DUDJOM-THROMA-058

From Dudjom Wiki
Revision as of 09:30, 16 July 2025 by Jeremi (talk | contribs)

DUDJOM-THROMA-058
Wylie title DUDJOM-THROMA-058.pdf
Location khros ma'i sgrub skor
Volume 1, Text 58, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དབུ་ཁྲིད་བརྡ་ཡིག༔ ༢༧ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཆུ་སྦྱིན་བདུད་རྩི་ཀུན་ཁྱབ་བཞུགས་སོ༔ དབུ་ཁྲིད་བརྡ་ཡིག༔ ༢༨ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཆུ་སྦྱིན་བདུད་རྩི་ཀུན་ཁྱབ་འདི༔ ལག་ཏུ་ལེན་པའི་རིམ་པ་ལ༔ རང་མདུན་རིན་པོ་ཆེ་ཡི་སྣོད༔ གཙང་མ་ཆུ་ཡིས་རབ་བཀང་ནས༔ འབྲུ་སྨན་རིལ་བུ་འབྱོར་ན་རབ༔ མེད་ཀྱང་མར་གྱི་རིལ་བུ་འམ༔ ཡང་ན་ཡོས་དང་འོ་མ་བླུག༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ ཕྱོགས་བཅུ་དུས་གསུམ་ན་གཤེགས་ཤིང་བཞུགས་པའི་སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆིའོ༔ བདག་སོགས་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་བསྐྱབ་ཏུ་གསོལ༔ དེ་ནས་སེམས་བསྐྱེད་པ་ནི༔ མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདོན་པའི་ཕྱིར་སྦྱིན་པའི་ཚོགས་ཆེན་པོ་ལ་བརྩོན་པར་བྱའོ༔ དེ་ནས་རང་ཉིད་ལྷར་གསལ་བ་ནི༔ སྐད་ཅིག་དེ་ཉིད་ལ་རིན་པོ་ཆེ་སེང་གེའི་ཁྲི་དཔངས་མཐོ་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་རང་ཉིད་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞི་འཛུམ་མཚན་དཔེ་རྫོགས་ཤིང་འཁོར་འདས་ཡོངས་ཁྱབ་ཀྱི་འོད་ཕུང་འབར་བ་འོད་ཀྱི་ཀློང་དུ་འཁོར་འདས་ཐམས་ཅད་སྣང་བར་བྱས་སོ༔ ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱའི་མཐིལ་ནས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཆར་རྒྱུན་འབེབས་ཤིང་གཡོན་པས་མཉམ་གཞག་གི་ཕྱག་རྒྱ་མཛད་པ༔ ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་ཞིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ༔ དེའི་ཐུགས་ཀར་ཟླ་བའི་གདན་ལ་ཨ་ཡིག་སེར་པོའི་མཐར་སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས་འགྲོ་ཁམས་རྒྱ་མཚོ་དོང་ནས་སྤྲུགས་པར་བསྒོམ༔ ཏདྱ་ཐཱ་ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ༔ བརྒྱ་བརྗོད༔ ཨ་མྲྀ་ཏ་བདུན་བརྗོད༔ བྷྲཱུྃ་ཧཱུྃ༔ མདུན་དུ་བྷྲཱུྃ་ཡིག་སེར་པོ་འོད་དུ་ཞུ་བ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་ཡི་གེ་ཨོཾདཀར་པོ་ཨཱཿདམར་པོ་ཧཱུྃ་མཐིང་ག་གནས་པར་གྱུར༔ རང་གི་མཆོག་སྦྱིན་གྱི་ཕྱག་རྒྱའི་མཐིལ་ནས་བདུད་རྩིའི་རྒྱུན་བབས༔ ཡི་གེ་གསུམ་ལ་ཕོག་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འདུས་པ་ཡེ་ཤེས་ཀྱི་བདུད་རྩི་མི་ཟད་པ་རྒྱན་གྱི་འཁོར་ལོས་སྣང་སྲིད་འཁོར་འདས་ཐམས་ཅད་ཁྱབ་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་བདུན༔ མཚན་བཞི་བརྗོད༔ སྐྱབས་གནས་དམ་པ་མཆོག་གསུམ་སྐུ་གསུམ་རྩ་གསུམ་བཀའ་སྲུང་ཕོ་རྒྱུད་མོ་རྒྱུད་ལ་སོགས་པ་དཀོན་མཆོག་སྲི་ཞུའི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ༔ སྐུ་གསུང་ཐུགས་མཉེས་ཤིང་ཚིམས་ནས་བདག་ཅག་འཁོར་དང་བཅས་པའི་ཚོགས་གཉིས་ཡོངས་སུ་རྫོགས་ཤིང་༔ སྒྲིབ་གཉིས་བག་ཆགས་བྱང་ཞིང་དག་ནས་དོན་གཉིས་ལྷུན་གྱིས་གྲུབ་སྟེ་སྐུ་གཉིས་མངོན་དུ་འགྱུར་བར་ཤོག་ཅིག༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ དཔལ་མགོན་བདུན་ཅུ་རྩ་ལྔ་ལ་སོགས་པའི་མགོན་པོ་ཡོན་ཏན་གྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ༔ མཉེས་ཤིང་ཚིམས་ནས་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ་སྲུང་བ་དང་༔ སྐྱོབ་པ་དང་སྦ་བ་དང་འགོ་བ་དང་མགོན་སྐྱབས་དང་སྡོང་གྲོགས་དམ་པ་མཛད་དུ་གསོལ༔ ན་མཿསརྦ་ཏ་ཐཱ་ག་ཏ༴དེ་ནས་ཛམ་བྷ་ལ་ནག་པོ་ལ་ཆུ་སྦྱིན་འབུལ་བ་ནི༔ མདུན་དུ་ཡི་གེ་ཛཾ་ནག་པོ་ལས་འོད་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་རྒྱུད་སྦྱངས་ཚུར་འདུས་ཡོངས་སུ་གྱུར་པ་ལས་འཕགས་པ་ཛམ་བྷ་ལ་ནག་པོ་ཞལ་གཅིག་ཕྱག་གཉིས་ཁྲོ་ཤིང་གཏུམ་པ༔ ཕྱག་གཡས་ཐོད་ཁྲག་དང་གཡོན་པས་ནོར་བུ་སྐྱུག་པའི་ནེའུ་ལེ་བསྣམས་པ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བགྲད་པ་ཡེ་ཤེས་ཀྱི་འོད་ཕུང་འབར་བའི་ཀློང་དུ་བཞུགས་པའི་གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་གནོད་སྦྱིན་ཛམ་ལ་རིགས་ལྔ་འཁོར་དང་བཅས་པ་ཛམ་བྷ་ལ་ནག་པོའི་རྣམ་པར་བྱོན་ནས་བསྐྱེད་པའི་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར༔ བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་སྟྭཾ༔ རང་ཉིད་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པར་གསལ་བའི་ཕྱག་མཐིལ་ནས་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩི་ཆུ་རྒྱུན་ལྟར་དུ་བབས་ཏེ་ཨཱཪྻ་ཛམ་བྷ་ལའི་སྐུ་གསུང་ཐུགས་ལ་ཕོག་པས་ཐུགས་བདེ་སྟོང་གི་རོས་ཚིམས་ནས་ཕྱག་གི་ནེའུ་ལེའི་ཁ་ནས་དགོས་འདོད་ཡིད་བཞིན་གྱི་ཆར་ཆེན་པོ་བབས་པར་བསྒོམ༔ ཨོཾ་ཛཾ་ལུཾ་སྭཱ་ཧཱ༔ ཞེས་བརྒྱ་སྟོང་ཕུལ་མཐར༔ ཨོཾ་ཨིནྡྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ༔ ཨེ་དཾ་བ་ལིངྟ་ཁཱ་ཧི༔ སརྦ་རཏྣ་སིདྡྷི་ཕ་ལ་ཧཱུྃ་ཨཱཿབདུན་ནམ་གསུམ་བརྗོད༔ འཕགས་པ་ཛམ་བྷ་ལ་ནག་པོ་འཁོར་དང་བཅས་པས་བདག་ལ་འདི་ནས་ཚེ་རབས་ཐམས་ཅད་གཡེལ་བ་མེད་པར་གྲོགས་མཛད་ལ་འདོད་རྒུ་ཡིད་བཞིན་གྱི་ཆར་ཆེན་པོ་ཕོབ་ཅིག༔ ཨོཾ་བཛྲ་ས་མ་ཡ༔ ཨོཾ་ཨཱཿཧཱུྃ༔ ལྷ་སྲིན་སྡེ་བརྒྱད་སྣང་སྲིད་ལྷ་འདྲེ་མི་མ་ཡིན་པ་ལྷ་ཀླུ་གཉན་དང་ས་བདག་ལན་ཆགས་བུ་ལོན་ཤ་མཁོན་གྱི་བདག་པོ་བདག་མོ་རྣམས་ལ་འབུལ་ལོ༔ ལན་ཆགས་བྱང་བུ་ལོན་སོད་ཤ་མཁོན་དག་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་ཏེ་བདེ་བའི་མཆོག་དང་ལྡན་པར་གྱུར་ཅིག༔ ན་མཿསརྦ་ཏ་ཐཱ་ག་ཏ༴ཨོཾ་ཨཱཿཧཱུྃ༔ འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྲིད་པ་བར་མ་དོ་ལ་གནས་པའི་སེམས་ཅན་ཐམས་ཅད་ལ་འབུལ་ལོ༔ སོ་སོའི་སྡུག་བསྔལ་དང་བྲལ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག༔ ན་མཿསརྦ་ཏ་ཐཱ་ག་ཏ༴མདུན་དུ་ཡི་དྭགས་ཁ་ལ་མེ་འབར་བ་ཉམ་ཐག་པ་མང་པོ་བསྒོམ་ལ༔ ཡེ་ཤེས་ཀྱི་བདུད་རྩི་ཐོབ་ནས་བདེ་བ་མཆོག་དང་ལྡན་པར་བསྒོམ༔ ན་མཿསརྦ་ཏ་ཐཱ་ག་ཏ༴སེ་གོལ་གཏོགས་ཏེ༔ ཨོཾ་ཛྭ་ལ་མེ་ཏཾ་སརྦ་པྲེ་ཏ་བྷེ་སྭཱ་ཧཱ༔ བཀྲེས་སྐོམ་གྱིས་གདུང་ཞིང་མནར་བའི་ཡི་དྭགས་ཀྱི་འགྲོ་བ་རྣམས་ལ་འབུལ་ལོ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མ་ས་མནྟ་སྥ་ར་ཎ་རསྨི་བྷ་ཝ་མ་ཧཱ་མ་ཎི་དྷུ་རུ་དྷུ་རུ་ཧྲཱི་ད་ཡ་ཛྭ་ལ་ནི་ཧཱུྃ༔ ཞེས་ཡེ་ཤེས་སྐར་མདའི་གཟུངས་ལན་བདུན་བརྗོད༔ བཀྲེས་སྐོམ་ཚ་གྲང་གི་སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་དང་བྲལ་ནས་དགའ་བདེའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ལ་དབང་འབྱོར་བར་ཤོག་ཅིག༔ བདེན་གཉིས་བསླུ་བ་མེད་ཅིང་གདོད་ནས་རྣམ་པར་དག་པའི་བདེན་པ་དང་༔ བསོད་ནམས་ཀྱི་ཚོགས་ཆེན་པོ་འདིའི་སྟོབས་ལ་བརྟེན་ནས༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་རྗེས་ཤུལ་ལྷག་མ་མ་ལུས་པར་བྱང་ཞིང་དག་པར་གྱུར་ཅིག༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཡོན་ཏན་སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་སྙན་གྲགས་ཆོས་སྲིད་མངའ་ཐང་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག༔ འཁོར་འདས་སྣང་སྲིད་ཐམས་ཅད་དབང་དུ་འདུ་བར་གྱུར་ཅིག༔ དགྲ་བགེགས་དུག་ལྔ་དུག་གསུམ་བདག་འཛིན་རཱུ་དྲ་ཐམས་ཅད་རིག་པ་ཡེ་ཤེས་ཆེན་པོའི་ངང་དུ་བརླག་པར་གྱུར་ཅིག༔ འདི་དང་དུས་གསུམ་དུ་བསགས་པའི་བསོད་ནམས་དགེ་རྩ་ཐམས་ཅད་མར་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་རུ་བསྔོའོ༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རང་སྣང་སྐུ་དང་ཡེ་ཤེས་ཆེན་པོའི་རོལ་པར་སད་ནས་འཚང་རྒྱ་བར་གྱུར་ཅིག༔ དེ་ལྟར་མཆོད་ཡུལ་དང་སྦྱིན་ཡུལ་ཐམས་ཅད་སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན་དུ་ཀ་དག་ལྷུན་འབྱམས་ཆེན་པོའི་ངང་དུ་མུཿཨ་ཨ༔ དེ་ལྟར་མཆོད་ཡུལ་དང་སྦྱིན་ཡུལ་ཐམས་ཅད་སྐད་ཅིག་གིས་གསལ་བ་ལས་ཡུལ་ནས་ཡུལ་དུ་ཕྱིན་བགྲོད་འགྲོ་འོང་ཅན་སོགས་རང་རྒྱུད་དུ་གོལ་སྒྲིབ་ལས་ཕྱིིན་ཅི་མ་ལོག་པ་ནི་རྣལ་འབྱོར་གྱི་ལམ་གནད་དོ༔ འདིས་ནི་ཚེ་འདིར་དགེ་ལེགས་ཤིང་༔ ནད་མེད་ལོངས་སྤྱོད་དང་ལྡན་ནས༔ ཕྱི་མར་གཏན་བདེའི་མུ་ཡང་ཡོད༔ དོན་གཉིས་ལྷུན་གྲུབ་རྒྱལ་པོར་གྱུར༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ ས་མ་ཡ༔ ༠༠༠༠བརྡ་ཡིག༔ ༣༥ཞེས་པ་འདི་ཡང་ཡིད་ལ་མོས་བཞིན་གསོལ་བ་བཏབ་པས་དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་གདམས་པ་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་ཆུ་ཕོ་སྤྲེའུའི་ལོ་དགུན་ཟླ་ར་བའི་ཚེས་བཅོ་བརྒྱད་ཉིན་རིག་འཛིན་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་པ་ནི་སྟག་བླ་ཨོ་རྒྱན་རྒྱ་མཚོའི་སྐྱེ་བརྒྱུད་ཨོ་རྒྱན་མིང་འཛིན་ནོ།།དགེའོ།།དགེའོ།།དགེའོ།།།།