མཁའ་འགྲོ་ཆོས་ཀྱི་སྤྱན་ལྡན་མས་ཨེ་ཨེ། ཉམས་སྣང་གོང་འཕེལ་སོགས།

From Dudjom Wiki
Revision as of 15:22, 9 September 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-052
Wylie title mkha' 'gro chos kyi spyan ldan mas e e/ nyams snang gong 'phel sogs TTDL-ZABTER-18-TSHA-052.pdf
Location bdud 'joms gling pa zab gter
Volume 18, Text 52, Pages 185 (Folios 93a1 to 93a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. mkha' 'gro chos kyi spyan ldan mas e e nyams snang gong 'phel sogs/. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 185. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

ཅེས་ཟེར་ཞིང་ཡལ། །མི་རྒན་འཁྲུལ་པའི་སྣང་ཉམས་སོ།།

ces zer zhing yal/_/mi rgan 'khrul pa'i snang nyams so//

[edit]
༄༅། །མཁའ་འགྲོ་ཆོས་ཀྱི་སྤྱན་ལྡན་མས།ཨེ་ཨེ།ཉམས་སྣང་གོང་འཕེལ་གྱི་རྣལ་འབྱོར། །སྣང་སེམས་ལས་རླུང་གིས་བསྐྱོད་ནས། །དག་དང་མ་དག་གི་སྣང་བ། །གཏད་མེད་འཚུབས་མ་བཞིན་ལྡང་ལ། །བདེན་ཞེན་གོལ་ས་རུ་ཨེ་གོ། །ན་ཚ་མི་བདེ་བའི་ཟུག་རྔུ། །བདུད་ཀྱི་ཕོ་ཉ་རུ་སླེབ་པ། །བདེན་ཞེན་འཁོར་བ་ཡི་གནས་ཡིན། །དེ་ཟློག་འཁྲུལ་པ་དང་ཉམས་སྣང་། །སྒྱུ་མའི་རྫུན་རིས་སུ་ཤེས་པའི། །བདག་མེད་ཤེས་རབ་ཞིག་ཡོད་ན། །མི་རིང་མྱུར་ལམ་མཆོག་ཐོབ་ནས། །རྣམ་མཁྱེན་སངས་རྒྱས་ལ་སླེབ་འགྲོ། །འདི་དུས་བསླུ་བ་ཡི་ཡུལ་ངན། །འགའ་ཞིག་ཡིག་རིས་ལ་ཞེན་འཁྲུལ། །འགའ་ཞིག་ཐོས་ཡུལ་དུ་འཆོལ་འགྲོ། །དེ་ཚུལ་རང་རྒྱུད་ལ་སྦྱོར་ལ། །རང་ས་བཟུང་བ་ཞིག་གནད་ཡིན། །མཁའ་འགྲོ་ཆོས་དབྱིངས་སུ་ཐིམ་ནས། །བརྡལ་ཁྱབ་ཟང་ཐལ་ལ་ཡན་འགྲོ། །ཅེས་ཟེར་ཞིང་ཡལ། །མི་རྒན་འཁྲུལ་པའི་སྣང་ཉམས་སོ།། །། ༈ ཚེ་འདིའི་སྣང་བ་སྒྱུ་མའི་དཔེ་བཅུ་ལྟར། །མཐོང་ནས་བྱ་བཏང་བསྟན་འགྲོའི་དོན་ཕྱིར་དགོངས། །འཇིགས་མེད་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།། །།