ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་གསོལ་མཆོད་འདོད་རྒུ་ལྷུན་གྲུབ༔

From Dudjom Wiki
Revision as of 13:10, 26 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-034
Wylie title chos nyid nam mkha'i klong mdzod las: gnod sbyin shan pa dmar nag gi gsol mchod 'dod rgu lhun grub: TTDL-ZABTER-13-PA-034.pdf
Location bdud 'joms gling pa zab gter
Volume 13, Text 34, Pages 115 (Folios 1a1 to 1a5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las gnod sbyin shan pa dmar nag gi gsol mchod 'dod rgu lhun grub. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 115. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol mchod shan pa  
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Protector Rituals - gsol mchod
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity Shan pa dmar nag
Colophon

ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །མངྒ་ལཾ།།

zhes pa 'di ni khrag 'thung bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'o/_/dge'o/_/mang+ga laM//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་གསོལ་མཆོད་འདོད་རྒུ་ལྷུན་གྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) གསེར་སྐྱེམས་བ་ལིང་འབྱོར་ཚོགས་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཐར༔ ཀྵ༔ སྣང་སྲིད་དབང་ཕྱུག་དབང་གི་རྒྱལ༔ དགྲ་བགེགས་ཚར་གཅོད་དྲག་པོའི་སྐུ༔ འཇིགས་བྱེད་གནོད་སྦྱིན་ཤན་པ་ཆེ༔ ཡུམ་མཆོག་གསོད་བྱེད་དམར་མོ་དང་༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་ལ༔ ཕྱི་ནང་གསང་བའི་མཆོད་རྫས་ཀྱི༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ སྐད་ཅིག་མི་འབྲལ་གྲོགས་མཛོད་ལ༔ གང་བསམ་འདོད་དོན་ཡོངས་གྲུབ་མཛོད༔ ཕྱི་ནང་གསང་བའི་བར་ཆད་སོལ༔ དམ་ལ་མ་འདའ་ས་མ་ཡ༔ དེས་ནི་གནོད་སྦྱིན་བྲན་འཁོར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །མངྒ་ལཾ།། །།