TTDL-ZABTER-15-BA-045

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-15-BA-045
Wylie title TTDL-ZABTER-15-BA-045.pdf
Location bdud 'joms gling pa zab gter
Volume 15, Text 45, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ལས་བུམ་ནི༔ ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཤུངྔྷོཉ་ཧཾ༔ ལས་ཀྱི་བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཡེ་ཤེས་ལྔ་ལྡན་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པད་ཉིའི་གདན་ལ་ཧཱུྃ་ཡོངས་སུ་གྱུར་པ་ལས་ཁྲོ་ཆེན་བདུད་རྩི་མཁྱིལ་བ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་ཆས་ཐམས་ཅད་རྫོགས་པ་གཡས་རྒྱ་གྲམ་དང་གཡོན་དྲིལ་བུ་འཛིན་པའི་སྐུར་གསལ་བ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབ་པས་དག་བྱེད་ཀྱི་ཆུ་ནུས་པ་དང་ལྡན་པར་གྱུར༔ ཨོཾ་བཛྲ་ཨ་མྲྀ་ཏ་ཨུདྡྷ་ཀ་ཧཱུྃ་ཕཊ༔ ཅི་མང་བཟླས་མཐར༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་ཧེ་རུ་ཀ༔ སྒྲིབ་གཉིས་དྲི་མ་སྦྱངས་མཛད་པ་༔ བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད༔ ལྷ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པར་གྱུར༔ ཅེས་འཇམ་དཔལ་རྡོ་རྗེས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་པར་ཕབ་པའི་ཡི་གེ་པ་ནི་མཁན་པོ་ཐུབ་བསྟན་ནོ།།དགེའོ།།།།