TTDL-ZABTER-16-MA-011

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-16-MA-011

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=16 |volumeLetter=MA |textnuminvol=011 |pdflink=File:TTDL-ZABTER-16-MA-011.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-16-MA }}

[edit]
༠༠༠༠༠༠བརྡ་ཡིག༤༣མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མས༔ སྐྱབས་གནས་དཀོན་མཆོག་གསུམ་དང་སྐུ་གསུམ་ལྷ༔ བརྒྱུད་གསུམ་བླ་མ་ཡི་དམ་ཌཱཀྐིའི་ཚོགས༔ བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་རྣམས་དང་༔ རིགས་བརྒྱའི་ཁྱབ་བདག་བླ་མ་དེ་མཁྱེན་ནོ༔ སྐད་ཅིག་མི་འབྲལ་རྗེས་སུ་བཟུང་དུ་གསོལ༔ འཁོར་བར་ཞེན་པ་ལོག་པར་བྱིན་གྱིས་རློབས༔ ད་ནས་བཟུང་སྟེ་ཇི་སྲིད་འཚོ་ཡི་བར༔ ངེས་མེད་རི་ཁྲོད་དམ་པར་སྒོ་གསུམ་པོ༔ བྱར་མེད་བྱ་བཏང་ངང་དུ་བརྟན་ཐོབ་ནས༔ འཇིགས་མེད་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ མ་ཧཱ་ཡོ་ག་ཉམས་སུ་བླངས་ཙམ་གྱིས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་ཤོག༔ ཨ་ནུ་ཡོ་ག་ཉམས་སུ་བླངས་ཙམ་གྱིས༔ སྐུ་གསུམ་མཉམ་སྦྱོར་ཆེན་པོར་གྲོལ་བར་ཤོག༔ ནམ་མཁའ་རླུང་གི་བཅུད་ལེན་ཉམས་བླངས་པས༔ ཟག་བཅས་ཕུང་པོ་འཇའ་སྐུར་གྲོལ་བར་ཤོག༔ ཁྲེགས་ཆོད་གདམས་པ་ཉམས་སུ་བླངས་ཙམ་གྱིས༔ ཀ་དག་རྫོགས་པ་ཆེན་པོར་གྲོལ་བར་ཤོག༔ ཐོད་རྒལ་གསང་ལམ་ཉམས་སུ་བླངས་ཙམ་ནས༔ སྣང་བ་བཞི་ཡི་ཉམས་རྟོགས་ཡོན་ཏན་དང་༔ ལམ་རྟགས་རྒྱུད་ལུང་མན་ངག་དང་བསྟུན་པར༔ ཚངས་ལ་མ་འཆུག་ཕྱིན་ཅི་མ་ལོག་པ༔ ཉམས་སུ་མྱོང་ཞིང་རིམ་བཞིན་མྱུར་བསྒྲོད་དེ༔ ལམ་གྱི་གནད་ལས་གོལ་འཆུག་མེད་པ་ཡིས༔ གཞོན་ནུམ་བུམ་པའི་སྐུ་རུ་གྲོལ་བར་ཤོག༔ དུས་གསུམ་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱིས༔ ཐུགས་རྒྱུད་རྣམ་པར་མི་རྟོག་ཡེ་ཤེས་ཉིད༔ དེ་རིང་ཉིད་དུ་བདག་རྒྱུད་ལ་འཕོས་ཏེ༔ རིང་པོར་མི་ཐོགས་འཇའ་ལུས་འཕོ་ཆེན་དུ༔ ཡང་དག་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག༔ བདག་དང་བདག་གི་འབྲེལ་ཐོགས་སེམས་ཅན་ཀུན༔ ཕྱམ་གཅིག་གདོད་མའི་གཞི་རུ་སངས་རྒྱས་ཤོག༔ དེ་མཐར་སྨོན་ལམ་འགྲུབ་སྔགས་བདེན་བརྗོད་བསགས༔ སྒྱུ་མའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེ་ཡིས།།སློབ་བུ་ཚུལ་ཁྲིམས་རྒྱ་མཚོས་ནན་བསྐུལ་ངོར།།ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།སརྦ་མངྒ་ལཾ།། ༈ རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་།རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་།།བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས།།རྣམ་དག་སྨོན་པའི་གནས་ཀུན་མྱུར་འགྲུབ་ཤོག།