TTDL-ZABTER-03-GA-052

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-03-GA-052
Wylie title TTDL-ZABTER-03-GA-052.pdf
Location bdud 'joms gling pa zab gter
Volume 3, Text 52, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གསང་བདག་རྡོ་རྗེ་གཏུམ་པོའི་སྐོར་ལས་གསོལ་འདེབས་བྱིན་རླབས་བུམ་བཟང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༥༡༣མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ གསང་བདག་སྒྲུབ་པའི་བར་ཆད་ཀུན་སེལ་ཕྱིར༔ གསོལ་འདེབས་བྱིན་རླབས་བུམ་བཟང་ཉམས་སུ་ལོངས༔ ན་མོ་གུ་རུ་སརྦ་སིདྡྷི་ཧཱུྃ་ཧྲཱིཿགདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ལ༔ གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ༔ ལོངས་སྐུ་རིགས་ལྔ་ཡབ་ཡུམ་སྤྲུལ་འཁོར་བཅས༔ གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ༔ སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་མཆོག་གི༴མ་ཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་མཆོག་གི༴ཁྱེའུ་ཆུང་ལོ་ཙཱ་བཻ་རོ་ཁྲི་སྲོང་རྗེ༔ གསོལ་བ་འདེབས་སོ་མཆོག་གི༴བཀའ་དྲིན་མཉམ་མེད་དཔལ་མགོན་བླ་མ་ལ༔ གསོལ་བ་འདེབས་སོ་མཆོག་གི༴དཔལ་ཆེན་གསང་བདག་ཕྱག་ན་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་མཆོག་གི༴ཡེ་ཤེས་ལྔ་རྫོགས་ཁྲག་འཐུང་རིག་ལྔ་ལ༔ གསོལ་བ་འདེབས་སོ་མཆོག་གི༴དྲེགས་པ་ཀུན་འདུལ་ཡེ་ཤེས་ཁྲོ་བཅུ་ལ༔ གསོལ་བ་འདེབས་སོ་མཆོག་གི༴ཕྲིན་ལས་ལྷུན་གྲུབ་སྒོ་སྐྱོང་མ་བཞི་ལ༔ གསོལ་བ་འདེབས་སོ་མཆོག་གི༴སྤྲུལ་པ་ཡེ་ཤེས་བྱ་ཁྱུང་ཆེན་པོ་ལ༔ གསོལ་བ་འདེབས་སོ་མཆོག་གི༴བཀའ་སྲུང་ཆེན་པོ་ཤན་པ་དམར་ནག་ལ༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་བཟློག༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་ཁམས་གསུམ་དབང་བསྒྱུར་མཛོད༔ བཀའ་སྲུང་དྲེགས་པ་དམ་ཅན་རྒྱ་མཚོ་ལ༔ གསོལ་བ་འདེབས་སོ་དགྲ་བགེགས་ཚར་ཆོད་ཅིག༔ གུ་རུ་ཧ་རི་ནི་ས་ས་མ་ཡ་སིདྡྷི་ཕ་ལ་ཧཱུྃ་ཨཱཿའདི་ཡི་བྱིན་རླབས་དངོས་གྲུབ་ཐོབ༔ ཕྱི་ནང་བར་ཆད་ཀུན་སེལ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་ཀྱིས་གཏེར་ནས་བཏོན་ཏེ་མཐར་ཆོས་ཀྱི་རྡོ་རྗེས་བསྐུལ་ངོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།