TTDL-ZABTER-09-TA-051

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-09-TA-051
Wylie title TTDL-ZABTER-09-TA-051.pdf
Location bdud 'joms gling pa zab gter
Volume 9, Text 51, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༣༩༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ སྲུང་མ་གཉན་པོའི་ཟ་ངུ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༣༩༩ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བཀའ་སྲུང་གཉན་པོ་བསྙེན་བསྒྲུབ་ཅིང་༔ རྦད་ཅིང་བསྐུལ་བའི་ལས་བྱེད་ན༔ ཟ་ངུ་འདི་མེད་འཁུ་ཞིང་ལྡོག༔ དེ་ཕྱིར་འདི་ནི་ཡང་གཅེས་མཆོག༔ ས་མ་ཡ༔ ཀྱཻ་ཧོཿཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་ན༔ མཁྱེན་བརྩེ་མཛད་ཕྲིན་མངའ་བའི་བདག་ཉིད་དཔལ༔ རྒྱལ་དང་དེ་སྲས་སྲུང་མར་བཅས་པ་རྣམས༔ མ་ལུས་བདག་གི་མགོན་དང་དཔུང་མཛོད་ཅིག༔ མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་དང་༔ དབང་དྲག་རྒྱལ་པོ་གནོད་སྦྱིན་ཤན་པ་ཆེ༔ ཞིང་དང་ཉེ་ཞིང་སྐྱོང་མཛད་སེང་གེའི་ཞལ༔ མྱུར་མགྱོགས་དྲག་ཤུལ་བདག་པོ་རཱ་ཧུ་ལ༔ འདོད་ཁམས་དབང་བསྒྱུར་ལྷ་ཆེན་ཚོགས་ཀྱི་བདག༔ ལས་མྱུར་སྟོབས་ལྡན་དམ་ཅན་རྡོ་རྗེ་ལེགས༔ འཆི་བདག་ལས་གཤིན་ཡ་མ་རཱ་ཙ་དང་༔ སྐྱེ་འགྲོའི་སྲོག་དབུགས་བདག་པོ་པེ་ཧ་ར༔ གཞན་ཡང་མདོ་སྔགས་རྒྱུད་སྡེ་རྒྱ་མཚོ་ཡི༔ སྲུང་མ་དམ་ཅན་ཕོ་མོ་ཐམས་ཅད་དང་༔ བཀའ་དང་དམ་ཚིག་གཉན་པོ་དཔང་བཙུགས་ནས༔ དམ་ཅན་ཁྱེད་ལ་མངོན་སྤྱོད་ལས་བཅོལ་ནི༔ བདག་ལ་དོ་བསྡོ་ཕོད་བཙུག་ཡ་བཟུང་བའི༔ སྔ་དགྲ་བྱས་དང་ཕྱི་དགྲ་ཡིད་ལ་སེམས༔ ད་དགྲ་ཐད་དུ་བཙུགས་པའི་དགྲ་བོ་འདི༔ བཀའ་སྲུང་དྲེགས་པའི་ཚོགས་ལ་ཟ་སྐལ་གཏད༔ དང་པོ་ཁྱིམ་བདག་མི་ལ་ཟ་ངུ་གྱིས༔ བར་དུ་སྒོ་ཡི་ཕྱུགས་ལ་ཟ་ངུ་གྱིས༔ ཐ་མ་ཞིང་ཁང་ནོར་ལ་ཟ་ངུ་གྱིས༔ བདག་གི་ཕྱོགས་ནས་འཕྲོས་པའི་བསྲུང་བ་དང་༔ རྟེན་གསུམ་ལ་སོགས་བྱིན་གྱིས་བརླབས་པའི་རྫས༔ བརྣག་པའི་དགྲ་བོ་ཕོ་མོས་འཆང་སྤྱོད་ན༔ རེག་ཕུང་ཧ་ལ་ཁོང་དུ་སོང་བ་བཞིན༔ གློ་བུར་ཧུར་ཐུམ་སྲོག་གི་བདུད་དུ་ཕོབ༔ འགྱོད་དང་ཞུ་བཤགས་ཟས་ནོར་འཇལ་བྱུང་ཡང་༔ མ་ཟད་བར་དུ་ཚིམས་པར་མ་བྱེད་ཅིག༔ དགྲ་བོའི་ཟས་ནོར་བདག་གིས་ཐོབ་གྱུར་ཀྱང་༔ ད་དུང་མ་ཚིམས་ལྷག་མེད་རྗེས་ཤུལ་ལ༔ མ་ཟད་བར་དུ་རྔམས་པས་ཟ་ངུ་གྱིས༔ ད་ནས་བཟུང་སྟེ་འབྱུང་ལྔ་མ་ཟད་བར༔ ནུས་མཐུ་དྲག་ཁྲོས་དབལ་ཁ་ཚུར་མ་སྟོན༔ ང་ཡི་ཡིད་ལ་བརྣག་པའི་དགྲ་བོ་འདི༔ སྟོང་གསུམ་གང་དུ་སོང་ཡང་མ་ཤོར་བར༔ ཤ་ཁྲག་རུས་པ་སྲོག་དབུགས་མི་ནོར་དཀོར༔ ལྷག་མ་རྗེས་ཤུལ་མེད་པར་བརླག་ནས་ཀྱང་༔ དྲག་གཏུམ་རྔམས་པའི་ཡུས་ཀྱི་ཟ་ངུ་གྱིས༔ ང་དང་འདུམ་ཡང་ཁྱེད་དང་འདུམ་མ་བྱེད༔ བཀའ་ཆད་གདུག་རྩུབ་འཁུ་ལྡོག་ཚུར་མ་སྟོན༔ དགྲ་རྣམས་མ་ཟད་བར་དུ་ཟ་ངུ་གྱིས༔ དཔའ་སྐྱེམས་དམ་རྫས་དམར་གྱི་གཏོར་མ་རོལ༔ བརྒྱུད་གསུམ་བླ་མ་རྒྱལ་བ་སྲས་བཅས་ཀྱི༔ དམ་ཚིག་དཔང་བཙུགས་བསྒོ་བའི་ཚིག་དེ་དག༔ སྒྲུབས་ཤིག་མཛོད་ཅིག་དམ་ཅན་རྒྱ་མཚོའི་ཚོགས༔ འདའ་ཞིང་གཡེལ་ན་བཀའ་དམ་ཁྲིམས་དང་འགལ༔ སྙིང་བསྲེགས་རྡོ་རྗེའི་དམྱལ་བར་ལྷུང་ཏ་རེ༔ དེ་བས་དེ་བཞིན་སྒྲུབ་མཛོད་ས་མ་ཡ༔ འདི་ནི་སྲུང་མར་ལས་བཅོལ་ཐམས་ཅད་ལ༔ ཤིན་ཏུ་གཅེས་པའི་ཡང་ཟབ་དམ་པ་ཡིན༔ རྟག་ཏུ་བརྩོན་པར་མཛོད་ཅིག་བརྒྱུད་འཛིན་རྣམས༔ ནང་དུ་འཇམ་ཞིང་ཕྱི་ལ་རྣོ་ནུས་ཆེ༔ བཀའ་སྲུང་གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ དམ་ཉམས་ལག་ཏུ་མ་ཤོར་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་རང་སློབ་དམ་པ་གྲོལ་མཆོག་གིས་ནན་དུ་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ནི་སྐྱེས་མཆོག་རིག་པའི་རྡོ་རྗེའོ།།དགེའོ།།མངྒ་ལཾ།།