TTDL-ZABTER-12-NA-036

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-12-NA-036

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=12 |volumeLetter=NA |textnuminvol=036 |pdflink=File:TTDL-ZABTER-12-NA-036.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-12-NA }}

[edit]
༠༠༠༠བརྡ་ཡིག༢༡༡འོད་གསལ་སྒྱུ་འཕྲུལ་རོལ་པ་ལས༔ རྗེ་བཙུན་བཞད་པ་རྡོ་རྗེ་ཡི༔ རྩ་སྒྲུབ་དངོས་གྲུབ་གཏེར་མཛོད་བཞུགས་སོ༔ ༠༠༠༠༠བརྡ་ཡིག༢༡༢ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༢༡༢ཐ་མལ་སྒོ་གསུམ་ཡེ་ཤེས་ལྷའི༔ རྡོ་རྗེ་གསུམ་གྱི་གྲོང་འཇུག་པའི༔ ཐབས་མཆོག་ཉམས་སུ་ལེན་པ་ལ༔ བསྐྱེད་རིམ་གནད་ཀྱི་དམ་པ་ཡིན༔ དེ་ལྟར་སྒྲུབ་པའི་ཆོ་ག་ལ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི༔ ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་ཕྱིར༔ བདག་གིས་བྱང་ཆུབ་ངེས་བསྒྲུབ་བྱ༔ དེ་ནས་བགེགས་བསྐྲད་མཚམས་གཅོད་ལ༔ ཧཱུྃ༔ ང་ནི་རིག་སྟོང་རྡོ་རྗེའི་སྐུ༔ མ་རིག་འཁྲུལ་པའི་བགེགས་ཚོགས་བཤིགས༔ འཁོར་འདས་དག་མཉམ་ཆེན་པོ་ཡི༔ བྱང་ཆུབ་སེམས་ཀྱི་རོལ་པས་གཏམས༔ ཧཱུྃ་བཞིའི་སྔགས་བརྗོད༔ དྷརྨ་དྷརྟུ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ༔ དེ་ནས་བྱིན་ཆེན་དབབ་པ་ལ༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ སྒྱུ་འཕྲུལ་རོལ་པའི་སྟོན་འཁོར་ལྷས༔ གནས་འདིར་དབང་དང་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛ༔ ཨ་བེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབས་ལ༔ ཨོཾ་ཨཱཿཧཱུྃ༔ ཡུལ་དྲུག་སྣང་བའི་ཆོས་རྣམས་ཀུན༔ རང་བྱུང་མཆོད་པའི་སྤྲིན་དུ་ཤར༔ ནམ་མཁའ་མཛོད་དུ་རྒྱས་གདབ་ནས༔ ཀུན་བཟང་རྣམ་འཕྲུལ་ཆེན་པོར་གྱུར༔ དེ་ནས་ལྷ་བསྐྱེད་ལ༔ ཨཱཿསྣང་ཞིང་སྲིད་པ་ཐམས་ཅད་ཀུན༔ ཆོས་ཉིད་སྤྲོས་བྲལ་དབྱིངས་སུ་ཞིག༔ རིག་པ་རང་བྱུང་ཆེན་པོ་སྣང་༔ རྒྱུ་ཡི་ཡི་གེ་ཧཱུྃ་དུ་ཤར༔ འོད་འཕྲོས་འོག་མིན་སྤྲུལ་པའི་ཞིང་༔ དག་པ་མཁའ་སྤྱོད་ཞིང་ཁམས་སུ༔ བདེ་ཆེན་རོལ་པའི་གཞལ་ཡས་དབུས༔ མ་ཆགས་པདྨ་ཉི་ཟླའི་སྟེང༔ ཧཱུྃ་བབ་འཕྲོ་འདུས་སྦྱོར་བ་ལས༔ རང་ཉིད་བཞད་པ་རྡོ་རྗེའི་སྐུ༔ དཀར་དམར་མདངས་ལྡན་གཞོན་ནུའི་ཚུལ༔ ཕྱག་གཡས་རྦ་དཀར་ཚིག་གསུམ་དང་༔ གཡོན་པའི་མཐིལ་གྱིས་འགྲམ་བཏེགས་མཛད༔ རྣལ་འབྱོར་རོལ་པའི་སྟབས་སུ་བཞུགས༔ དབུ་སྐྲ་རལ་པའི་ཐོར་ཅོག་གི༔ ཟར་བུས་སྐུ་རྒྱབ་ཁེབ་ཅིང་ཁྲོལ༔ སྤྱན་གསུམ་ནམ་མཁའི་དབྱིངས་ལ་གཟིགས༔ དར་དཀར་ཨང་རག་སྨད་དུ་གསོལ༔ རས་གཟན་དཀར་པོ་སྟོད་དུ་མནབས༔ སྒོམ་ཐག་ཁྲ་བོ་སེ་རལ་ཐོགས༔ སྙན་གཉིས་དུང་གི་རྒྱན་ཆ་གསོལ༔ མདུན་དུ་ལྷ་མོ་ཚེ་རིང་མ༔ ཕྱག་གཡས་ཡིད་བཞིན་ནོར་བུ་དང་༔ གཡོན་པས་བྷནྡྷ་བདུད་རྩི་བསྣམས༔ ཤིན་ཏུ་ཆགས་པས་ཡབ་ལ་རེག༔ ཟག་མེད་བདེ་བའི་རྒྱ་ཡིས་འདེབས༔ བཞེངས་སྟབས་བཅུ་དྲུག་གཞོན་ནུ་མ༔ དཀར་དམར་ལང་ཚོ་བཀྲག་མདངས་འབར༔ གཅེར་བུ་རིན་ཆེན་རྒྱན་ཕྲེང་འཕྱངས༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ སྐུ་དབྱིངས་དྭངས་གསལ་ཆེན་པོའི་ཀློང་༔ རྒྱ་མཚོའི་ནང་གི་གཟུགས་བརྙན་ལྟར༔ རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་ཤར༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་རྗེ་བཙུན་བླ་མ་དང་༔ རྒྱལ་བ་སྲས་བཅས་སྤྱན་དྲངས་བསྟིམ༔ ཨོཾ་གུ་རུ་ཧ་ས་བཛྲ་ས་མ་ཡ་ཛ་ཛཿདེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་དབྱིངས༔ མཁའ་སྤྱོད་བདེ་བ་ཆེན་པོ་ནས༔ རྗེ་བཙུན་བཞད་པ་རྡོ་རྗེ་དང་༔ ཡུམ་ཆེན་ལྷ་མོ་ཚེ་རིང་མ༔ རིག་འཛིན་བླ་མའི་ཚོགས་དང་བཅས༔ བྱིན་གྱིས་བརླབས་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་གསོལ་ཕྱག་འཚལ་ནི༔ ཧཱུྃ༔ རིགས་བརྒྱའི་ཁྱབ་བདག་བླ་མ་རྗེ༔ གདན་གསུམ་ཚང་བའི་ངོ་བོར་བཞུགས༔ སྐུ་བཞིའི་བདག་ཉིད་བླ་མ་ལ༔ རྣམ་གསུམ་དད་པས་ཕྱག་འཚལ་ལོ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ན་མོ་ན་མ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་འཕྲུལ༔ འདོད་རྒུའི་དཔལ་ཡོན་མི་ཟད་གཏེར༔ ཡེ་ཤེས་རོལ་པའི་ལྷ་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཨརྒྷཾ་སོགས་ནས༔ རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་དྷརྨ་པྲ་ཏཱིཙྪ་པཱུ་ཛ་ཧོཿམ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བོ་དྷི་ཙིཏྟ་ཏ་ན་ག་ན་སརྦ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ༔ སྣང་སྟོང་བདེ་ཆེན་རོལ་པ་ལས༔ ཡེ་ཤེས་སྒྱུ་མའི་སྐུར་སྟོན་ཅིང་༔ གང་འདུལ་ཐབས་ཀྱིས་གདུལ་བྱ་འདུལ༔ རྗེ་བཙུན་བླ་མ་མཆོག་ཁྱོད་ལ༔ རྣམ་གསུམ་དད་པས་ཕྱག་འཚལ་བསྟོད༔ སྒྱུ་འཕྲུལ་རོལ་པའི་རང་རྩལ་ལས༔ རྟེན་དང་བརྟེན་པ་ཆུ་ཟླའི་གར༔ གདུལ་བྱའི་མོས་ངོར་ཅིར་ཡང་འཆར༔ བརྒྱུད་གསུམ་བླ་མ་ཡོངས་འདུས་པའི༔ ཁྱབ་བདག་དཔལ་ལ་ཕྱག་འཚལ་བསྟོད༔ དེ་ནས་བཤགས་པ་བྱ་བ་ལ༔ ཧོཿརིག་འཛིན་བླ་མའི་སྤྱན་སྔ་རུ༔ སྡོམ་དང་བསླབ་པ་དམ་ཉམས་ཀུན༔ སྒྲིབ་གཉིས་བག་ཆགས་དང་བཅས་པ༔ འགྱོད་པས་བཤགས་སོ་སླན་ཆད་སྡོམ༔ དག་ཅིང་ཚངས་པའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་འཛབ་བཟླས་ནི༔ རང་ཉིད་རྗེ་བཙུན་བླ་མ་ཡི༔ ཐུགས་ཀར་ཡི་གེ་ཧཱུྃ་དཀར་གསལ༔ མཐའ་མར་བརྒྱུད་གསུམ་བླ་མ་ཡི༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་སྔགས་རྣམས་མ་ལུས་པ༔ བཅུད་དུ་དྲིལ་བའི་སྔགས་འདིས་སྐོར༔ ཨོཾ་གུ་རུ་ཧ་ས་བཛྲ་ས་མ་ཏི་གུ་ཎ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདེ་ནས་བསྒྲུབ་པ་ལ༔ ཧཱུྃ༔ རང་ཉིད་བཞད་པ་རྡོ་རྗེ་ཡི༔ ཐུགས་ཀའི་སྔགས་ཕྲེང་འཁོར་བ་ལས༔ འོད་ཟེར་དཀར་པོ་ཞལ་ནས་ཐོན༔ ཡུམ་གྱི་ཞལ་ཞུགས་སྐུའི་དབྱིབས་བརྒྱུད༔ ཡེ་ཤེས་མཉམ་སྦྱོར་པདྨོར་ཐོན༔ རྡོ་རྗེའི་སྦུབས་སུ་ཞུགས་པ་ལས༔ ཐུགས་ཀར་ཐིམ་པས་དགའ་བ་བཞིའི༔ ཟག་མེད་བདེ་བའི་རོས་མྱོས་ཏེ༔ འཕོ་བ་ཆེན་པོའི་སྐུ་བརྙེས་གྱུར༔ ཨོཾ་གུ་རུ་ཧ་ས་བཛྲ་ས་མ་ཏི་གུ་ཎ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདེ་ནས་ལས་ལ་སྦྱོར་བ་ནི༔ གཞན་ཡང་འོད་ཟེར་དཔག་མེད་པས༔ སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས༔ ཚེ་བསོད་ཡེ་ཤེས་ཡོན་ཏན་སྤེལ༔ འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར༔ དགྲ་བགེགས་གནོད་བྱེད་ཆོས་སྐུར་བསྒྲལ༔ ཡབ་ཡུམ་རེག་པ་འཕྲོས་པ་ལས༔ བདེ་ཆེན་འབར་བའི་ཕྱག་རྒྱ་མོའི༔ སྤྲུལ་པས་བརྟན་གཡོའི་ཁམས་གནས་བསྒྱུར༔ དགའ་ལྡན་འཕྲུལ་དགའི་དཔལ་ལྟར་སྤེལ༔ ཨོཾ་གུ་རུ་ཧ་ས་བཛྲ་ཧྲཱིཾ་ཧྲཱིཾ་སརྦ་སིདྡྷི་ཕ་ལ་ཨ་བེ་ཤ་ཡ་ཕེཾ་ཕེཾ༔ བརྒྱ་རྩ་བརྗོད༔ དེ་ལྟར་བསྐྱེད་རིམ་གནད་རྣམས་ལས༔ ཤེས་པ་གཞན་དུ་མི་ཡེངས་ན༔ ལོ་གསུམ་ལས་ནི་མི་འགྱུར་བར༔ མཆོག་གི་དངོས་གྲུབ་ངེས་པར་ཐོབ༔ མི་བསླུ་རྡོ་རྗེའི་གཏན་ཚིག་ཡིན༔ བཀའ་སྲུང་དབང་ཕྱུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་རྣལ་འབྱོར་བདེ་ཆེན་བཟང་པོས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ཀློང་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།ཤུབྷཾ།།།།