TTDL-ZABTER-12-NA-070

From Dudjom Wiki
Revision as of 09:38, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-12-NA-070
Wylie title TTDL-ZABTER-12-NA-070.pdf
Location bdud 'joms gling pa zab gter
Volume 12, Text 70, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠༠བརྡ་ཡིག༤༠༣ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གསང་བདག་རྡོ་རྗེ་གཏུམ་པོའི་མངོན་རྟོགས་དངོས་གྲུབ་ཆར་འབེབས་བཞུགས༔ ན་མོ་གུ་རུ་ཝེ༔ ཧཱུྃ༔ རང་ཉིད་ཕྱག་རྡོར་མཐིང་ནག་ཁྲོ་གཏུམ་རྔམས༔ མེ་དཔུང་འབར་ཀློང་རྡོ་རྗེ་སྦྲུལ་ཞགས་གདེངས༔ པད་ཉི་བམ་སྟེང་གྱད་ཀྱི་འདོར་སྟབས་བསྒྲད༔ ཐུགས་ཀར་རྡོ་རྗེ་ཧཱུྃ་ལ་འབྲུ་བཞིས་བསྐོར༔ ཧཱུྃ་བཛྲ་ཕཊ༔ ཚུལ་བཞིན་བསྒོམ་ལས་དངོས་གྲུབ་ཐོབ༔ གྲོང་འཕོ་གྲོང་འཇུག་གདམས་པ་ཡིན༔ གསང་སྔགས་ཀུན་གྱི་བདག་པོར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་སློབ་བུ་རིག་འཛིན་རྣམ་རྒྱལ་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ།།