TTDL-ZABTER-16-MA-018

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-16-MA-018

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=16 |volumeLetter=MA |textnuminvol=018 |pdflink=File:TTDL-ZABTER-16-MA-018.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-16-MA }}

[edit]
༠༠༠༠༠༠བརྡ་ཡིག༦༣དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྨོན་ལམ་རྣམ་དག་ཐར་བའི་ཐེམ་སྐས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠བརྡ་ཡིག༦༣དུས་རྣམ་ཀུན་ཏུ་རྒྱལ་དང་རྒྱལ་བའི་སྲས༔ དཔང་དུ་བཙུག་སྟེ་སྨོན་ལམ་འདི་གདབ་བྱ༔ ན་མོ༔ ཕྱོགས་བཅུའི་དུས་གསུམ་གཤེགས་བཞུགས་འབྱོན་འགྱུར་གྱི༔ རྒྱལ་དང་རྒྱལ་སྲས་མ་ལུས་དགོངས་སུ་གསོལ༔ བདག་གི་སྨོན་ལམ་འགྲུབ་པའི་དཔང་མཛོད་ཅིག༔ བརྒྱུད་གསུམ་བླ་མ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་པའི་དཔལ་ཡོན་མ་ལུས་པ༔ ད་ལྟ་ཉིད་དུ་བདག་རྒྱུད་ལ་འཕོས་ཏེ༔ ས་ལམ་གཅིག་རྫོགས་དབྱིངས་སུ་གྲོལ་བར་ཤོག༔ མ་རིག་སེམས་ལ་མཁྱེན་པའི་དབྱིངས་ཞུགས་ནས༔ མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་ལྟ་ངན་དང་༔ གོལ་ཤོར་ནོར་བའི་གེགས་དང་འཕྲང་གྲོལ་ནས༔ ཀ་དག་གདོད་མའི་དབྱིངས་སུ་བརྒལ་བར་ཤོག༔ བདག་རྟོག་རྒྱུད་ལ་བརྩེ་བའི་དབྱིངས་ཞུགས་ནས༔ འཁོར་འདས་དག་མཉམ་རོལ་པའི་ཤེས་རབ་ཆེར༔ ཐབས་དང་ཐུགས་རྗེའི་རོལ་རྩལ་སྣ་ཚོགས་ཀྱིས༔ བླ་མ་དམ་པའི་ཐུགས་དགོངས་རྫོགས་པ་དང་༔ ཞབས་ཏོག་འཕེལ་ཞིང་མཉེས་པ་བསྒྲུབ་པར་ཤོག༔ སྒོ་གསུམ་བྱ་བ་བྱེད་པ་ཐམས་ཅད་ཀྱིས༔ བླ་མ་མི་མཉེས་པ་ཡི་ལས་ངན་དང༔ ཞབས་འདྲེན་སྤྱོད་ངན་བསྟན་དང་དངོས་ཉིད་ལས༔ གནོད་འཚེའི་རྒྱུ་རྐྱེན་ནམ་ཡང་མི་འབྱུང་ཤོག༔ ཤམྦྷ་ལ་སོགས་མི་མཇེད་འཇིག་རྟེན་འདིར༔ བླ་མ་དམ་པའི་ཕྲིན་ལས་པར་གྱུར་ནས༔ བདུད་དང་ཀླ་ཀློའི་སྡེ་དཔུང་བཅོམ་གྱུར་ཏེ༔ རྒྱལ་བསྟན་ཉིན་མོར་བྱེད་པའི་དཔལ་ཐོབ་ཤོག༔ ཚེ་རབས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ༔ དལ་འབྱོར་ལུས་ཐོབ་རང་དབང་དང་ལྡན་ཅིང་༔ སྐྱབས་མགོན་བླ་མ་མཆོག་དེའི་རྗེས་བཟུང་ནས༔ ཡང་དག་ཐེག་ཆེན་ལམ་ལ་སྤྱོད་པར་ཤོག༔ དེ་ཡང་ཡུལ་རྐྱེན་ཕྱིན་ཅི་ལོག་པ་ཡིས༔ དབང་དུ་མི་འགྱུར་རང་ས་ཟིན་པ་དང་༔ འགྲོ་ཁམས་རྒྱ་མཚོ་ཁ་ལོ་བསྒྱུར་བ་ཡིས༔ རྣམ་མཁྱེན་ལམ་ལ་ཡང་དག་འཛུད་པར་ཤོག༔ སྐད་ཅིག་ཉིད་དུ་ཤེས་རབ་མངོན་གྱུར་ནས༔ ཆོས་ཉིད་བདེན་པ་མངོན་སུམ་མཐོང་ནས་ཀྱང༔ ས་བཅུ་ལམ་ལྔའི་ཡོན་ཏན་གཅིག་རྫོགས་ཤོག༔ མཐར་ཐུག་སྟོན་འཁོར་དགོངས་པ་དབྱེར་མེད་དུ༔ གཞོན་ནུ་བུམ་སྐུའི་ཡོན་ཏན་མངོན་གྱུར་ནས༔ གདོད་མའི་མགོན་པོ་འོད་མི་འགྱུར་བ་ཡི༔ གོ་འཕང་མངོན་གྱུར་ཡང་དག་སངས་རྒྱས་ཤོག༔ བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་མཐུ་བྱིན་དང་༔ བདག་གི་ལྷག་བསམ་རྣམ་དག་བདེན་པའི་མཐུས༔ སྨོན་ལམ་བཏབ་པ་དེ་བཞིན་འགྲུབ་གྱུར་ཅིག༔ གཞན་ཡང་འགྲུབ་སྔགས་བདེན་ཚིག་ཅི་རིགས་བརྗོད༔ ས་མ་ཡ༔ འདི་ནི་རྒྱལ་བ་ཐམས་ཅད་ཀྱི༔ བྱིན་གྱིས་བརླབས་ཤིང་དགོངས་རྒྱས་བཏབ༔ དུས་གསུམ་ཀུན་ཏུ་བརྗོད་པའི་མི༔ རྣམ་མཁྱེན་ལམ་ལ་ཉེ་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་རང་སློབ་དམ་པ་འཇིགས་མེད་བློ་གྲོས་དཔལ་ལྡན་དང་ཕྲིན་ལས་འགྲོ་འདུལ་རྡོ་རྗེ་གཉིས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།