TTDL-ZABTER-13-PA-082

From Dudjom Wiki
Revision as of 09:39, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-13-PA-082
Wylie title TTDL-ZABTER-13-PA-082.pdf
Location bdud 'joms gling pa zab gter
Volume 13, Text 82, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཞིང་སྐྱོང་སེང་གདོང་ཡབ་ཡུམ་གྱི་བསྐང་གསོལ་དགེ་ལེགས་ཀུན་འབྱུང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༠༨ཞིང་སྐྱོང་སེང་གདོང་ཡབ་ཡུམ་ལ༔ བརྟེན་ནས་བསྐང་གསོལ་བྱ་བ་ནི༔ དངོས་སུ་འབྱོར་པའི་མཆོད་པ་བཤམས༔ ཡིད་ཀྱིས་འདོད་རྒུར་སྤེལ་ཞིང་བསྒྱུར༔ ནམ་མཁའ་མཛོད་སྔགས་མཐར༔ ཧཱུྃ་བྷྱོ༔ ཞིང་སྐྱོང་སེང་གདོང་ཡབ་ཡུམ་བཀའ་འཁོར་བཅས༔ དམ་ཚིག་དབང་གིས་འདིར་གཤེགས་སྲུང་མར་བཞུགས༔ མཐུན་རྫས་འདོད་རྒུའི་དཔལ་གྱིས་མཆོད་འབུལ་བཞེས༔ ཐུགས་དམ་བསྐང་ངོ་རྣམ་བཞིའི་ཕྲིན་ལས་མཛོད༔ ས་མ་ཡ༔ དེ་ལྟར་གྲངས་ལྡན་བསྐྱལ་གྱུར་ན༔ བཀའ་སྲུང་གཉན་པོ་བྲན་ཁོལ་འགྱུར༔ གུ་ཧྱ༔ ཨ་ཐམ་རྒྱ༔ ཧཱུྃ༔ འཁོར་འདས་སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀའི༔ བསྟན་པའི་རཱུ་དྲ་སྒྲོལ་ཕྱིར་འཆོལ་བར་ཁྲོས༔ ཞིང་བཅུའི་སྲོག་གི་གཤེད་དུ་ལྷུན་གྱིས་གྲུབ༔ བདུད་ཀྱི་བདུད་མགོན་དྲག་ཤུལ་བདག་པོར་བསྟོད༔ ཅེས་པ་འདི་རིགས་སྲས་རིག་འཛིན་ནོར་བུས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།