TTDL-ZABTER-13-PA-076

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-13-PA-076
Wylie title TTDL-ZABTER-13-PA-076.pdf
Location bdud 'joms gling pa zab gter
Volume 13, Text 76, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དམ་ཅན་རྡོ་རྗེ་ལེགས་པའི་བསང་མཆོད་ཆོས་ཉིད་སྤྲིན་དཔུང་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བཟང་ཤིང་ཕྱེ་མར་སྤོས་སྣ་བསགས༔ རཾ་ཡཾ་ཁཾ་གིས་མི་གཙང་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ འཕོ་ཆེན་གཏེར་དུ་བྱིན་རླབས་གྱུར༔ ཧྲཱིཿབདེ་སྟོང་ཡེ་ཤེས་གཉིས་མེད་སྦྱར་བ་ལས༔ འཕོ་མེད་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོ༔ ཟག་མེད་བདུད་རྩི་བསང་གི་མཆོད་སྤྲིན་འདིས༔ གསང་བདག་རྡོ་རྗེ་གཏུམ་པོ་བསང་ཞིང་བརྔན༔ དམ་ཅན་རྡོ་རྗེ་ལེགས་པ་བསང་ཞིང་བརྔན༔ ཡབ་རྗེ་མོན་པ་ནག་པོ་བསང་ཞིང་བརྔན༔ ཡུམ་མཆོག་མོན་མ་ནག་མོ༴ཀློང་ཆེན་སེང་ཞོན་དམག་ཚོགས༴མཁའ་དབྱིངས་བྱ་ཞོན་དམག་ཚོགས༴སྤོ་འཛིན་ར་ཞོན་དམག་ཚོགས༴ཐེ་བྲང་སྟོང་སྡེ་ཕྱི་ནང་སྤྲུལ་འཁོར་བསང་༔ མདོར་ན་དམ་ཅན་སྐྱེས་བུ་ཆེན་པོ་ཡི༔ བཀའ་སྡོད་སྡེ་ཚོགས་མ་ལུས་བསང་ཞིང་བརྔན༔ ཞི་རྒྱས་དབང་དྲག་ལས་བཞི་ཐོགས་མེད་སྒྲུབས༔ ཟབ་གཏེར་བསྟན་པའི་མངའ་ཐང་འཕེལ་རྒྱས་མཛོད༔ ཤཱཀ་ཐུབ་ཕྱག་རྡོར་པད་འབྱུང་སྤྱན་སྔ་རུ༔ ཁས་བླངས་ཇི་བཞིན་དམ་ཚིག་གཉེར་བཅོལ་ལོ༔ མ་འདོར་མ་འདའ་བཛྲ་ས་མ་ཡ༔ དེ་ལྟར་བསང་མཆོད་གྲངས་བསགས་ན༔ སྲུང་མ་གཉན་པོས་བུ་བཞིན་སྐྱོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་ཀློང་ཆེན་རྡོ་རྗེས་བསྐུལ་ངོར་དྲི་མེད་པས་སོ།།དགེའོ།།།།