TTDL-ZABTER-02-KHA-021: Difference between revisions

From Dudjom Wiki
TTDL-ZABTER-02-KHA-021
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 2: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=gshin rje
|cycle='jam dpal drag po gshin rje gshed
|cycletib=འཇམ་དཔལ་དྲག་པོ་གཤིན་རྗེ་གཤེད་
|parentcycle=zab gsang mkha' 'gro'i snying thig
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms 'jam dpal drag po
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཁ
|volumenumber=02
|volumenumber=02
|volumeLetter=KHA
|volumeLetter=KHA

Revision as of 13:39, 5 August 2024

Wylie title TTDL-ZABTER-02-KHA-021.pdf
Location bdud 'joms gling pa zab gter
Volume 2, Text 21, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms 'jam dpal drag po
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle འཇམ་དཔལ་དྲག་པོ་གཤིན་རྗེ་གཤེད་ ('jam dpal drag po gshin rje gshed)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity gshin rje
[edit]
༠༠༠བརྡ་ཡིག༢༨༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་བསྐུལ་བ་རྡོ་རྗེའི་འགྱིང་གླུ་བཞུགས་སོ༔ ༠༠༠བརྡ་ཡིག༢༨༩ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བསྐུལ་བ་རྡོ་རྗེའི་འགྱིང་གླུ་ནི༔ ཤ་ཁྲག་དམར་གཏོར་བཤམས་ནས༔ དེ་དགྲ་བོའི་ཤ་ཁྲག་དངོས་སུ་དམིགས་ལ༔ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་སྤྲིན་དཔུང་འཁྲིགས་པ་ལྟར་བྱོན་ནས་ཤ་ཁྲག་ལ་རྔམས་ཟས་བྱེད་ཅིང་བསད་བཅད་ཀྱི་ལས་ལ་བརྩོན་པར་བསམ༔ ཧཱུྃ་་ཧཱུྃ་ཧཱུྃ་༔ དུག་གསུམ་དབྱིངས་སྒྲོལ་མི་རོའི་བམ་སྟེང་ནས༔ འཇམ་དཔལ་ཡ་མཱནྟ་ཀ་སྐུར་བཞེངས་ཤིག༔ རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུར་བཞེངས་ཤིག༔ རྡོ་རྗེ་བདུད་འདུལ་དྲག་པོ་སྐུར་བཞེངས་ཤིག༔ རིན་ཆེན་ཡཀྴ་མེ་དབལ་སྐུར་བཞེངས་ཤིག༔ པདྨ་ཀླུ་བདུད་རྡོ་རྗེ་སྐུར་བཞེངས་ཤིག༔ ཀརྨ་ཚེ་བདག་ནག་པོ་སྐུར་བཞེངས་ཤིག༔ ཡུམ་མཆོག་དུར་ཁྲོད་བདག་མོ་སྐུར་བཞེངས་ཤིག༔ སྤྲུལ་འཁོར་ལས་མཁན་བཀའ་སྡོད་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཉོན་མོངས་དུག་ལྔ་དུག་གསུམ་དགྲ་གདོན་བགེགས༔ མ་ལུས་ཐལ་བའི་རྡུལ་ཕྲན་བཞིན་དུ་རློག༔ དམ་ཚིག་དབང་གིས་ཐུགས་དམ་གནད་ནས་བསྐུལ༔ བསྟན་པའི་རཱུ་དྲ་བསྒྲལ་བའི་ལས་མཛོད་ཅིག༔ ས་མ་ཡ་ཛ་ཛཿདེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ་༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་ནས༔ དྲག་པོའི་རྟ་བྲོ་ཆེམས་སེ་ཆེམ༔ དམ་སྲི་སྒབ་འདྲེ་རྡུལ་དུ་རློག༔ ལྡང་མེད་གྲུ་གསུམ་ཧོམ་དུ་བྲུབ༔ སྐུ་གསུང་ཐུགས་ཀྱི་མནན་རྒྱས་ཐོབ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སུཾ་ལཾ༔ སྟྭཾ་བྷ་ཡ་ནན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་སྔགས་འཆང་བདུད་འཇོམས་རྡོ་རྗེས་མཁའ་འགྲོ་གསང་བའི་བརྡ་རིས་ལས་དག་པར་ཕབ་པའོ།།དགེའོ།།དགེའོ།།དགེའོ།།།།