DUDJOM-THROMA-059

From Dudjom Wiki
Revision as of 09:30, 16 July 2025 by Jeremi (talk | contribs)

DUDJOM-THROMA-059
Wylie title DUDJOM-THROMA-059.pdf
Location khros ma'i sgrub skor
Volume 1, Text 59, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དབུ་ཁྲིད་བརྡ་ཡིག༔ ༣༧ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཆུ་སྦྱིན་བདུད་རྩིའི་གཏེར་མཛོད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རང་མདུན་རིན་ཆེན་སྣོད་ནང་དུ༔ ཆུ་བཤམས་བཤལ་ཆུ་སྟ་གོན་བྱ༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ལ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིས༔ འགྲོ་ཀུན་ཚོགས་གཉིས་རབ་རྫོགས་ཕྱིར༔ མཆོད་དང་སྦྱིན་ལ་བརྩོན་པར་བྱ༔ ལན་གསུམ༔ རང་ཉིད་སྐད་ཅིག་གིས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་ཁྲོས་མ་སེར་མོ་མཚན་དང་དཔེ་བྱད་ཀྱིས་མཛེས་ཤིང་ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན་ཏེ་བཞེངས་པའི་སྟབས་ཀྱིས་བཞུགས་པའི་ཕྱག་གཡས་ནོར་བུ་དང་གཡོན་མཆོག་སྦྱིན་གྱི་ཕྱག་རྒྱའི་མཐིལ་དུ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གིས་མཚན་པ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཆར་ཆེན་པོ་བབས་པས་དཀོན་མཆོག་སྲི་ཞུ་མགོན་པོ་ཡོན་ཏན་རིགས་དྲུག་སྙིང་རྗེ་བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མཆོད་པའི་སྤྲིན་དང་འདོད་རྒུའི་དཔལ་ཡོན་རྒྱུན་མི་ཆད་པར་སྤྲོ་བར་བསྒོམ༔ དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་སོགས་ཅི་མང་སྐབས་དང་བསྟུན༔ མཐར༔ དཀོན་མཆོག་མཆོད་པས་དགྱེས་གྱུར་ཅིག༔ དམ་ཅན་ཐུགས་དམ་བསྐང་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ ལན་ཆགས་ཤ་འཁོན་བྱང་གྱུར་ཅིག༔ ཚོགས་གཉིས་ཡོངས་སུ་རྫོགས་གྱུར་ཅིག༔ སྒྲིབ་གཉིས་བག་ཆགས་དག་གྱུར་ཅིག༔ དམ་པ་སྐུ་གཉིས་ཐོབ་གྱུར་ཅིག༔ དེ་ནས་བསྡུ་རིམ་ནི༔ མཆོད་སྦྱིན་དངོས་ཡུལ་ཐམས་ཅད་ཀུན༔ ཆོས་ཉིད་སྤྲོས་མཐའ་བྲལ་བར་ཨ༔ ཞེས་དང་བསྔོ་སྨོན་བྱའོ༔ དམིགས་སེམས་གཙོ་བོར་བྱ་བ་གནད༔ གནད་དེས་ཚོགས་གཉིས་རྫོགས་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་བསོད་ནམས་དཔལ་ལྡན་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་པས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།སརྦ་མངྒ་ལཾ།།།།