TTDL-ZABTER-02-KHA-043: Difference between revisions

From Dudjom Wiki
TTDL-ZABTER-02-KHA-043
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 2: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=tshe dpag med
|cycle=tshe sgrub dngos grub 'dod 'byung
|cycletib=ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་
|parentcycle=zab gsang mkha' 'gro'i snying thig
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms tshe sgrub
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཁ
|volumenumber=02
|volumenumber=02
|volumeLetter=KHA
|volumeLetter=KHA

Revision as of 13:49, 5 August 2024

Wylie title TTDL-ZABTER-02-KHA-043.pdf
Location bdud 'joms gling pa zab gter
Volume 2, Text 43, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms tshe sgrub
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་ (tshe sgrub dngos grub 'dod 'byung)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity tshe dpag med
[edit]
༠༠༠༠བརྡ་ཡིག༤༣༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཆི་མེད་ཚེ་ཡི་བྱིན་འབེབས་དངོས་གྲུབ་སྦྲང་ཆར་བཞུགས་སོ༔ ༠༠༠༠བརྡ་ཡིག༤༣༤ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༣༤ཚེ་ཡི་སྒྲུབ་པ་བྱེད་པའི་ཚེ༔ སྤོས་དང་དྲི་བཟང་སྣ་ཚོགས་བསྲེགས༔ སྙན་པའི་རོལ་མོའི་སྒྲ་སྒྲོག་ཅིང་༔ གོས་བཟང་བགོས་ཏེ་སྟན་ལ་འཁོད༔ མོས་གུས་གདུང་ཞིང་དམིགས་གནད་ཀྱི༔ ངང་ནས་འདི་ལྟར་བྱིན་ཆེན་དབབ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཞིང་ཁམས་ནས༔ ཀུན་ཏུ་བཟང་པོ་ཡབ་ཡུམ་འཁོར༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཚེ་རིལ་འདི་ལ་གྲངས་ཅིག་སྤེལ༔ བདུད་རྩི་འདི་ལ་ཞག་ཅིག་བསྐྱིལ༔ བསྒྲུབ་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་མདའ་འདི་ལ་སྐྱེད་ཅིག་བསྲིང་༔ བུམ་ཆུ་འཆི་མེད་བདུད་རྩིར་བསྒྱུར༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨ་བེ་ཤ་ཡ་ཨཱཿཧཱུྃ༔ མི་ཤིགས་རྡོ་རྗེའི་གཞལ་ཡས་ནས༔ རྡོ་རྗེ་སེམས་དཔའ་སྟོན་འཁོར་བཅས༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཚེ་རིལ་འདི་ལ་གྲངས་ཅིག་སྤེལ༔ བདུད་རྩི་འདི་ལ་ཞག་ཅིག་བསྐྱིལ༔ བསྒྲུབ་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་མདའ་འདི་ལ་སྐྱེད་ཅིག་བསྲིང་༔ བུམ་ཆུ་འཆི་མེད་བདུད་རྩིར་བསྒྱུར༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨ་བེ་ཤ་ཡ་ཨཱཿཧཱུྃ༔ གཞོན་ནུ་བུམ་སྐུའི་ཀློང་ཆེན་ནས༔ དགའ་རབ་རྡོ་རྗེ་སྟོན་འཁོར་བཅས༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཚེ་རིལ་འདི་ལ་གྲངས་ཅིག་སྤེལ༔ བདུད་རྩི་འདི་ལ་ཞག་ཅིག་བསྐྱིལ༔ བསྒྲུབ་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་མདའ་འདི་ལ་སྐྱེད་ཅིག་བསྲིང་༔ བུམ་ཆུ་འཆི་མེད་བདུད་རྩིར་བསྒྱུར༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨ་བེ་ཤ་ཡ་ཨཱཿཧཱུྃ༔ འཇའ་ལུས་ཆོས་སྐུའི་ཕོ་བྲང་ནས༔ ཤྲཱི་སིང་ཧ་སྟོན་འཁོར་བཅས༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཚེ་རིལ་འདི་ལ་གྲངས་ཅིག་སྤེལ༔ བདུད་རྩི་འདི་ལ་ཞག་ཅིག་བསྐྱིལ༔ བསྒྲུབ་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་མདའ་འདི་ལ་སྐྱེད་ཅིག་བསྲིང་༔ བུམ་ཆུ་འཆི་མེད་བདུད་རྩིར་བསྒྱུར༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨ་བེ་ཤ་ཡ་ཨཱཿཧཱུྃ༔ ཟངས་མདོག་དཔལ་གྱི་རི་བོ་ནས༔ པདྨ་འབྱུང་གནས་སྟོན་འཁོར་བཅས༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཚེ་རིལ་འདི་ལ་གྲངས་ཅིག་སྤེལ༔ བདུད་རྩི་འདི་ལ་ཞག་ཅིག་བསྐྱིལ༔ བསྒྲུབ་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་མདའ་འདི་ལ་སྐྱེད་ཅིག་བསྲིང་༔ བུམ་ཆུ་འཆི་མེད་བདུད་རྩིར་བསྒྱུར༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨ་བེ་ཤ་ཡ་ཨཱཿཧཱུྃ༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ནས༔ གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཚེ་རིལ་འདི་ལ་གྲངས་ཅིག་སྤེལ༔ བདུད་རྩི་འདི་ལ་ཞག་ཅིག་བསྐྱིལ༔ བསྒྲུབ་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་མདའ་འདི་ལ་སྐྱེད་ཅིག་བསྲིང་༔ བུམ་ཆུ་འཆི་མེད་བདུད་རྩིར་བསྒྱུར༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨ་བེ་ཤ་ཡ་ཨཱཿཧཱུྃ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ནས༔ གྲུབ་བརྙེས་རྗེ་འབངས་ཉི་ཤུ་ལྔ༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཚེ་རིལ་འདི་ལ་གྲངས་ཅིག་སྤེལ༔ བདུད་རྩི་འདི་ལ་ཞག་ཅིག་བསྐྱིལ༔ བསྒྲུབ་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་མདའ་འདི་ལ་སྐྱེད་ཅིག་བསྲིང་༔ བུམ་ཆུ་འཆི་མེད་བདུད་རྩིར་བསྒྱུར༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨ་བེ་ཤ་ཡ་ཨཱཿཧཱུྃ༔ འུབ་ཆུབ་རོལ་པའི་ཀློང་ཆེན་ནས༔ རྩ་བའི་བླ་མ་སྟོན་འཁོར་བཅས༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཚེ་རིལ་འདི་ལ་གྲངས་ཅིག་སྤེལ༔ བདུད་རྩི་འདི་ལ་ཞག་ཅིག་བསྐྱིལ༔ བསྒྲུབ་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་མདའ་འདི་ལ་སྐྱེད་ཅིག་བསྲིང་༔ བུམ་ཆུ་འཆི་མེད་བདུད་རྩིར་བསྒྱུར༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨ་བེ་ཤ་ཡ་ཨཱཿཧཱུྃ༔ དབུས་ཕྱོགས་ལྷུན་གྲུབ་ཞིང་ཁམས་ནས༔ འཆི་མེད་མགོན་པོ་འཁོར་དང་བཅས༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཚེ་རིལ་འདི་ལ་གྲངས་ཅིག་སྤེལ༔ བདུད་རྩི་འདི་ལ་ཞག་ཅིག་བསྐྱིལ༔ བསྒྲུབ་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་མདའ་འདི་ལ་སྐྱེད་ཅིག་བསྲིང་༔ བུམ་ཆུ་འཆི་མེད་བདུད་རྩིར་བསྒྱུར༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨ་བེ་ཤ་ཡ་ཨཱཿཧཱུྃ༔ ཤར་ཕྱོགས་མངོན་དགའི་ཞིང་ཁམས་ནས༔ བཅོམ་ལྡན་མི་བསྐྱོད་ཡབ་ཡུམ་འཁོར༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཚེ་རིལ་འདི་ལ་གྲངས་ཅིག་སྤེལ༔ བདུད་རྩི་འདི་ལ་ཞག་ཅིག་བསྐྱིལ༔ བསྒྲུབ་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་མདའ་འདི་ལ་སྐྱེད་ཅིག་བསྲིང་༔ བུམ་ཆུ་འཆི་མེད་བདུད་རྩིར་བསྒྱུར༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨ་བེ་ཤ་ཡ་ཨཱཿཧཱུྃ༔ ལྷོ་ཕྱོགས་དཔལ་ལྡན་ཞིང་ཁམས་ནས༔ བཅོམ་ལྡན་རིན་འབྱུང་ཡབ་ཡུམ་འཁོར༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཚེ་རིལ་འདི་ལ་གྲངས་ཅིག་སྤེལ༔ བདུད་རྩི་འདི་ལ་ཞག་ཅིག་བསྐྱིལ༔ བསྒྲུབ་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་མདའ་འདི་ལ་སྐྱེད་ཅིག་བསྲིང་༔ བུམ་ཆུ་འཆི་མེད་བདུད་རྩིར་བསྒྱུར༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨ་བེ་ཤ་ཡ་ཨཱཿཧཱུྃ༔ ནུབ་ཕྱོགས་པད་རྩེགས་ཞིང་ཁམས་ནས༔ བཅོམ་ལྡན་སྣང་མཐའ་ཡབ་ཡུམ་འཁོར༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཚེ་རིལ་འདི་ལ་གྲངས་ཅིག་སྤེལ༔ བདུད་རྩི་འདི་ལ་ཞག་ཅིག་བསྐྱིལ༔ བསྒྲུབ་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་མདའ་འདི་ལ་སྐྱེད་ཅིག་བསྲིང་༔ བུམ་ཆུ་འཆི་མེད་བདུད་རྩིར་བསྒྱུར༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨ་བེ་ཤ་ཡ་ཨཱཿཧཱུྃ༔ བྱང་ཕྱོགས་ལས་རབ་ཞིང་ཁམས་ནས༔ བཅོམ་ལྡན་དོན་གྲུབ་ཡབ་ཡུམ་འཁོར༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཚེ་རིལ་འདི་ལ་གྲངས་ཅིག་སྤེལ༔ བདུད་རྩི་འདི་ལ་ཞག་ཅིག་བསྐྱིལ༔ བསྒྲུབ་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་མདའ་འདི་ལ་སྐྱེད་ཅིག་བསྲིང་༔ བུམ་ཆུ་འཆི་མེད་བདུད་རྩིར་བསྒྱུར༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨ་བེ་ཤ་ཡ་ཨཱཿཧཱུྃཤར་ཕྱོགས་ཞི་བའི་དཀྱིལ་འཁོར་ནས༔ སྙིང་རྗེའི་མགྱོགས་མ་ལྕགས་ཀྱུ་མ༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཚེ་རིལ་འདི་ལ་གྲངས་ཅིག་སྤེལ༔ བདུད་རྩི་འདི་ལ་ཞག་ཅིག་བསྐྱིལ༔ སྒྲུབ་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་མདའ་འདི་ལ་སྐྱེད་ཅིག་བསྲིང་༔ བུམ་ཆུ་འཆི་མེད་བདུད་རྩིར་བསྒྱུར༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨ་བེ་ཤ་ཡ་ཨཱཿཧཱུྃ༔ ལྷོ་ཕྱོགས་རྒྱས་པའི་དཀྱིལ་འཁོར་ནས༔ བྱམས་པའི་མགྱོགས་མ་ཞགས་པ་མ༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཚེ་རིལ་འདི་ལ་གྲངས་ཅིག་སྤེལ༔ བདུད་རྩི་འདི་ལ་ཞག་ཅིག་བསྐྱིལ༔ བསྒྲུབ་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་མདའ་འདི་ལ་སྐྱེད་ཅིག་བསྲིང་༔ བུམ་ཆུ་འཆི་མེད་བདུད་རྩིར་བསྒྱུར༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨ་བེ་ཤ་ཡ་ཨཱཿཧཱུྃ༔ ནུབ་ཕྱོགས་དབང་གི་དཀྱིལ་འཁོར་ནས༔ དགའ་བའི་མགྱོགས་མ་ལྕགས་སྒྲོག་མ༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཚེ་རིལ་འདི་ལ་གྲངས་ཅིག་སྤེལ༔ བདུད་རྩི་འདི་ལ་ཞག་ཅིག་བསྐྱིལ༔ སྒྲུབ་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་མདའ་འདི་ལ་སྐྱེད་ཅིག་བསྲིང་༔ བུམ་ཆུ་འཆི་མེད་བདུད་རྩིར་བསྒྱུར༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨ་བེ་ཤ་ཡ་ཨཱཿཧཱུྃ༔ བྱང་ཕྱོགས་དྲག་པོའི་དཀྱིལ་འཁོར་ནས༔ བཏང་སྙོམས་མགྱོགས་མ་དྲིལ་བུ་མ༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཚེ་རིལ་འདི་ལ་གྲངས་ཅིག་སྤེལ༔ བདུད་རྩི་འདི་ལ་ཞག་ཅིག་བསྐྱིལ༔ བསྒྲུབ་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་མདའ་འདི་ལ་སྐྱེད་ཅིག་བསྲིང་༔ བུམ་ཆུ་འཆི་མེད་བདུད་རྩིར་བསྒྱུར༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨ་བེ་ཤ་ཡ་ཨཱཿཧཱུྃ༔ དཀྱིལ་འཁོར་བར་ཁྱམས་འཁོར་ཡུག་ནས༔ སྒྱུ་འཕྲུལ་རོལ་བའི་ཡེ་ཤེས་ལྷ༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཚེ་རིལ་འདི་ལ་གྲངས་ཅིག་སྤེལ༔ བདུད་རྩི་འདི་ལ་ཞག་ཅིག་བསྐྱིལ༔ བསྒྲུབ་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་མདའ་འདི་ལ་སྐྱེད་ཅིག་བསྲིང་༔ བུམ་ཆུ་འཆི་མེད་བདུད་རྩིར་བསྒྱུར༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨ་བེ་ཤ་ཡ་ཨཱཿཧཱུྃ༔ དམ་ཚིག་གཉན་གྱི་ཕོ་བྲང་ནས༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་རྣམས༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྒྲུབ་པའི་དཀྱིལ་འཁོར་མཐའ་སྐྱོངས་ལ༔ དངོས་གྲུབ་མ་ལུས་བསྒྲུབ་ཅིང་སྲུངས༔ ཕྱི་ནང་གསང་བའི་བར་ཆད་ཐུལ༔ ཕྲིན་ལས་སྒྲུབ་མཛོད་ས་མ་ཡ༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛ༔ ཕེཾ་ཕེཾ་ཨ་བེ་ཤ་ཡ་ཨ་ཨ༔ འདི་ནི་དུས་བཞིར་ལག་ཏུ་ལོངས༔ དབང་དང་དངོས་གྲུབ་ཀུན་འགྲུབ་འགྱུར༔ བཀའ་སྲུང་ཚོགས་ཀྱི་བདག་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་གཏེར་སྟོན་བདུད་འདུལ་རྡོ་རྗེའི་ཡང་སྲིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེའི་བྲག་ནས་བཏོན་ཏེ་མི་ལོ་བཅོ་བརྒྱད་པར་དུ་བཀའ་རྒྱས་བཏབ་སྟེ་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་ངོ་མཚར་དབང་ཆེན་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།