TTDL-ZABTER-18-TSHA-123

From Dudjom Wiki
Revision as of 09:40, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-18-TSHA-123
Wylie title TTDL-ZABTER-18-TSHA-123.pdf
Location bdud 'joms gling pa zab gter
Volume 18, Text 123, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
རིག་སྟོང་བདེ་བ་ཆེན་པོའི་དབྱིངས་ལ་འདུད། །ཡེ་གནས་ཡེ་ཤེས་ཆོས་སྐུའི་རང་ཞལ་དེ། །མངོན་བྱེད་གདོད་མའི་དབྱིངས་སུ་སངས་རྒྱས་པའི། །ལས་སྨོན་སྐལ་པ་བཟང་པོའི་དཔལ་འབར་བ། །གཞོན་ནུ་འོད་གསལ་རྡོ་རྗེ་ཁྱོད་ཉོན་ཅིག།འཁོར་འདས་ལམ་གསུམ་ཆོས་སྐུའི་རོལ་པ་རྩལ། །མ་བཙལ་རང་བྱུང་ལྷུན་གྲུབ་ཆེན་པོའི་དབྱིངས། །ཡེ་ནས་འཁྲུལ་མ་མྱོང་བར་རང་ངོར་གནས། །སྐུ་གསུམ་ཡེ་རྫོགས་གཞོན་ནུ་བུམ་པའི་སྐུ། །གློ་བུར་དྲི་མས་བསྒྲིབ་པའི་ལྐོག་གྱུར་ཀྱང་། །རང་རིག་བྱང་ཆུབ་སེམས་ཀྱི་རང་ཞལ་དེ། །མངོན་གྱུར་ཙམ་གྱི་རང་ཐོག་རང་གྲོལ་བྱེད། །དེ་ཕྱིར་དུས་ཀུན་འཁོར་འདས་འུབ་ཆུབ་ཀྱི། །ངང་ལས་མི་འདའ་བ་དེ་གནད་དུ་ཟུངས། །ཨ་ཧོ།སྣོད་བཅུད་སྣང་སྲིད་གཟུང་འཛིན་གྱི་ཆོས་རྣམས། །འོད་གསལ་འཇའ་ཐིག་དྭངས་མ་རུ་འཕོས་ཤིང་། །མངོན་སུམ་སྣང་བ་སྒྲིབ་མེད་ལ་ལྟོས་དང་། །སྐུ་དང་ཡེ་ཤེས་རང་བྱུང་གི་རོལ་པ། །མངོན་གྱུར་ཞིང་ཁམས་རྣམ་དག་ཞིག་རེད་ན། །ཤེས་རབ་མིག་ལ་ཡེ་ཤེས་ཀྱི་སྤྱན་ཚུད། །སྣང་བ་འོད་གསལ་ཆེན་པོ་རུ་གོ་འཕོས། །ལོངས་སྐུའི་ཞིང་ཁམས་རང་མལ་དུ་རྡོལ་བའི། །ངོ་མཚར་ཆེན་པོའི་ལྟད་མོ་ལ་ལྟོས་དང་། །སྲིད་པའི་རྒྱ་མཚོ་ཕ་མཐར་ལ་བརྒལ་ཟིན། །ད་དུང་བརྩོན་འགྲུས་སྙིང་སྟོབས་ལ་བརྟེན་ནས། །རིག་པ་བཅུད་དུ་སྨིན་པ་ཡི་རང་གདངས། །རིགས་ལྔ་ལོངས་སྤྱོད་རྫོགས་སྐུ་དང་ཞིང་ཁམས། །མངོན་གྱུར་རང་བྱུང་ཆེན་པོ་ཞིག་འདི་ག།ད་ནི་སངས་རྒྱས་ངེས་པ་རུ་བློ་བདེ། །སླར་ཡང་དག་སྣང་ལྷ་སྐུ་དང་ཞིང་ཁམས། །བློ་དང་ཡིད་ཀྱི་དྲི་མ་དང་གཟུང་འཛིན། །ཆོས་ཟད་བློ་འདས་ཆེན་པོ་རུ་ཧར་སངས། །གདོད་མའི་ཡེ་གཞི་སངས་རྒྱས་སུ་འདུག་པའི། །མཁྱེན་གཉིས་ཡེ་ཤེས་དྲི་བྲལ་དུ་མངོན་གྱུར། །གཞོན་ནུ་བུམ་སྐུའི་གཏན་སྲིད་དེ་བཟུང་ནས། །འཁོར་འདས་སྤྱི་དཔལ་ཆེན་པོ་རུ་མཆོང་ཤོག།ཅེས་པའང་གཞན་ཕན་མཐའ་ཡས་ཀྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པའོ། །དགེའོ། །། །