TTDL-ZABTER-14-PHA-064

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-14-PHA-064
Wylie title TTDL-ZABTER-14-PHA-064.pdf
Location bdud 'joms gling pa zab gter
Volume 14, Text 64, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
བརྡ་ཡིག་༠༠༠༠༠༤༤༡༔ ཨེ་མ་ཧོཿཁྱབ་བདག་གདོད་མའི་མགོན་པོ་ཀུན་ཏུ་བཟང་༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་སྣང་མཐའ་ཡས༔ ཐུགས་རྗེས་འགྲོ་འདུལ་དཔལ་ལྡན་པདྨ་སྐྱེས༔ ནམ་མཁའི་རྣལ་འབྱོར་བདུད་འཇོམས་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ སྲིད་ལས་རྣམ་རྒྱལ་འབྲེལ་ཚད་དོན་ལྡན་ཞིང་༔ འཁོར་བ་དོང་སྤྲུགས་ནུས་པའི་དཔལ་ཐོབ་ཤོག༔ ཅེས་གསོལ་འདེབས་སྨོན་ལམ་འབྲེལ་བའི་རྐང་པ་བདུན།།སྐྱེས་མཆོག་ཚུལ་ཁྲིམས་རྒྱ་མཚོས་བསྐུལ་བའི་ངོར།།མི་རྒན་བདུད་འཇོམས་རྡོ་རྗེས་འཕྲལ་དུ་བྲིས།།།།ཨེ་མ་ཧོཿགཞི་དབྱིངས་གྲྭ་ཟུར་ལས་འདས་ཐིག་ལེའི་མཁར༔ གཞི་སྣང་ལོངས་སྤྱོད་རྫོགས་པའི་དཔལ་མངའ་བའི༔ གཞི་རྩལ་ཡེ་ཤེས་སྒྱུ་མའི་འཕྲུལ་སྣང་བ༔ གཞིར་གནས་དོན་གྱི་བླ་མར་གསོལ་བ་འདེབས༔ གཞི་ལས་མི་གཞན་ལམ་སྟོར་དམུས་ལོང་འགྲོ༔ གཞི་དབྱིངས་ཁྱབ་བདག་རྒྱལ་པོར་བྱང་ཆུབ་ཤོག༔ ཅེས་པ་འདི་ཡང་སྡོང་གི་སྐྱེས་བུ་ཡོངས་གྲུབ་ཀྱི་ངོར།རྒན་པོ་བདུད་འཇོམས་རྡོ་རྗེས་སོ།།།།ན་མོ༔ རིགས་བརྒྱའི་ཁྱབ་བདག་ཨོ་རྒྱན་མཚོ་སྐྱེས་རྗེ༔ སྣང་སྲིད་དབང་སྡུད་རྡོ་རྗེ་ཐོད་ཕྲེང་རྩལ༔ ཆོས་ཉིད་སྒྱུ་མར་རོལ་པའི་རིག་འཛིན་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བདུད་འཇོམས་རྡོ་རྗེས་སྨྲས་སོ།།།།