TTDL-ZABTER-12-NA-080

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-12-NA-080
Wylie title TTDL-ZABTER-12-NA-080.pdf
Location bdud 'joms gling pa zab gter
Volume 12, Text 80, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༤༦༣ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོའི་གཙོ་མོ་རྡོ་རྗེ་ཕག་མོའི་བླ་རྡོ་ཙཀྲ་བཅང་ཐབས་བཞུགས༔ ན་མོ་གུ་རུ་ཧ་རི་ནི་ས་ཡ༔ འདི་ཉིད་ལག་ཏུ་ལེན་པ་ལ༔ དར་རམ་རས་དཀར་རྒྱ་ཤོག་ལ༔ བཟང་དྲུག་ཆུ་ཡིས་ལེགས་པར་བྱུགས༔ དེ་ཡི་ལོགས་ལ་འདི་ལྟར་བཀོད༔ མུ་ཁྱུད་རིམ་པ་བརྒྱད་བསྐོར་བའི༔ མུ་ཁྱུད་དང་པོའི་ལྟེ་བ་རུ༔ རྡོ་རྗེ་ཕག་མོའི་སྐུ་གཟུགས་བྲིས༔ དེ་ཡི་ཕྱི་རིམ་པད་འདབ་བཅུ་གཉིས་ལ༔ ཨོཾ་བཛྲ་ཝཱ་ར་ཧི་བྃ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཞེས་པ་རེ་རེ་བཞིན་དུ་བཀོད༔ དེ་ཡི་ཕྱི་རིམ་པད་འདབ་བཅོ་ལྔ་ལ༔ ཨོཾ་བཛྲ་ཝཱ་ར་ཧི་བྃ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧོཿདེ་ཡང་གོང་ལྟར་རེ་རེ་བཀོད༔ དེའི་ཕྱི་འཁོར་རྩིབས་བཅུ་བདུན་ལ༔ ཡིག་མགོ་ནང་བསྟན་སྔགས་འབྲུ་རེ༔ ཨོཾ་བཛྲ་ཝཱ་ར་ཧི་བྃ་ཧ་རི་ནི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དེ་ཡི་ཕྱི་རིམ་འདབ་བཞི་ལ༔ མཿབྷྱོཿཛཿཧྲཱིཾཿབཞི་པོ་བཀོད༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཉོན་མོངས་པ་དུག་ལྔ་དུག་གསུམ་བརྒྱད་ཁྲི་བཞི་སྟོང་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་བའི་སྒྲིབ་གཉིས་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་ཆོས་སྲིད་མངའ་ཐང་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་མོས་པ་རྣམ་བཞི་ཐམས་ཅད་ཝཱ་ཤཾ་ཀུ་རུ་སྭཱ་ཧཱ༔ ནད་གདོན་བར་ཆད་གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ བྷྱོ་བྷྱོ༔ བཟློག་བཟློག༔ རྦད་རྦད་ཧཱུྃ་ཕཊ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨཱ་ལི་ཀཱ་ལི་རྟེན་སྙིང་འདོད་གསོལ་བྲིས༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ བཀྲ་ཤིས་རྫས་རྟགས་ལ་སོགས་པའི༔ འདོད་རྒུའི་དཔལ་ཡོན་གང་འོས་བྲིས༔ ཕྱི་རིམ་མེ་རི་ཆུ་རི་དང་༔ རླུང་རི་གསུམ་བྲིས་མཛེས་ཚོན་གྱིས༔ ལེགས་པར་བསྒོས་ཏེ་མཁའ་འགྲོ་ཡི༔ སྐུ་གཟུགས་མི་བཅག་ལྟེབ་བྱས་ཏེ༔ བསྒྲུབ་རྟེན་ལ་བཙུག་བརྟན་བཞུགས་བྱ༔ སེལ་མེད་དམ་རྫས་བཟང་དྲུག་བྱུག༔ འབྲལ་མེད་བཅང་བའི་རྣལ་འབྱོར་ལ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི༔ དབང་བྱིན་དངོས་གྲུབ་ཀུན་འབྱུང་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་སློབ་བུ་ཆོས་གསལ་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་རྣལ་འབྱོར་ངག་དབང་ཕྲིན་ལས་ཀྱིས་བྲིས་པ་འདིས་ཀྱང་ཡེ་ཤེས་མཁའ་འགྲོས་འབྲལ་མེད་དུ་སྐྱོང་བའི་རྒྱུར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།