རྟ་མགྲིན་ཡང་ཁྲོས་ནག་པོའི་འགུགས་པ༔

From Dudjom Wiki
Revision as of 09:21, 4 September 2025 by Mort (talk | contribs) (Text replacement - "ཧོཿ" to "ཧོཿ ")
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-03-GA-019
Wylie title rta mgrin yang khros nag po'i 'gugs pa: TTDL-ZABTER-03-GA-019.pdf
Location bdud 'joms gling pa zab gter
Volume 3, Text 19, Pages 235-236 (Folios 1a1 to 1b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Rta mgrin yang khros nag po'i 'gugs pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: 235-236. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: 'gugs byang   Verso: bdud 'joms rta mgrin yang khros
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Longevity Summoning Rituals - tshe 'gugs
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity rta mgrin nag po
Colophon

ཞེས་པ་འདི་ཡང་སྡོང་གི་བནྡེ་ཚོགས་མཆོག་གིས་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་དག་པར་ཕབ་པའོ།།

zhes pa 'di yang sdong gi ban+de tshogs mchog gis bskul ngor rig 'dzin bdud 'joms rdo rjes chos nyid nam mkha'i klong mdzod las dag par phab pa'o//

[edit]
༁ྃ༔ རྟ་མགྲིན་ཡང་ཁྲོས་ནག་པོའི་འགུགས་པ་བཞུགས་སོ༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བྲུབ་ཁུང་དུ་དགྲ་བོའི་རཱུ་པ་དབང་ཚང་བཞག་ནས་རང་ཉིད་ཡི་དམ་ལྷའི་ང་རྒྱལ་དང་ལྡན་པའི་ངང་ནས༔ ན་མོ༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ བཅོམ་ལྡན་འདས་དཔལ་རྟ་མགྲིན་ཡང་ཁྲོས་ནག་པོ་ཁྲག་འཐུང་རིགས་བཞི་སྒོ་སྐྱོང་མ་བཞི་གསང་གསུམ་སྒྱུ་འཕྲུལ་འཁོར་ལོ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་པ་དང་༔ ཀུན་རྫོབ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུས༔ སྤྱིར་སངས་རྒྱས་ཀྱི་བསྟན་དགྲ༔ དཀོན་མཆོག་གསུམ་གྱི་སྤྱི་དགྲ༔ ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གཟུགས་མེད་དགྲ་གདོན་བགེགས་ཚོགས་གང་གནོད་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ བསྟིམ་ཅིགཿཛཿཧཱུྃ་བྃ་ ཧོཿ རྟགས་དང་བསྟུན་ཏེ་གྲངས་ཚད་སྦྱར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྡོང་གི་བནྡེ་ཚོགས་མཆོག་གིས་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་དག་པར་ཕབ་པའོ།། །། ༈ སྦྱིན་བསྲེག་གི་ཚེ། གོད་སྲི་གོད་འདྲེ་སོགས་དང་། །ཡང་ན། ནད་རིམས་ཡམས་བདག་སོགས་ཁ་བསྒྱུར་གང་འོས་སུ་སྦྱར༔ ༈ ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོངས་སྲུང་མའི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ བསྟིམ་ཅིག༔ གཉིས་སུ་མེད་པར་གྱུར་ཅིག༔