ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བླ་མའི་གསོལ་འདེབས་དབང་བཞིའི་ཆུ་རྒྱུན༔

From Dudjom Wiki
Revision as of 15:49, 19 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-039
Wylie title chos nyid nam mkha'i klong mdzod las: bla ma'i gsol 'debs dbang bzhi'i chu rgyun: TTDL-ZABTER-12-NA-039.pdf
Location bdud 'joms gling pa zab gter
Volume 12, Text 39, Pages 231-232 (Folios 1a1 to 1b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las bla ma'i gsol 'debs dbang bzhi'i chu rgyun. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: 231-232. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol 'debs   Verso: bdud 'joms bdud 'joms bla sgrub
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Supplications - gsol 'debs
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Colophon

ཞེས་པ་འདི་འབྱུང་གནས་དང་རིག་ལོ་གཉིས་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བ་ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག །།

zhes pa 'di 'byung gnas dang rig lo gnyis kyis nan du bskul ngor bdud 'joms rdo rjes nam mkha'i mdzod las bsgyur ba thog mtha' bar gsum kun tu dge bar gyur cig //

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བླ་མའི་གསོལ་འདེབས་དབང་བཞིའི་ཆུ་རྒྱུན་བཞུགས༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བསྒྲུབ་དང་དཀྱིལ་འཁོར་ཐམས་ཅད་ཀྱི༔ བགེགས་དང་བར་ཆད་སེལ་བ་དང་༔ དབང་བྱིན་དངོས་གྲུབ་འབྱུང་བའི་ཕྱིར༔ ཐོག་མར་རྣམ་གསུམ་དད་པའི་སྒོ༔ གསོལ་འདེབས་རིམ་བཞིན་ཐུགས་ཡིད་བསྲེ༔ ན་མོ༔ ཀ་དག་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་༔ ལྷུན་གྲུབ་ལོངས་སྐུ་རིགས་ལྔ་གངས་ཆེན་མཚོ༔ སྤྲུལ་པའི་སྐུ་མཆོག་རིགས་གསུམ་འགྲོ་བའི་མགོན༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་ནས༔ སྐུ་གསུམ་ལྷུན་གྲུབ་རང་ཞལ་མངོན་གྱུར་ཤོག༔ ཨོ་རྒྱན་འགྲོ་བའི་མགོན་པོ་པདྨ་འབྱུང༔ རྒྱལ་བའི་ཡུམ་མཆོག་བདེ་ཆེན་མཚོ་རྒྱལ་མ༔ རྗེ་འབངས་རིག་འཛིན་ཚོགས་ཀྱི་ཚོམ་བུ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་ནས༔ དངོས་གྲུབ་རྣམ་གཉིས་མྱུར་དུ་ཐོབ་པར་ཤོག༔ བརྒྱུད་གསུམ་ཆུ་བོ་གཅིག་རྫོགས་བླ་མ་དང་༔ རྩ་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལ༔ གསོལ་བ་འདེབས་སོ་མ་དག་སྒོ་གསུམ་པོ༔ དག་པ་རྡོ་རྗེ་གསུམ་དུ་སྨིན་གྲོལ་ཤོག༔ ཁྲེགས་ཆོད་ཆོས་ཉིད་བདེན་པ་མངོན་མཐོང་ཞིང་༔ ཐོད་རྒལ་སྣང་བཞིའི་ཉམས་ལེན་མཐར་སོན་ནས༔ ཀ་དག་གཞོན་ནུ་བུམ་སྐུར་བྱང་ཆུབ་ཤོག༔ རྣམ་གསུམ་དད་པའི་གསོལ་འདེབས་འདིར་བརྩོན་ན༔ ཡང་དག་ལམ་མཆོག་གེགས་མེད་བསྒྲོད་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་འབྱུང་གནས་དང་རིག་ལོ་གཉིས་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བ་ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག །།