ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་ཟ་ངུ་ཁམས་གསུམ་གཡུལ་འཇོམས༔

From Dudjom Wiki
Revision as of 08:16, 26 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-016
Wylie title chos nyid nam mkha'i klong mdzod las: sngags srung dbyings kyi rje mo'i za ngu khams gsum g.yul 'joms: TTDL-ZABTER-13-PA-016.pdf
Location bdud 'joms gling pa zab gter
Volume 13, Text 16, Pages 59-60 (Folios 1a1 to 1b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las sngags srung dbyings kyi rje mo'i za ngu khams gsum g.yul 'joms. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 59-60. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: za ngu   Verso: bdud 'joms srung ma sngags srung
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Practices - las tshogs
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity E ka dzA Ti
Colophon

ཞེས་པ་འདི་ཡང་སློབ་བུ་བསོད་ནམས་ལྡེའུ་བཙན་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ།།

zhes pa 'di yang slob bu bsod nams lde'u btsan gyis bskul ngor bdud 'joms rdo rjes nam mkha'i mdzod las bsgyur ba'o/_/dge'o//

[edit]
ཕྚ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་ཟ་ངུ་ཁམས་གསུམ་གཡུལ་འཇོམས་བཞུགས༔ ན་མོ་གུ་རུ་ཝེ༔ (བརྡ་ཡིག་) དབྱིངས་ཀྱི་རྗེ་མོ་སྒྲུབ་པ་ཡིས༔ རྦད་བསྐུལ་རྗེས་སུ་ཟ་ངུ་ལ༔ བྷྱོ༔ འཁོར་འདས་དབང་ཕྱུག་སྤྱི་རྗེ་མོ༔ དགའ་ན་གདོད་མའི་སངས་རྒྱས་སྟོན༔ ཁྲོས་ན་སྲིད་པ་ཡོ་ལོག་བྱེད༔ སྲིད་པའི་མ་ཆེན་འཁོར་དང་བཅས༔ བསྐུལ་ལོ་རྦད་དོ་དགྲ་ལ་ཆོས༔ བླ་མའི་སྐུ་དགྲ་བྱེད་པ་དང་༔ སངས་རྒྱས་བསྟན་ལ་སྡང་བ་དང་༔ ཆོས་སྡེའི་དཀོར་ལ་རྐུ་བ་དང་༔ སྔགས་འཆང་བདག་གི་དགྲ་བོ་རྣམས༔ ཕ་ཁུ་ཡིན་ཡང་སྒྲོལ་ལ་ཤོག༔ སྤུན་ཟླ་ཡིན་ཡང་ཧུར་ཐུམ་སོད༔ ཚེ་ལ་ཧབ་ལེན་བྱེད་པ་དང་༔ སྲོག་ལ་ཧུར་ཐུམ་བྱེད་དུ་བསྐུལ༔ བླ་ལ་ཇག་རྐུན་སྟབས་ཀྱིས་སོད༔ བདག་གི་ལུགས་གཉིས་བྱ་བྱེད་ཀུན༔ མ་ཤེས་མ་རིག་དབང་གྱུར་པའི༔ མ་མོ་ཐུགས་དང་འགལ་གྱུར་གྱི༔ འཁུ་ལྡོག་གདུག་རྩུབ་མ་མཛད་པར༔ ཁྱི་ལྟོག་ཤ་ལ་རོལ་བ་བཞིན༔ དགྲ་བོའི་ཤ་ཁྲག་དཀོར་ནོར་ལ༔ མ་ཟད་བར་དུ་ཟ་ངུ་གྱིས༔ བསྒྲལ་བའི་ཞིང་དུ་གྱུར་པ་རྣམས༔ ཉེའམ་རིང་བ་གར་གནས་ཀྱང་༔ མ་བཞག་མྱུར་དུ་བསྒྲལ་བ་དང་༔ ཤ་ཁྲག་བླ་ལ་ཟ་ངུ་གྱིས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བསྐུལ་ལོ་རྦད་དོ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ལྟར་ཟ་ངུ་གྲངས་ལྡན་པས༔ འཁུ་ཞིང་ལྡོག་པར་མི་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སློབ་བུ་བསོད་ནམས་ལྡེའུ་བཙན་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ།། །།