TTDL-ZABTER-14-PHA-029

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-14-PHA-029
Wylie title TTDL-ZABTER-14-PHA-029.pdf
Location bdud 'joms gling pa zab gter
Volume 14, Text 29, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
བརྡ་ཡིག་༠༠༠༠༠༢༣༩༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བདེན་བརྗོད་སྨོན་ཚིག་འདོད་འཇོའི་དཔལ་ཡོན་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ སངས་རྒྱས་བྱང་སེམས་གསལ་བའི་དྲུང་༔ བདེན་བརྗོད་སྨོན་ལམ་རྣམ་དག་གདབ༔ ཆུད་མི་ཟ་ཕྱིར་འགྲུབ་ཚིག་བརྗོད༔ དེས་ན་ངེས་པར་འགྲུབ་འགྱུར་རོ༔ ན་མོ༔ མཆོག་གསུམ་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་བརྒྱུད་པ་དགུ་ལྡན་གྱི་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བདེན་པ་དང་༔ བཀའ་གཏེར་ཐེག་པ་རིམ་དགུ་རྒྱུད་སྡེ་ཆེན་པོ་བཞི་དྲུག་གི་ཚིག་དོན་སྙིང་པོ་རྣམ་པར་དག་པའི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་ཅིང་ཀུན་རྫོབ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པ་ཆེན་པོའི་མཐུ་སྟོབས་ནུས་རྩལ་གྱིས༔ མི་བདག་གི་ཚེ་བསོད་དཔལ་འབྱོར་མངའ་ཐང་སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་སྙན་གྲགས་ཆོས་སྲིད་འདོད་ཡོན་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་ནས་གོང་འཕེལ་དུ་ད་ལྟ་ཉིད་དུ་རྒྱས་པར་གྱུར་ཅིག༔ ནུབ་མེད་དུ་བརྟན་ཅིང་གནས་པར་གྱུར་ཅིག༔ སྔོན་ལས་འཕྲལ་རྐྱེན་ངན་པ་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་བྱང་ཞིང་དག་པར་གྱུར་ཅིག༔ བདག་གི་ལུས་ལ་ན་ཚ་སེམས་ལ་སྡུག་བསྔལ་ཚེ་དང་ཆོས་ལ་བར་དུ་གཅོད་པའི་རྒྱུ་རྐྱེན་ངན་པ་ནམ་ཡང་རྟག་ཏུ་མི་འབྱུང་བར་ཤོག་ཅིག༔ ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་བསྙེན་ཅིང་བསྒྲུབ་པ་ཙམ་གྱིས་བདག་གི་དབང་དུ་འདུ་བར་ཤོག་ཅིག༔ བྲན་དུ་ཁོལ་བར་གྱུར་ཅིག༔ གྲོགས་སུ་འགྱུར་བར་ཤོག་ཅིག༔ འབངས་སུ་འཁོར་བར་ཤོག་ཅིག༔ མངའ་འོག་ཏུ་འདུ་ཞིང་ལས་ལ་འཁོར་བར་གྱུར་ཅིག༔ སྒྲུབ་དང་དཀྱིལ་འཁོར་ལྷ་སྔགས་ཏིང་ངེ་འཛིན་ཐམས་ཅད་བདག་གི་ཡིད་ལ་དྲན་པ་དང་གསལ་བསྒྲུབ་བཟླས་པ་ཙམ་གྱིས་ཐོགས་པ་མེད་པར་མངོན་སུམ་དུ་འགྲུབ་པར་ཤོག་ཅིག༔ ཁམས་གསུམ་སྲིད་གསུམ་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་བུ་སློབ་ལྷ་འདྲེ་མི་གསུམ་འགྲོ་བ་ཕོ་མོ་ཐམས་ཅད་བདག་གི་དབང་དུ་ད་ལྟ་ཉིད་དུ་འདུ་བར་གྱུར་ཅིག༔ བྲན་དུ་ཁོལ་ནས་གྲོགས་སུ་གྱུར་བར་ཤོག་ཅིག༔ འབངས་སུ་ཁོལ་ཞིང་མངའ་འོག་ཏུ་འདུ་བར་གྱུར་ཅིག༔ ལས་ལ་ཁོལ་ནས་ཐར་པ་དང་རྣམ་མཁྱེན་གྱི་ས་ལམ་དུ་སྒྲོལ་ནུས་པར་ཤོག་ཅིག༔ བདག་གི་སྒོ་གསུམ་རྡོ་རྗེ་གསུམ་གྱི་ངང་དུ་གྲོལ་ནས་སྤྱན་དང་མངོན་ཤེས་གྲུབ་རྟགས་དང་རྫུ་འཕྲུལ་ཐམས་ཅད་ལ་ཐོགས་པ་མེད་པར་དབང་འབྱོར་བར་ཤོག་ཅིག༔ ཕྱིའི་འབྱུང་ལྔ་ནང་རླུང་སེམས་གསང་བ་འཕོ་གྲོལ་ཐམས་ཅད་ལ་རང་དབང་ད་ལྟ་ཉིད་དུ་ཐོབ་པར་གྱུར་ཅིག༔ ཁམས་གསུམ་སྲིད་གསུམ་འཁོར་འདས་ཐམས་ཅད་བདག་གི་དབང་དུ་འདུས་ནས་བྲན་དུ་ཁོལ་བར་ཤོག་ཅིག༔ བདག་གི་ཡིད་དང་བྱ་བྱེད་ཐམས་ཅད་དམ་པའི་ཆོས་ཀྱི་ལམ་དུ་འགྱུར་བར་ཤོག་ཅིག༔ ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་ཤྲཱི་སེང་ཧ་པདྨ་ཀ་ར་ལ་སོགས་རིག་འཛིན་བརྒྱུད་པའི་བླ་མ༔ རྒྱ་གར་གྱི་རིག་འཛིན་བརྒྱད་དང་གྲུབ་ཆེན་བརྒྱད་ཅུ་བོད་ཀྱི་རྗེ་འབངས་ཉེར་ལྔ་ལ་སོགས་པའི་རིག་འཛིན་པཎ་གྲུབ་ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་བདག་གི་རྒྱུད་ལ་ད་ལྟ་ཉིད་དུ་ཐིམ་པར་གྱུར་ཅིག༔ འཕོ་བར་གྱུར་ཅིག༔ གཉིས་སུ་མེད་པར་ཡོངས་སུ་རྫོགས་པར་གྱུར་ཅིག༔ འགྱུར་བ་མེད་པར་རབ་ཏུ་གནས་ཤིང་བརྟན་པར་གྱུར་ཅིག༔ ཕྱི་ཡུལ་སྣང་༔ ནང་བདག་སྣང་༔ གསང་བ་དངོས་ཞེན་གཉིས་འཛིན་ལ་སོགས་སེམས་དང་སེམས་བྱུང་གི་འཁྲུལ་རྟོག་ཐམས་ཅད་ཀ་དག་གདོད་མའི་གཞི་དབྱིངས་སྤྲོས་བྲལ་རྣམ་ཐར་གསུམ་ལྡན་གྱི་ཀློང་དུ་སྐད་ཅིག་ཉིད་ལ་ཞིག་པར་གྱུར་ཅིག༔ ཀློང་ཆེན་འཁོར་འདས་འུབ་ཆུབ་རྫོགས་པ་ཆེན་པོའི་ཀློང་དུ་མི་འགྱུར་མི་ཤིགས་གཞོན་ནུ་བུམ་སྐུར་འཇའ་ལུས་ཟང་ཐལ་ཆེན་པོར་གྲོལ་བར་གྱུར་ཅིག༔ སྨིན་པར་གྱུར་ཅིག༔ འཕོ་བར་གྱུར་ཅིག༔ གཏན་སྲིད་ཟིན་པར་གྱུར་ཅིག༔ ཁམས་གསུམ་འཁོར་བ་མ་སྟོང་གི་བར་དུ་གང་ལ་གང་འདུལ་གྱི་ཐབས་སྣ་ཚོགས་པའི་སྒོ་ནས་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་ནུས་པར་ཤོག་ཅིག༔ སྐྱེ་བ་ཚེ་རབས་ཐམས་ཅད་དུ་བདག་མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་འཁྲུལ་མེད་ཀུན་ཏུ་བཟང་པོའི་གཞི་ཐོག་ཏུ་གྲོལ་བར་ཤོག་ཅིག༔ བདག་དུས་འདི་ནས་བཟུང་སྟེ་སངས་མ་རྒྱས་བྱང་མ་ཆུབ་ཀྱི་བར་དུ་ཡུལ་རྐྱེན་ངན་པའི་དབང་དུ་སྐད་ཅིག་ཙམ་ཡང་མི་འགྱུར་བར་ཤོག་ཅིག༔ ས་སྟེང་འགྲན་ཟླ་དང་བྲལ་བ་དང་ལྡན་འགྲོ་བ་འདྲེན་པ་ལྔ་བརྒྱའི་བསྐལ་ངན་བཟློག་ནུས་པ་མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད་པ་དུས་གསུམ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡོངས་སུ་འདུས་ཤིང་ཡོངས་སུ་རྫོགས་པའི་བདག་ཉིད་ཆེན་པོ་རུ་འགྱུར་བར་ཤོག་ཅིག༔ བདེན་བརྗོད་ལ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ འཇམ་པའི་དབྱངས་ཀྱི་ཤེས་རབ་དང་༔ སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་༔ ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་༔ སངས་རྒྱས་སྟོང་གི་ཐུགས་བསྐྱེད་ཀྱིས༔ སྨོན་ལམ་བཏབ་པ་དེ་བཞིན་འགྲུབ་གྱུར་ཅིག༔ ལན་བདུན་བརྗོད༔