག་ལྡེམ་པ་འདི༔ ཟ་མ་མོ་ཡི་གླུད་དུ་འབུལ༔ ཉག་ཕྲན་མདའ་དར་མཛེས་ལྡན་འདི༔ བྱིས་པ་ཆུང་ངུའི་གླུད་དུ་འབུལ༔ འཕང་ཕྲན་གྲུ་གུས་བརྒྱན་པ་འདི༔ བུད་མེད་དར་མའི་གླུད་དུ་འབུལ༔ གོས་ཕྲུག་དར་ཟབ་སྟག་གཟིག་རས༔ ལོངས་སྤྱོད་ནོར་གྱི་གླུད་དུ་འབུལ༔ རྒྱུ་སྦྱོར་སྦྱིན་པའི་བདག་པོ་འདི༔ འཆི་བདག་གཤིན་རྗེའི་ལག་ནས་བསླུ༔ སྣང་སྲིད་ལྷ་འདྲེའི་ལག་ནས་བསླུ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམ་པ་ཀློད་ལ་མནན་པ་ཐེག༔ དགའ་མགུ་ཡི་རང་ཚིམས་གྱུར་ཅིག༔ མཚན་བཞིའི་སྔགས་དང་བཅས་པས་ཅི་མང་ཕུལ་མཐར༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་ཅིང་༔ ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུ་བྱིན་གྱིས་བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་ཕོ་གདོན་མོ་གདོན་ཀླུ་གདོན་གཤིན་རྗེའི་བྱད་ཁ་ཆག་ཆེ་ཉམ་ང་༔ ཉིན་གྱི་ལྟས་ངན་པ༔ མཚན་གྱི་རྨི་ལམ་ངན་པ༔ མོ་དང་རྩིས་ངན་པ༔ སྔོན་གྱི་ལས་ངན་པ་དང་༔ འཕྲལ་གྱི་རྐྱེན་ངན་པ་དང་༔ མདོར་ན་མི་མཐུན་པའི་སྲོག་དང་མི་འདོད་པའི་ཉེ་བར་འཚེ་བ་ཐམས་ཅད་ཞི་བར་གྱུར་ཅིག༔ དུས་མ་ཡིན་པའི་འཆི་བ་དང་༔ འཇིགས་པ་དང་སྡུག་བསྔལ་དང་གཤིན་རྗེའི་ཞགས་པ་དང་བདུད་ཀྱི་རྩིས་དང་བཙན་གྱི་ཤྭ་རྡེལ་དང་མ་མོའི་ནད་ཡམས་ལ་སོགས་པའི་ནད་དང་གནོད་པ་རྐྱེན་དང་བར་ཆད་འཇིགས་པ་དང་སྡུག་བསྔལ་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཞི་ཞིང་དག་པར་གྱུར་ཅིག༔ བསྒྱུར་ཞིང་བཟློག་པར་གྱུར་ཅིག༔ ལན་ཆགས་བྱང་བར་གྱུར་ཅིག༔ བུ་ལོན་སོད་པར་གྱུར་ཅིག༔ ཤ་མཁོན་དྭངས་པར་གྱུར་ཅིག༔ ཕན་ཚུན་བྱམས་བརྩེས་གནས་ལ་འཁོད་ཅིང་བདེ་ལེགས་སུ་གྱུར་ཅིག༔ ཀྱཻ༔ ཕོ་གླུད་ངར་མི་མཛེས་ལྡན་དང་༔ འབྲུ་ཆན་འབྲས་བུ་སྣ་ཚོགས་པ༔ སྦྱིན་བདག་ཕོ་ཡི་གླུད་དུ་འབུལ༔ མོ་གླུད་ངར་མི་རལ་པ་ཅན༔ མཛེས་སྡུག་ཡིད་འཕྲོག་ལྡེམས་པ་འདི༔ སྦྱིན་བདག་མོ་ཡི་གླུད་དུ་འབུལ༔ ཤ་ཡི་རིན་དུ་ཤ་དུམ་དང་༔ ཁྲག་གི་ཚབས་སུ་ཁྲག་སྐྱེམས་འབུལ༔ རྒྱུ་སྦྱོར་སྦྱིན་བདག་ཕོ་མོ་འདི༔ སྡེ་བརྒྱད་གཤིན་རྗེའི་ལག་ནས་བསླུ༔ སྣང་སྲིད་ལྷ་འདྲེའི་ལག་ནས་བསླུ༔ བཟུང་བ་ཐོངས་ལ་སོགས་གོང་ལྟར་འགྲེའོ༔ དེ་ལྟར་བརྒྱ་རྩ་ཕུལ་སྔགས་བདེན་བརྗོད་དང་བཅས་པ་རྫོགས་མཐར༔ ཀྱཻ༔ འཆི་བདག་ལས་ཀྱི་གཤིན་རྗེ་དང་༔ སྣང་སྲིད་སྡེ་བརྒྱད་ལྷ་འདྲེ་ལ༔ སྦྱིན་བདག་མི་ཕྱུགས་དཀོར་བཅས་ཀྱི༔ ཤ་ཡི་རིན་དང་ཁྲག་གི་ཚབས༔ སྲོག་དང་དབུགས་ཀྱི་སྐྱིན་བླའི་གླུད༔ ཆངས་བུ་ཤ་དུམ་འབྲས་ཆན་འབུལ༔ སྦྱིན་པའི་བདག་པོའི་མི་ཕྱུགས་དཀོར༔ ལུས་ངག་ཡིད་གསུམ་བླ་ཡིད་སེམས༔ འཆི་བདག་གཤིན་རྗེའི་ལག་ནས་བསླུ༔ སྣང་སྲིད་ལྷ་འདྲེའི་ལག་ནས་བསླུ༔ བཟུང་བ་སོགས་མཚན་བཞིའི་སྔགས་ཀྱིས་མང་དུ་ཕུལ་མཐར་བདེན་སྟོབས་བརྗོད༔ ཀྱཻ༔ འཆི་བདག་གཤིན་རྗེའི་ལག་ནས་བསླུ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔ སྦྱིན་བདག་མི་ནོར་འཁོར་བཅས་ཀྱི༔ ཚེ་སྐྱིན་བླ་གླུད་ཤ་ཁྲག་གི༔ རིན་དང་གླུད་དུ་འབུལ་བ་ནི༔ མི་ངན་ཚབས་སུ་གླུད་བཟང་འབུལ༔ བུད་མེད་གླུད་དུ་ངར་གཟུགས་བསྔོ༔ རྟ་ཡི་གླུད་དུ་རྟ་མཆོག་བསྔོ༔ ཕྱུགས་ཀྱི་གླུད་དུ་འབྲི་གཡག་མཛོ༔ བ་གླང་མཛོ་མོའི་གཟུགས་རྣམས་འབུལ༔ གསེར་དངུལ་ཟངས་ལྕགས་ལ་སོགས་པ༔ རིན་པོ་ཆེ་ཡི་རིགས་བྱེད་རྣམས༔ རིན་ཆེན་ནོར་གྱི་གླུད་བཟང་འབུལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཤིང་ཏོག་འབྲས་བུ་སྣ་ཚོགས་པ༔ བཟའ་བ་ཟས་ཀྱི་གླུད་བཟང་འབུལ༔ ཇ་ཆང་འོ་སྐྱེམས་བཏུང་བའི་རིགས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པ༔ བཏུང་བ་སྐོམ་གྱི་གླུད་བཟང་འབུལ༔ མཁར་ཐབས་རིས་དང་རེས་བྱང་རྣམས༔ ཁང་ཁྱིམ་གནས་ཀྱི་གླུད་བཟང་འབུལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ མི་ནོར་དཀོར་དང་བཅས་པ་ལ༔ གནོད་ཅིང་འཚེ་བར་མ་བྱེད་ཅིག༔ འཁུ་ཞིང་སྡང་བར་མ་བྱེད་ཅིག༔ སྐབས་འཚོལ་གླག་ལྟ་མ་བྱེད་ཅིག༔ ནད་རྣམས་ལྷ་འདྲེ་རང་ལ་བསྡུ༔ བཟུང་བ༴བསྡམས་པ༴ཕྱིན་ཆད་ལྡང་བར་མ་བྱེད་ཅིག༔ མཚན་བཞི་བརྗོད་ཅིང་སྔགས་ཅི་མང་གིས་གླུད་རྣམས་འབུལ༔ དེ་ནས་རྫོང་འདེབས་པ་ནི༔ ཀྱཻ༔ གསོན་ཅིག་དགོངས་ཤིག་སྟོབས་ལྡན་རྣམས༔ པེ་ཧར་རྒྱལ་པོ་ཤིང་བྱ་ཅན༔ ཁྱོད་སྣང་སྲིད་ལྷ་འདྲེའི་དེད་དཔོན་ཏེ༔ ཁམས་གསུམ་སྲོག་གི་བདག་པོ་དང་༔ འགྲོ་བའི་དབུགས་ཀྱི་བདག་པོ་ཡིན༔ དཔལ་ཨོ་རྒྱན་ཆེན་པོའི་དཔང་བཙུགས་ཏེ༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ བདག་དང་རྒྱུ་སྦྱོར་སྦྱིན་པའི་བདག༔ མི་ནོར་དཀོར་དང་བཅས་པ་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཡི༔ མི་སྲུན་གདོན་བགེགས་དྲེགས་པ་ཅན༔ བཀའ་དང་དམ་ལ་མི་གནས་པ༔ མ་ལུས་ལུས་པ་མེད་པ་ཀུན༔ མདུན་དུ་བཀུག་ཅིང་བསྡུས་བཟུང་ལ༔ བཀའ་དམ་གཉན་པོའི་ཁྲིམས་སུ་ཆུག༔ ཡུལ་གླིང་གཞན་དུ་དེད་ཅིང་སོང་༔ ཕྱིར་མི་ལྡོག་པའི་བཀའ་ནན་ཐོབ༔ ཀྱཻ༔ ས་བདག་འཁོར་ལོའི་བསྒྱུར་རྒྱལ་ཉོན༔ ཁྱོད་ཀླུ་གཉན་ས་བདག་ཀུན་གྱི་གཙོ༔ དུས་གསུམ་རྒྱལ་བ་དཔང་གཙུགས་ཏེ༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཡི༔ ས་བདག་ཀླུ་གཉན་ཆེ་འབྲིང་ཆུང་༔ མ་ལུས་ལུས་པ་མེད་པ་རུ༔ མདུན་དུ་བཀུག་ཅིང་སྡུད་པར་གྱིས༔ ཁོ་ཡི་སྦྱོར་ངན་ནད་སྡུག་བསྔལ༔ ཁོ་རང་རྣམས་ལ་བསྡུ་རུ་ཆུག༔ བཟུང་བ༴བསྡམས་པ༴ས་ཡུལ་གཞན་དུ་དེད་ལ་སོང་༔ ཕྱིར་མི་ལྡོག་པའི་བཀའ་ཉན་ཐོབ༔ ཀྱཻ༔ མ་མོ་སྲིད་པའི་རྒྱལ་མོ་གསོན༔ ཁྱོད་མོ་གདོན་ཀུན་གྱི་རྒྱལ་མོ་སྟེ༔ དུས་གསུམ་རྒྱལ་བ་དཔང་བཙུགས་ནས༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ མི་ནོར་ལོངས་སྤྱོད་དཀོར་བཅས་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཡི༔ མོ་སྲི་མོ་འདྲེ་མོ་གདོན་རྣམས༔ མདུན་དུ་ཁུག་ལ་མྱུར་དུ་བསྡུས༔ སྦྱོར་ངན་ནད་དང་གནོད་པ་ཀུན༔ མོ་གདོན་རང་ལ་སྡུད་དུ་ཆུག༔ བཟུང་བ༴བསྡམས་པ༴ས་ཡུལ་གཞན་དུ༴ཕྱིར་མི༴ཀྱཻ༔ དེད་དཔོན་ཕོ་མོ་ཁྱེད་རྣམས་ལ༔ སྟོན་པ་རྫོགས་པའི་སངས་རྒྱས་དང་༔ གསང་བའི་བདག་པོ་རྡོ་རྗེ་ཅན༔ རྗེ་བཙུན་པདྨ་ཐོད་ཕྲེང་སོགས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས༔ བཀའ་དང་དམ་ཚིག་གཉན་པོ་དེ༔ གཏའ་རུ་བཞག་སྟེ་དཔང་དུ་བཙུགས༔ བདག་གིས་བཅོལ་བའི་ལས་དེ་དག༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཀྱཻ༔ སོངས་ཤིག་སོངས་ཤིག་ད་སོངས་ཤིག༔ ཆོས་ཤིག་ཆོས་ཤིག་ད་ཆོས་ཤིག༔ རྒྱུག་ཅིག་རྒྱུག་ཅིག་ད་རྒྱུག་ཅིག༔ ཕོ་ཏོང་སྟག་རས་བརྒྱན་པ་འདི༔ ལྷ་འདྲེ་རྣམས་ལ་རྫོངས་སུ་འདེབས༔ ཕོ་གླུད་མདའ་མཚོན་རྒྱན་ཅན་འདི༔ ལྷ་འདྲེ་རྣམས་ལ་རྫོངས་སུ་འདེབས༔ མོ་གླུད་འཕང་བཀྲ་ཐོགས་པ་འདི༔ ལྷ་འདྲེ་རྣམས་ལ་རྫོངས་སུ་འདེབས༔ རྟ་ཕྱུགས་ར་ལུག་བོང་དྲེལ་གཟུགས༔ ལྷ་འདྲེ་རྣམས་ལ་རྫོགས་སུ་འདེབས༔ སྦྲ་ཁང་མཁར་ཐབས་གུར་ཁྱིམ་གཟུགས༔ ལྷ་འདྲེ་རྣམས་ལ་རྫོངས་སུ་འདེབས༔ ཀ་ཆ་དཀོར་ཆ་དུ་མའི་ཚོགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ ལྷ་འདྲེ་རྣམས་ལ་རྫོངས་སུ་འདེབས༔ དཀར་གསུམ་མངར་གསུམ་ཤ་ཁྲག་རུས༔ འབྲུ་སྣ་ཤིང་ཏོག་ཟས་ཀྱི་རིགས༔ ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ ཇ་ཆང་འོ་སྐྱེམས་བཏུང་བའི་རིགས༔ ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ དར་ཟབ་བལ་ཚོན་གོས་དར་རིགས༔ ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ གཅན་གཟན་ཆེ་མ་ཆུང་རྒུའི་རིགས༔ ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ གསེར་དངུལ་ཟངས་ལྕགས་ནོར་གྱི་རིགས༔ ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ ཁལ་བཀོལ་ཁུར་བོར་པང་པས་ཐོབ༔ སྐད་ཅིག་ཉིད་ལ་ཕྱིར་དེངས་ཤིག༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ཡེ་ཤེས་དབྱིངས་ལས་སྤྲུལ་པ་ཡི༔ སྟོབས་ལྡན་སྡིག་པ་ནག་པོ་ཁྱོད༔ བཞེངས་ཤིག་བཞེངས་ཤིག་ད་བཞེངས་ཤིག༔ ཆོས་ཤིག་ཆོས་ཤིག་ད་ཆོས་ཤིག༔ ཁ་ནས་མེ་མདའ་འཕེན་ཞིང་སོང་༔ སྣ་ནས་ཐོག་ཆར་འབེབ་ཅིང་སོང་༔ ཁུང་ནས་འབྲུག་སྟོང་ལྡིར་ཞིང་སོང་༔ མིག་ནས་གློག་སྟོང་འཁྱུག་ཅིང་སོང་༔ བསྐལ་པའི་མེ་ལྟར་འབར་ཞིང་སོང་༔ སྤུ་གྲིའི་རླུང་ལྟར་གཡོ་ཞིང་སོང་༔ སྤྲུལ་པས་ས་སྟེང་འགེང་ཞིང་སོང་༔ བརྒྱལ་བྱེད་དྲི་ངན་འཕྱོ་ཞིང་སོང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ནད་རྣམས་ཧུབ་ཀྱིས་རོལ་ལ་སོང་༔ གནོད་པའི་གདོན་བགེགས་མ་ལུས་པ༔ བསད་བཅད་ཟ་ཞིང་དེད་ལ་སོང་༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ སྤྲུལ་པ་སྟོབས་ལྡན་སྡིག་པའི་ཚོགས༔ ལ་ལ་ཤར་གྱི་ཕྱོགས་སུ་ཆོས༔ དྲི་ཟའི་རིགས་གྱུར་གནོད་བྱེད་ཟློག༔ ལ་ལ་ཤར་ལྷོའི་མཚམས་སུ་ཆོས༔ མེ་ལྷའི་རིགས་གྱུར་གནོད་བྱེད་ཟློག༔ ལ་ལ་ལྷོ་ཡི་ཕྱོགས་སུ་ཆོས༔ གཤིན་རྗེའི་རིགས་གྱུར་གནོད་བྱེད་ཟློག༔ ལ་ལ་ལྷོ་ནུབ་མཚམས༴སྲིན་པོའི༴ལ་ལ་ནུབ་ཀྱི༴འཆི་བདག་རིགས༴ལ་ལ་ནུབ་བྱང་མཚམས༴རླུང་ལྷའི་རིགས༴ལ་ལ་བྱང་གི༴གནོད་སྦྱིན་རིགས༴ལ་ལ་བྱང་ཤར་མཚམས༴དབང་ལྡན་རིགས༴ལ་ལ་སྟེང་གི༴ལྷ་གདོན་རིགས༴ལ་ལ་འོག་གི༴ས་བདག་གཉན་རིགས༴ལ་ལ་བར་གྱི་ཕྱོགས་སུ་རྒྱུག༔ སྡེ་བརྒྱད་མི་མིན་ལྷ་འདྲེའི་ཚོགས༔ གསོད་ཅིང་བརླག་ཅིང་ཟ་ཞིང་རྒྱུག༔ རྗེས་ཤུལ་ཙམ་ཡང་མ་བཞག་པར༔ རི་རབ་ཆེན་པོའི་ཟོམས་སུ་ཁྱེར༔ གླིང་བར་མུན་པའི་ཁྲོད་དུ་སྐྲོད༔ ཕྱིར་མི་ལྡོག་པར་མཚམས་ཆོད་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་སརྦ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ བི་ཛ་ཡ་ཧཱུྃ༔ ནཱི་ལ་དཎྜ་ཧཱུྃ༔ ཡ་མཱནྟ་ཀ་ཧཱུྃ༔ ཨཱཪྻ་ཨ་ཙ་ལ་ཧཱུྃ༔ ཧྱ་གྲཱི་ཝ་ཧཱུྃ༔ ཨ་པ་རཱ་ཛི་ཏ་ཧཱུྃ༔ ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ མ་ཧཱ་བ་ལ་ཧཱུྃ༔ ཛཿཧཱུྃ་བྃ་ཧོཿནག་པོ་ཏི་པ་ར་ཙ་ས་མ་ཡ་ཀ་ལ་རཱུ་པ༔ གརྫ་གརྫ་ཧཱུྃ་ཕཊ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ སྙིང་རྩ་ལ་རྦད་རྦད༔ སྲོག་རྩ་ལ༴བླ་ལ༴ཤ་ལ༴ཁྲག་ལ༴རུས་པ་ལ༴མཱ་ར་ཡ་རྦད་རྦད་བྷྱོ་བྷྱོ༔ ཨུ་ཙ་ཏ་ཡ་ཕཊ༔ ཧཱུྃ་བཞིའི་སྔགས་བརྗོད་ཅིང་ཐུན་གྱིས་བྲབ༔ རྣམ་པར་འཇོམས་པའི་གཟུངས་བརྗོད་ཅིང་སྦྲ་ཁྱིམ་ལ་ཁྲུས་བྱ༔ སྲུང་བའི་གུར་ཁང་བསྒོམ༔ མེ་ཏོག་འཐོར་ཅིང་ཤིས་པ་བརྗོད་པས་རྫོགས་སོ༔ ས་མ་ཡ༔ བསྐྱེད་རྫོགས་གདིང་ལྡན་རྣལ་འབྱོར་གྱིས༔ དེ་ལྟར་ཚུལ་བཞིན་རྫོགས་གྱུར་ན༔ རྐྱེན་ངན་བར་ཆད་ཀུན་ཟློག་ཅིང་༔ ཕྲིན་ལས་འགྲུབ་པར་གདོན་མི་ཟ༔ བཀྲ་ཤིས་བདེ་ལེགས་དཔལ་འཕེལ་རྒྱས༔ བཀའ་སྲུང་དྲེགས་པ་སྡེ་དགུས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་བདུན་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་ཡེ་ཤེས་ཉི་མ་མཐའ་རྒྱས་པས་བསྐུལ་ངོར་བརྡར་ཚང་སྐལ་བཟང་དགོན་དུ་གཏན་ལ་ཕབ་པའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།