TTDL-ZABTER-06-CHA-018

From Dudjom Wiki
Revision as of 09:37, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-06-CHA-018
Wylie title TTDL-ZABTER-06-CHA-018.pdf
Location bdud 'joms gling pa zab gter
Volume 6, Text 18, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དབུ་ཁྲིད་བརྡ་ཡིག༔ ༡༨༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་གསང་བ་འདུས་པའི་བྱིན་འབེབས་ཚངས་པའི་སྒྲ་དབྱངས་བཞུགས༔ དབུ་ཁྲིད་བརྡ་ཡིག༔ ༡༨༢ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ༠༠༠༠༠༠བརྡ་ཡིག༔ ༡༨༢དུས་གསུམ་སངས་རྒྱས་ཐམས་ཅད་ཀུན༔ ཡེ་ཤེས་དབྱིངས་སུ་རོ་གཅིག་པ༔ ཁྱབ་བདག་ཀུན་ཏུ་བཟང་པོ་ལ༔ རང་ངོ་ཤེས་ཕྱིར་གུས་ཕྱག་འཚལ༔ བདེ་གཤེགས་ཡོངས་རྫོགས་འདུས་པ་ཡི༔ བྱིན་འབེབས་ཚངས་པའི་སྒྲ་དབྱངས་བསྟན༔ སྤོས་བསྲེགས་དར་གཡབ་རོལ་མོ་སྒྲོགས༔ སྙན་པའི་ངག་གི་རྟ་ལ་བསྐྱོན༔ དད་དང་མོས་གུས་གདུང་ཤུགས་བཅས༔ དྭངས་པའི་ཡིད་ཀྱིས་འདི་སྐད་དོ༔ ཧཱུྃ་ཧྲཱིཿམ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ ལྷུན་གྲུབ་ལོངས་སྤྱོད་བླ་མ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་གང་འདུལ་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་དབྱེར་མེད་ལྷ་ཡིས་བྱིན་ཆེན་ཕོབ༔ མ་བཅོས་ཡེ་སངས་རྒྱས་པ་བཅོམ་ལྡན་འདས༔ ལུང་དང་རྟོགས་པའི་བདག་ཉིད་དམ་པའི་ཆོས༔ རིག་གྲོལ་གཉིས་མེད་འཕགས་པའི་དགེ་འདུན་ཏེ༔ དཀོན་མཆོག་རིན་ཆེན་གསུམ་གྱིས་བྱིན་ཆེན་ཕོབ༔ བྱིན་རླབས་ཀུན་གྱི་འབྱུང་གནས་བླ་མ་དང་༔ དངོས་གྲུབ་མཆོག་སྩོལ་ཡི་དམ་ཞི་ཁྲོའི་ལྷ༔ ཕྲིན་ལས་རྩ་བ་མ་དང་མཁའ་འགྲོ་སྟེ༔ རྩ་གསུམ་རྒྱལ་བ་རྒྱ་མཚོས་བྱིན་ཆེན་ཕོབ༔ ལུས་ལ་འགྱུར་མེད་སྐུ་ཡིས་བྱིན་ཕོབ་ཅིག༔ ངག་ལ་བརྗོད་བྲལ་གསུང་གིས་བྱིན་ཆེན་ཕོབ༔ སེམས་ལ་ཀ་དག་ཆོས་སྐུའི་བྱིན་ཕོབ་ཅིག༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་བྱིན་ཆེན་ཕོབ༔ ཕྲིན་ལས་འགྲོ་བ་འདུལ་བའི་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་གཉིས་ཀྱིས་བྱིན་ཆེན་ཕོབ༔ སྣང་བ་ལྷ་དང་སྒྲ་གྲགས་སྔགས་སུ་དག༔ དྲན་རྟོགས་འོད་གསལ་ཆོས་ཉིད་རོལ་པར་རློབས༔ སྒྲུབ་ཁང་གཞལ་ཡས་བསྒྲུབ་རྫས་བདུད་རྩིར་བསྒྱུར༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་ཕོ་མོ་རྣམས༔ ཡེ་ཤེས་ལྷ་ཡི་རོལ་པར་བྱིན་ཆེན་ཕོབ༔ ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ ཀ་དག་ཆོས་སྐུའི་ཕོ་བྲང་ནས༔ ཀུན་བཟང་ཡབ་ཡུམ་སྟོན་འཁོར་བཅས༔ གནས་འདིར་དབང་བསྐུར་བྱིན་ཆེན་ཕོབ༔ དགྱེས་པའི་ཞལ་སྟོན་འགྲུབ་རྟགས་བྱུང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ བདེ་ཆེན་ལྷུན་གྲུབ་ཞིང་ཁམས་ནས༔ རིགས་ལྔ་ཡབ་ཡུམ་སྟོན་འཁོར་བཅས༔ གནས་འདིར་དབང་བསྐུར་བྱིན་ཆེན་ཕོབ༔ དགྱེས་པའི་ཞལ་སྟོན་འགྲུབ་རྟགས་བྱུང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ གང་འདུལ་སྤྲུལ་པའི་ཞིང་ཁམས་ནས༔ རྡོ་རྗེ་སེམས་དཔའ་སྟོན་འཁོར་བཅས༔ གནས་འདིར་དབང་༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ སྐུ་གསུམ་དག་པའི་ཞིང་ཁམས་ནས༔ རྡོ་རྗེ་ཆོས་དང་ལས་དབང་མོ༔ འདས་འདིར་དབང་༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ གནམ་ལྕགས་འབར་བའི་རྩེ་མོ་ནས༔ ཕྱག་ན་རྡོ་རྗེ་སྤྲུལ་འཁོར་བཅས༔ གནས་འདིར་དབང་༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ འོད་གསལ་དག་པའི་ཞིང་ཁམས་ནས༔ དགའ་རབ་རྡོ་རྗེ་སྟོན་འཁོར་བཅས༔ གནས་འདིར་དབང་༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ ཡེ་ཤེས་ཟང་ཐལ་ཕོ་བྲང་ནས༔ ཤྲཱི་སེང་ཧ་སྟོན་འཁོར་བཅས༔ གནས་འདིར་དབང་༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ འཇའ་ལུས་སྒྱུ་མའི་ཕོ་བྲང་ནས༔ ཛྙཱ་ན་སཱུ་ཏྲ་སྟོན་འཁོར་བཅས༔ གནས་འདིར་དབང་༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ ཤར་ཕྱོགས་དུར་ཁྲོད་བསིལ་ཚལ་ནས༔ ཧཱུྃ་ཆེན་ཀཱ་ར་སྟོན་འཁོར་བཅས༔ གནས་འདིར་དབང་༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ ལྷོ་ཕྱོགས་དུར་ཁྲོད་སྐུ་ལ་རྫོགས༔ མཉྫུ་མི་ཏྲ་སྟོན་འཁོར་བཅས༔ གནས་འདིར་དབང་༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ ནུབ་ཕྱོགས་དུར་ཁྲོད་ལང་ཀ་བརྩེགས༔ ཀླུ་སྒྲུབ་སྙིང་པོ་སྟོན་འཁོར་བཅས༔ གནས་འདིར་དབང་༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ བྱང་ཕྱོགས་དུར་ཁྲོད་པདྨ་བརྩེགས༔ པྲ་ཆེན་ཧསྟི་སྟོན་འཁོར་བཅས༔ གནས་འདིར་དབང་༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ ཤར་ལྷོར་དུར་ཁྲོད་ལྷུན་གྲུབ་གཏེར༔ དྷ་ན་སཾསྐྲྀ་སྟོན་འཁོར་བཅས༔ གནས་འདིར་དབང་༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ ལྷོ་ནུབ་དུར་ཁྲོད་གསང་ཆེན་རོལ༔ བི་མ་མི་ཏྲ་སྟོན་འཁོར་བཅས༔ གནས་འདིར་དབང་༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ ནུབ་བྱང་དུར་ཁྲོད་ཧེ་ཆེན་བརྡལ༔ རམ་བུ་གུ་ཧྱ་སྟོན་འཁོར་བཅས༔ གནས་འདིར་དབང་༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༴བྱང་ཤར་དུར་ཁྲོད་འཇིག་རྟེན་བརྩེགས༔ ཤཱནྟིཾ་གརྦྷ་སྟོན་འཁོར་བཅས༔ གནས་འདིར་དབང་༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ པདྨ་འོད་ཀྱི་ཕོ་བྲང་ནས༔ པདྨ་འབྱུང་གནས་སྟོན་འཁོར་བཅས༔ གནས་འདིར་དབང༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ ཟངས་མདོག་དཔལ་རིའི་རྩེ་མོ་ནས༔ ཡེ་ཤེས་མཚོ་རྒྱལ་སྟོན་འཁོར་བཅས༔ གནས་འདིར་དབང་༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ བྲག་དམར་དཔལ་གྱི་བསམ་ཡས་ནས༔ ཆོས་རྒྱལ་ཆེན་པོ་སྟོན་འཁོར་བཅས༔ གནས་འདིར་དབང་༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ གར་བཞུགས་བདེ་ཆེན་དག་པའི་ཞིང་༔ རྗེ་འབངས་ཉེར་ལྔ་སྟོན་འཁོར་བཅས༔ གནས་འདིར་དབང་༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༔ བཀའ་བབ་ལུང་གི་ཕོ་བྲང་ནས༔ གཏེར་སྟོན་བརྒྱ་རྩ་སྟོན་འཁོར་བཅས༔ གནས་འདིར་དབང་༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿདབང་བྱིན་དངོས་གྲུབ་འབྱུང་བའི་གནས༴སྤྱི་གཙུག་བདེ་ཆེན་འཁོར་ལོ་ནས༴དྲིན་ཆེན་རྩ་བའི་བླ་མ་རྗེ༔ ཕྱོགས་བཅུའི་སངས་རྒྱས་སྤྲུལ་འཁོར་བཅས༔ གནས་འདིར་དབང་༴དགྱེས་པའི་ཞལ༴མཆོག་དང་ཐུན༴ཧཱུྃ་ཧྲཱིཿསྨུག་ནག་གྲུ་གསུམ་ཨེ་ཡི་ཀློང་༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དབང་བསྐུར་གྲུབ་པའི་རྟགས་མཚན་སྟོན༔ མཆོག་ཐུན་དངོས་གྲུབ་ཆར་བཞིན་ཕོབ༔ དཀྱིལ་འཁོར་གསུམ་གྱི་རོལ་པར་རློབས༔ མྱོང་གྲོལ་ཡེ་ཤེས་བདུད་རྩིར་བསྒྱུར༔ རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཕེཾ་ཕེཾ་ཛ༔ ཧཱུྃ་ཧྲཱི༔ དཀར་གསལ་ཟླ་གམ་འཁྱིལ་བ་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས༔ གནས་འདིར་སྤྱན༴དབང་བསྐུར་གྲུབ༴མཆོག་ཐུན་དངོས༴དཀྱིལ་འཁོར་གསུམ༴མྱོང་གྲོལ་ཡེ༴རྡོ་རྗེ་གསུམ༴ཨོཾ་རུ་ལུ་རུ་ལུ་ས་མ་ཡ་ཕེཾ་ཕེཾ་ཛཿཧཱུྃ་ཧྲཱིཿསེར་གསལ་གྲུ་གསུམ་ཨེ་ཡི་ཀློང་༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་རྣམས༔ གནས་འདིར་སྤྱན༴དབང་བསྐུར་གྲུབ༴མཆོག་ཐུན་དངོས༴དཀྱིལ་འཁོར་གསུམ༴མྱོང་གྲོལ་ཡེ༴རྡོ་རྗེ་གསུམ༴ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ས་མ་ཡ་ཕེཾ་ཕེཾ་ཛཿཧཱུྃ་ཧྲཱིཿདམར་ནག་ཟླ་གམ་གདེངས་པའི་ཁར༔ པདྨ་གསུང་གི་ལྷ་ཚོགས་རྣམས༔ གནས་འདིར་སྤྱན༴དབང་བསྐུར་གྲུབ༴མཆོག་ཐུན་དངོས༴དཀྱིལ་འཁོར་གསུམ༴མྱོང་གྲོལ་ཡེ༴རྡོ་རྗེ་གསུམ༴ཨོཾ་པདྨ་ཏ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ས་མ་ཡ་ཕེཾ་ཕེཾ་ཛཿཧཱུྃ་ཧྲཱིཿལྗང་ནག་འབར་བ་ཨེ་ཡི་ཀློང་༔ ཕུར་པ་ཕྲིན་ལས་ལྷ་ཚོགས་རྣམས༔ གནས་འདིར་སྤྱན༴དབང་བསྐུར་གྲུབ༴མཆོག་ཐུན་དངོས༴དཀྱིལ་འཁོར་གསུམ༴མྱོང་གྲོལ་ཡེ༴རྡོ་རྗེ་གསུམ༴ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཕེཾ་ཕེཾ་ཛཿཧཱུྃ་ཧྲཱིཿམ་མོ་རོལ་པའི་དུར་ཁྲོད་ནས༔ རྦོད་གཏོང་ལྷ་ཚོགས་འཁོར་དང་བཅས༔ གནས་འདིར་སྤྱན༴དབང་བསྐུར་གྲུབ༴མཆོག་ཐུན་དངོས༴དཀྱིལ་འཁོར་གསུམ༴མྱོང་གྲོལ་ཡེ༴རྡོ་རྗེ་གསུམ༴ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་ཏི་ཤྭ་རཱི་སྟྭཾ་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ས་མ་ཡ་ཕེཾ་ཕེཾ་ཛཿཧཱུྃ་ཧྲཱིཿརིག་འཛིན་རོལ་པའི་དུར་ཁྲོད་ནས༔ སློབ་དཔོན་ལྷ་ཚོགས་འཁོར་དང་བཅས༔ གནས་འདིར་སྤྱན༴དབང་བསྐུར་གྲུབ༴མཆོག་ཐུན་དངོས༴དཀྱིལ་འཁོར་གསུམ༴མྱོང་གྲོལ་ཡེ༴རྡོ་རྗེ་གསུམ༴ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ས་མ་ཡ་ཕེཾ་ཕེཾ་ཛཿཧཱུྃ་ཧྲཱིཿམཆོད་བསྟོད་རོལ་པའི་དུར་ཁྲོད་ནས༔ གསང་བདག་ལྷ་ཚོགས་འཁོར་དང་བཅས༔ གནས་འདིར་སྤྱན༴དབང་བསྐུར་གྲུབ༴མཆོག་ཐུན་དངོས༴དཀྱིལ་འཁོར་གསུམ༴མྱོང་གྲོལ་ཡེ༴རྡོ་རྗེ་གསུམ༴ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ས་མ་ཡ་ཕེཾ་ཕེཾ་ཛཿཧཱུྃ་ཧྲཱིཿདྲག་སྔགས་རོལ་པའི་དུར་ཁྲོད་ནས༔ སྟོབས་ལྡན་ལྷ་ཚོགས་འཁོར་དང་བཅས༔ གནས་འདིར་སྤྱན༴དབང་བསྐུར་གྲུབ༴མཆོག་ཐུན་དངོས༴དཀྱིལ་འཁོར་གསུམ༴མྱོང་གྲོལ་ཡེ༴རྡོ་རྗེ་གསུམ༴ཨོཾ་བཛྲ་སརྦ་དུཥྚན་ས་མ་ཡ་ཕེཾ་ཕེཾ་ཛཿཧཱུྃ་ཧྲཱིཿདཀྱིལ་འཁོར་བར་ཁྱམས་འཁོར་ཡུག་ནས༔ དཔལ་གྱི་བཀའ་སྡོད་ལྷ་ཚོགས་རྣམས༔ གནས་འདིར་སྤྱན༴དབང་བསྐུར་གྲུབ༴མཆོག་ཐུན་དངོས༴དཀྱིལ་འཁོར་གསུམ༴མྱོང་གྲོལ་ཡེ༴རྡོ་རྗེ་གསུམ༴ཨོཾ་བཛྲ་སརྦ་ཡཀྵ་ཁྲོཾ་ག་རུ་ཌ་མ་མ་ཌཱ་ཀི་ནཱི་རུ་ལུ་རུ་ལུ་ས་མ་ཡ་ཕེཾ་ཕེཾ་ཛཿཧཱུྃ་ཧྲཱིཿདབང་དྲག་རོལ་པའི་དུར་ཁྲོད་ནས༔ གནོད་སྦྱིན་ཤན་དམར་བཀའ་སྡོད་བཅས༔ གནས་འདིར་སྤྱན༴དབང་བསྐུར་གྲུབ༴མཆོག་ཐུན་དངོས༴དཀྱིལ་འཁོར་གསུམ༴མྱོང་གྲོལ་ཡེ༴རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ ཧཱུྃ་ཧྲཱིཿཕོ་བྲང་མཁའ་སྤྱོད་ཙ་རི་ནས༔ ཞིང་སྐྱོང་སེང་གདོང་སྤྲུལ་འཁོར་བཅས༔ གནས་འདིར་སྤྱན༴དབང་བསྐུར་གྲུབ༴མཆོག་ཐུན་དངོས༴དཀྱིལ་འཁོར་གསུམ༴མྱོང་གྲོལ་ཡེ༴རྡོ་རྗེ་གསུམ༴ཧཱུྃ་ཧྲཱིཿདུར་ཁྲོད་ཆེན་པོ་རྩུབ་འགྱུར་ཚལ༔ ཞིང་བཅུ་བསྒྲལ་བའི་བམ་སྟེང་ནས༔ གཟའ་མཆོག་ཆེན་པོ་འཁོར་དང་བཅས༔ གནས་འདིར་སྤྱན༴དབང་བསྐུར་གྲུབ༴མཆོག་ཐུན་དངོས༴དཀྱིལ་འཁོར་གསུམ༴མྱོང་གྲོལ་ཡེ༴རྡོ་རྗེ་གསུམ༴ཧཱུྃ་ཧྲཱིཿསྨུག་ནག་གྲུ་གསུམ་ཨེ་ཡི་མཁར༔ མི་འགྱུར་ཆོས་སྐུའི་ཀློང་ཡངས་ནས༔ སྔགས་བདག་རྡོ་རྗེ་རལ་གཅིག་མ༔ གནས་འདིར་སྤྱན༴དབང་བསྐུར་གྲུབ༴མཆོག་ཐུན་དངོས༴དཀྱིལ་འཁོར་གསུམ༴མྱོང་གྲོལ་ཡེ༴རྡོ་རྗེ་གསུམ༴ཧཱུྃ་ཧྲཱིཿབསིལ་ཚལ་འོ་ཡུག་ཤང་གི་གནས༔ གནམ་ས་གཙང་ཆབ་ཕྱེད་ཀྱི་བདག༔ དམ་ཅན་རྡོ་རྗེ་ལེགས་པ་རྩལ༔ གནས་འདིར་སྤྱན༴དབང་བསྐུར་གྲུབ༴མཆོག་ཐུན་དངོས༴དཀྱིལ་འཁོར་གསུམ༴མྱོང་གྲོལ་ཡེ༴རྡོ་རྗེ་གསུམ༴ཧཱུྃ་ཧྲཱིཿཆོས་བཟང་ལྷ་ཡི་འདུན་ས་དང་༔ ཚངས་པའི་འཇིག་རྟེན་གནས་རིས་ནས༔ མ་ཧཱ་ཀཱ་ལ་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དབང་བསྐུར་གྲུབ་པའི་རྟགས་མཚན་སྟོན༔ མཆོག་ཐུན་དངོས་གྲུབ་ཆར་བཞིན་ཕོབ༔ དཀྱིལ་འཁོར་གསུམ་གྱི་རོལ་པར་རློབས༔ མྱོང་གྲོལ་ཡེ་ཤེས་བདུད་རྩིར་བསྒྱུར༔ རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ ཧཱུྃ་ཧྲཱིཿརང་སྣང་མི་འགྱུར་བདེ་བའི་ཞིང༔ རིག་པ་འོད་གསལ་གཞལ་ཡས་ནས༔ བརྒྱུད་གསུམ་རིག་འཛིན་བླ་མ་དང་༔ ཡི་དམ་རྒྱུད་སྡེ་བཞི་དྲུག་ལྷ༔ གནས་གསུམ་དཔའ་བོ་མཁའ་འགྲོར་བཅས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་ཕོབ༔ དབུ་སྐྲ་ཐོར་ཅོག་ལྡེམས་སེ་ལྡེམ༔ ལྕང་ལོའི་ཟར་བུ་ཏ་ལ་ལ༔ དར་སྣའི་ཅོད་པན་པུ་རུ་རུ༔ དྲིལ་བུ་གཡེར་ཁ་སི་ལི་ལི༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ མཁའ་འགྲོའི་བརྡ་སྐད་ལམས་སེ་ལམ༔ བཤུག་པ་གླུ་ལེན་འུ་རུ་རུ༔ བྱིན་རླབས་དངོས་གྲུབ་ལམས་སེ་ལམ༔ འཇའ་སྤྲིན་འོད་ཕུང་ཀྱི་ལི་ལི༔ དབང་བཞིའི་ཆུ་རྒྱུན་ཆར་དུ་ཕོབ༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ སྒྲུབ་པའི་གནས་མཆོག་དམ་པ་འདི༔ འོག་མིན་ཞིང་དུ་བྱིན་གྱིས་རློབས༔ སྒྲུབ་ཁང་གཞལ་ཡས་དམ་པ་འདི༔ ཡེ་ཤེས་ལྔ་ཡི་རོལ་པར་རློབས༔ བཀོད་པའི་དཀྱིལ་འཁོར་ཆེན་པོ་འདི༔ བདེ་གཤེགས་ལྷ་ཡི་དལ་དུ་རློབས༔ སྒྲུབ་པའི་མཆོད་རྫས་བཀྲམ་པ་འདི༔ འདོད་ཡོན་རྒྱན་དུ་བྱིན་གྱིས་རློབས༔ སྒྲུབ་རྟེན་ཡོ་བྱད་སྲོག་འཁོར་རྟེན༔ ལྷ་ཡི་སྐུ་གསུང་ཐུགས་སུ་རློབས༔ བུམ་པ་བྷན་ཐོད་དངོས་གྲུབ་རྫས༔ མྱོང་གྲོལ་དམ་རྫས་བྱིན་གྱིས་རློབས༔ བདག་ཅག་སྒྲུབ་པའི་མཆེད་ལྕམ་རྣམས༔ དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ མཆོག་ཐུན་དངོས་གྲུབ་དེང་འདིར་སྩོལ༔ ཨོཾ་ཨཱ༔ ཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ཀྵེ་ཊཡ་པཱ་ལ་ལོ་ཀ་པཱ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿཨ་ཝེ་ཤ་ཡ་ཨེ་ཨ་རལླི་ཕེཾ་ཕེཾ༔ དེ་ལྟར་བྱིན་ཆེན་དབབ་པ་ལ༔ སྣང་བ་ལྷ་ཡི་དཀྱིལ་འཁོར་དང་༔ སྒྲ་གྲགས་སྔགས་ཀྱི་དཀྱིལ་འཁོར་དང་༔ དྲན་རྟོག་འོད་གསལ་དཀྱིལ་འཁོར་དུ༔ ངོ་ཤེས་མངོན་གྱུར་ཆེན་པོར་སྤྱོད༔ ལྷ་དང་སྣང་བ་ཆོས་ཉིད་གསུམ༔ དབྱེར་མེད་བདེ་བ་ཆེན་པོར་རྫོགས༔ སྣང་སྲིད་འཁོར་འདས་བྱང་ཆུབ་སེམས༔ མ་བཅོས་གནས་ལུགས་ཆེན་པོར་འདུས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ རང་བྱུང་ཡེ་ཤེས་རིག་པའི་རྩལ༔ མ་བསྐྱེད་གཞི་ནས་རང་ལ་རྫོགས༔ དབང་བཞི་བྱིན་རླབས་ཆུ་བོའི་རྒྱུན༔ བསྐུར་ཐོབ་བྲལ་བར་རང་ཀློང་གནས༔ ཐམས་ཅད་ཆོས་སྐུའི་རོལ་པ་ལས༔ སྤང་བླང་རེ་དོགས་རྐུན་བུ་གཏོར༔ བཟའ་དང་གཏད་སོ་མེད་པ་རུ༔ འོད་གསལ་ཆེན་པོར་རྫོགས་སངས་རྒྱས༔ དེ་ལྟར་ཚུལ་བཞིན་ཤེས་པ་ཡི༔ རྣལ་འབྱོར་དམ་པའི་བསོད་ནམས་ཚོགས༔ འདིར་བརྟེན་ཡེ་ཤེས་ཚོགས་ཀྱང་རྫོགས༔ དེ་ཕྱིར་ལྟ་བ་གནད་དུ་གཅེས༔ སྔགས་བདག་གཟའ་དང་དམ་ཅན་དང་༔ མ་ཧཱ་ཀཱ་ལ་དམའ་རུ་རྩེ༔ ཀུན་དགའ་གཞོན་ནུ་ལ་སོགས་པའི༔ བཀའ་སྲུང་དྲེགས་པའི་ཚོགས་ལ་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་བདག་གླིང་པ་མི་འགྱུར་རྡོ་རྗེ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་སྐྱེ་བ་དུ་མར་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་དམ་པ་ཚུལ་ཁྲིམས་རྡོ་རྗེས་བགྱིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།