TTDL-ZABTER-14-PHA-018

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-14-PHA-018

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=14 |volumeLetter=PHA |textnuminvol=018 |pdflink=File:TTDL-ZABTER-14-PHA-018.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-14-PHA }}

[edit]
བརྡ་ཡིག༠༠༠༠༠༠༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྒྲུབ་པའི་ཆ་ལག་བྱིན་འབེབས་དཔག་བསམ་རྒྱས་པ་བཞུགས་སོ༔ བརྡ་ཡིག༠༠༠༠༠༠༡༣༦༔ ན་མོ་གུ་རུ་པདྨ་སཾ་བྷ་ཝེ༔ སྒྲུབ་པ་ཟབ་མོ་ལྷུར་ལེན་ཚེ༔ དུས་བཞིར་དད་དང་དམིགས་གསལ་གྱི༔ གནད་དང་ལྡན་པས་འདིར་བརྩོན་བྱ༔ སྤོས་དང་ཤ་ཆེན་གསུར་དུད་བཏང་༔ རོལ་མོ་སྣ་ཚོགས་སྒྲ་དང་བཅས༔ བྱིན་ཆེན་དབབ་པའི་དུས་འདི་རུ༔ དགའ་སྤྲོ་དང་བའི་ངང་ལྡན་གྱིས༔ ཧཱུྃ༔ དབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ ཀ་དག་ཆོས་སྐུའི་ཕོ་བྲང་ནས༔ སྐྱེ་མེད་དོན་གྱི་དངོས་གྲུབ་བརྙེས༔ ཀུན་བཟང་ཡབ་ཡུམ་བྱིན་ཆེན་ཕོབ༔ ཧཱུྃ༔ དབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ སྐྱེ་འཆི་མེད་པའི་དངོས་གྲུབ་བརྙེས༔ འོད་དཔག་མེད་མགོན་བྱིན་ཆེན་ཕོབ༔ ཧཱུྃ༔ དབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ ཀུན་ཁྱབ་རྡོ་རྗེའི་ཞིང་ཁམས་ནས༔ རྡོ་རྗེ་འཆང་ཆེན་འཁོར་དང་བཅས༔ ཐུགས་རྒྱུད་བསྐུལ་ལོ་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ གནམ་ལྕགས་འབར་བའི་རི་བོ་རུ༔ རི་འདི་བྱིན་གྱིས་བརླབ་ཏུ་གསོལ༔ འོག་མིན་བདེ་ཆེན་ཞིང་ཁམས་སུ༔ གནས་འདི་བྱིན་གྱིས་བརླབ་ཏུ་གསོལ༔ མི་འགྱུར་རྡོ་རྗེའི་གཞལ་ཡས་སུ༔ སྒྲུབ་ཁང་བྱིན་གྱིས་བརླབ་ཏུ་གསོལ༔ དཔའ་བོ་མཁའ་འགྲོའི་རོལ་པ་རུ༔ སྒྲུབ་མཆོག་བྱིན་གྱིས་བརླབ་ཏུ་གསོལ༔ མྱོང་གྲོལ་ཡེ་ཤེས་བདུད་རྩི་རུ༔ དམ་རྫས་བྱིན་གྱིས་བརླབ་ཏུ་གསོལ༔ ཧཱུྃ༔ དབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ འོག་མིན་རྣམ་མཛེས་ཞིང་ཁམས་ནས༔ འཇམ་དཔལ་རིགས་ལྔ་སྟོན་འཁོར་བཅས༔ ཐུགས་རྒྱུད་བསྐུལ་ལོ་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ རི་བོ་རྩེ་ལྔའི་གནས་མཆོག་ཏུ༔ རི་འདི་བྱིན་གྱིས༴བཀོད་པ་རྒྱལ་བའི་དཀྱིལ་འཁོར་དུ༔ གནས་འདི་བྱིན་གྱིས༴ཡེ་ཤེས་ལྔ་ལྡན་གཞལ་ཡས་སུ༔ སྒྲུབ་ཁང་བྱིན་གྱིས༴ཡེ་ཤེས་ལྔ་ཡི་རོལ་པ་རུ༔ སྒྲུབ་མཆོག་བྱིན་གྱིས༴མྱོང་གྲོལ་ཡེ་ཤེས་བདུད་རྩི་རུ༔ དམ་རྫས་བྱིན་གྱིས༴ཧཱུྃ༔ དབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ པོ་ཊ་ལ་ཡི་རྩེ་མོ་ནས༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ༔ དཔའ་བོ་མཁའ་འགྲོའི་འཁོར་དང་བཅས༔ ཐུགས་རྒྱུད་བསྐུལ་ལོ་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ གནས་མཆོག་རི་བོ་ཏ་ལ་རུ༔ རི་འདི་བྱིན་གྱིས༴དག་པ་མཁའ་སྤྱོད་ཞིང་ཁམས་སུ༔ གནས་འདི་བྱིན་གྱིས༴འགྲོ་འདུལ་སྤྲུལ་པའི་ཕོ་བྲང་དུ༔ སྒྲུབ་ཁང་བྱིན་གྱིས༴དཔའ་བོ་མཁའ་འགྲོའི་རོལ་པ་རུ༔ སྒྲུབ་མཆོག་བྱིན་གྱིས༴མྱོང་གྲོལ་ཡེ་ཤེས་བདུད་རྩི་རུ༔ དམ་རྫས་བྱིན་གྱིས༴ཧཱུྃ༔ དབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ མི་ཤིགས་རྡོ་རྗེའི་གཞལ་ཡས་ནས༔ ཕྱག་ན་རྡོ་རྗེ་འཁོར་དང་བཅས༔ ཐུགས་རྒྱུད་བསྐུལ་ལོ་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ལྕང་ལོ་ཅན་གྱི་གནས་མཆོག་ཏུ༔ རི་འདི་བྱིན་གྱིས༴དུར་ཁྲོད་མེ་རི་འབར་བ་རུ༔ གནས་འདི་བྱིན་གྱིས༴ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་དུ༔ སྒྲུབ་ཁང་བྱིན་གྱིས༴ཡེ་ཤེས་སྒྱུ་འཕྲུལ་རོལ་པ་རུ༔ སྒྲུབ་མཆོག་བྱིན་གྱིས༴མྱོང་གྲོལ་ཡེ་ཤེས་བདུད་རྩི་རུ༔ དམ་རྫས་བྱིན་གྱིས༴ཧཱུྃ༔ དབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ རང་སྣང་དོན་གྱི་འོག་མིན་ནས༔ དགའ་རབ་རྡོ་རྗེ་སྟོན་འཁོར་བཅས༔ ཐུགས་རྒྱུད་བསྐུལ་ལོ་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ འདོད་བྱུང་དཔལ་གྱི་རི་བོ་རུ༔ རི་འདི་བྱིན་གྱིས༴དོན་གྱི་འོག་མིན་ཆེན་པོ་རུ༔ གནས་འདི་བྱིན་གྱིས༴ལྷུན་གྲུབ་བདེ་ཆེན་གཞལ་ཡས་སུ༔ སྒྲུབ་ཁང་བྱིན་གྱིས༴ཡེ་ཤེས་རོལ་པའི་སྟོན་འཁོར་དུ༔ སྒྲུབ་མཆོག་བྱིན་གྱིས༴མྱོང་གྲོལ་ཡེ་ཤེས་བདུད་རྩི་རུ༔ དམ་རྫས་བྱིན་གྱིས༴ཧཱུྃ༔ དབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ འཇའ་ལུས་སྒྱུ་མའི་ཕོ་བྲང་ནས༔ ཤྲཱི་སིངྷ་སྟོན་འཁོར་བཅས༔ ཐུགས་རྒྱུད་བསྐུལ་ལོ་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཕ་རོལ་དཔུང་འཇོམས་རི་བོ་རུ༔ རི་འདི་བྱིན་གྱིས༴བདེ་ཆེན་འགྱུར་མེད་ཞིང་ཁམས་སུ༔ གནས་འདི་བྱིན་གྱིས༴ལྷུན་གྲུབ་བདེ་ཆེན་གཞལ་ཡས་སུ༔ སྒྲུབ་ཁང་བྱིན་གྱིས༴ཡེ་ཤེས་སྒྱུ་འཕྲུལ་རོལ་པ་རུ༔ སྒྲུབ་མཆོག་བྱིན་གྱིས༴མྱོང་གྲོལ་ཡེ་ཤེས་བདུད་རྩི་རུ༔ དམ་རྫས་བྱིན་གྱིས༴ཧཱུྃ༔ དབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་པད་འབྱུང་སྟོན་འཁོར་བཅས༔ ཐུགས་རྒྱུད་བསྐུལ་ལོ་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཟངས་མདོག་དཔལ་གྱི་རི་བོ་རུ༔ རི་འདི་བྱིན་གྱིས༴པདྨ་འོད་ཀྱི་ཞིང་ཁམས་སུ༔ གནས་འདི་བྱིན་གྱིས༴སྐུ་གསུམ་ལྷུན་གྲུབ་གཞལ་ཡས་སུ༔ སྒྲུབ་ཁང་བྱིན་གྱིས༴རིག་འཛིན་རྣམ་བཞིའི་རོལ་པ་རུ༔ སྒྲུབ་མཆོག་བྱིན་གྱིས༴མྱོང་གྲོལ་ཡེ་ཤེས་བདུད་རྩི་རུ༔ དམ་རྫས་བྱིན་གྱིས༴ཧཱུྃ༔ དབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ མི་མཇེད་སྤྲུལ་པའི་ཞིང་ཁམས་ནས༔ རིག་འཛིན་ཆེན་པོ་བརྒྱད་དང་ནི༔ གྲུབ་པའི་རྗེ་འབངས་ཉི་ཤུ་ལྔ༔ ཐུགས་རྒྱུད་བསྐུལ་ལོ་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ དངོས་གྲུབ་ཀུན་གྱི་འབྱུང་གནས་སུ༔ རི་འདི་བྱིན་གྱིས༴མཁའ་སྤྱོད་དག་པའི་ཞིང་ཁམས་སུ༔ གནས་འདི་བྱིན་གྱིས༴བཀོད་པ་རབ་རྫོགས་གཞལ་ཡས་སུ༔ སྒྲུབ་ཁང་བྱིན་གྱིས༴དཔའ་བོ་དཔའ་མོའི་རོལ་པ་རུ༔ སྒྲུབ་མཆོག་བྱིན་གྱིས༴མྱོང་གྲོལ་ཡེ་ཤེས་བདུད་རྩི་རུ༔ དམ་རྫས་བྱིན་གྱིས༴ཧཱུྃ༔ དབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ སྐུ་གསུམ་དག་པའི་ཞིང་ཁམས་ནས༔ ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ལྷ༔ ཐུགས་རྒྱུད་བསྐུལ་ལོ་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ མ་ལ་ཡ་ཡི་རི་བོ་རུ༔ རི་འདི་བྱིན་གྱིས༴རང་སྣང་དོན་གྱི་འོག་མིན་དུ༔ གནས་འདི་བྱིན་གྱིས༴བཀོད་པ་ལྷུན་གྲུབ་ཕོ་བྲང་དུ༔ སྒྲུབ་ཁང་བྱིན་གྱིས༴དག་པ་རབ་འབྱམས་རོལ་པ་རུ༔ སྒྲུབ་མཆོག་བྱིན་གྱིས༴མྱོང་གྲོལ་ཡེ་ཤེས་བདུད་རྩི་རུ༔ དམ་རྫས་བྱིན་གྱིས༴ཧཱུྃ༔ དབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ ཡེ་ཤེས་འཇིག་རྟེན་ཆོས་སྐྱོང་ཚོགས༔ ཐུགས་རྒྱུད་བསྐུལ་ལོ་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ རྩ་གསུམ་དམ་ཅན་སྲུང་མའི་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ གཟུགས་སྐུས་འགྲོ་བའི་དོན་མཛད་ཕྱིར༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་ཕོབ༔ སྒྲུབ་པའི་གནས་མཆོག་དམ་པ་འདི༔ འོག་མིན་ཞིང་དུ་བྱིན་གྱིས་རློབས༔ སྒྲུབ་ཁང་ཡེ་ཤེས་གཞལ་ཡས་སུ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ སྒྲུབ་པའི་དཀྱིལ་འཁོར་བཀྲམ་པ་འདི༔ རྒྱལ་བའི་ཞིང་དུ་བྱིན་གྱིས་རློབས༔ སྒྲུབ་རྫས་སྣ་ཚོགས་བཀོད་པ་འདི༔ ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས༔ སྒྲུབ་པའི་རྣལ་འབྱོར་ཕོ་མོ་རྣམས༔ དཔའ་བོ་དཔའ་མོར་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ མ་ལུས་གནས་འདིར་དབང་བྱིན་ཕོབ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཛ་ཛཿཨ་བེ་ཤ་ཡ་ཨ་ཨཱཿཞེས་བྱིན་ཆེན་དབབ་པས་དངོས་གྲུབ་ཆར་འབེབ་ཅིང་༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་གྲོང་དུ་འཕོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག་༠༠༠༠༠༡༤༢༔ པདྨ་འོད་དུ་ཨ་ཐཾ་རྒྱ༔ ཞེས་པ་འདི་ཡང་རྣལ་འབྱོར་བ་ཆེ་མཆོག་ཅེས་བྱ་བས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བ་དུས་གསུམ་དུ་དགེ་བར་གྱུར་ཅིག།མངྒ་ལཾ།ཛ་ཡནྟུ།།།།