TTDL-ZABTER-12-NA-017

From Dudjom Wiki
Revision as of 09:38, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-12-NA-017
Wylie title TTDL-ZABTER-12-NA-017.pdf
Location bdud 'joms gling pa zab gter
Volume 12, Text 17, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠༠བརྡ་ཡིག༧༥མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ མཁའ་འགྲོ་ལབ་ཀྱི་སྒྲོན་མའི་བསྒྲུབ་པ་དངོས་གྲུབ་ཆུ་རྒྱུན་བཞུགས༔ ༠༠༠༠བརྡ་ཡིག༧༥ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཨཱཿཀ་དག་ལྷུན་འབྱམས་ཆེན་པོའི་དབྱིངས༔ རྒྱུ་རྐྱེན་ལས་འདས་གཞལ་ཡས་ཁང་༔ ཡེ་ཤེས་ལྔ་རྫོགས་དལ་དབུས་སུ༔ མ་ཆགས་གེ་སར་བཞད་པའི་ཁར༔ སྐྱོན་བྲལ་ཉི་ཟླའི་གདན་སྟེངས་སུ༔ རང་རིག་ཡེ་ཤེས་རང་ངོར་སངས༔ སྐུ་གསུམ་ལྷུན་གྲུབ་མཁའ་འགྲོར་འཕོས༔ སྤྲུལ་སྐུ་མ་ཅིག་ལབ་སྒྲོན་མ༔ དཀར་མོ་མདངས་ལྡན་ལང་ཚོ་མཛེས༔ ཕྱག་གཉིས་གཡས་པས་གྲི་གུག་དང་༔ གཡོན་པས་ཐོད་པ་བདུད་རྩི་བསྣམས༔ དར་དང་རཏྣ་རུས་རྒྱན་སྤྲས༔ དབུ་སྐྲ་ཐོར་ཅོག་སྤྱི་བོར་བཅིང་༔ ལྷག་མ་ཐུར་འཕྱང་སྐུ་རྒྱབ་ཁེབས༔ གཡས་བསྐུམ་གཡོན་བརྐྱང་གར་སྟབས་རོལ༔ ཕུང་ཁམས་གཤེགས་པ་གཤེགས་མའི་གདན༔ དབང་ཡུལ་སེམས་དཔའ་སེམས་མའི་གདན༔ ཡན་ལག་སྒོ་བ་སྒོ་མའི་གདན༔ གདན་གསུམ་དཀྱིལ་འཁོར་ཡོངས་གྲུབ་ལྷ༔ གདོད་ནས་རང་བྱུང་ལྷུན་གྲུབ་རྫོགས༔ ཡེ་ཤེས་འོད་ལྔའི་ཀློང་དུ་གསལ༔ གསང་གསུམ་འཁོར་ལོའི་འོད་ཟེར་གྱིས༔ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་རྣམས༔ ཀ་དག་ཀློང་དུ་རོ་གཅིག་རོལ༔ ཐུགས་གསང་ཡེ་ཤེས་མཁའ་འགྲོ་མའི༔ ཡང་གསང་རྡོ་རྗེའི་ཐབས་ཤེས་སྦུབས༔ རིག་པ་ཧཱུྃ་མཐིང་མཐའ་བསྐོར་དུ༔ སྔགས་ཕྲེང་གཡོན་འཁོར་འཕྲོ་འདུ་ལས༔ བརྟན་གཡོའི་དངོས་ཞེན་འཁྲུལ་འཁོར་བཤིག༔ སྣང་གྲགས་རིག་གསུམ་རྡོ་རྗེའི་ངང་༔ ཨོཾ་ཨཱཿཧཱུྃ༔ ཛྙཱ་ན་ཌཱཀྐི་ནཱི་དི་པ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དྲན་རིག་ཆོས་སྐུའི་རྒྱལ་པོ་ཡིས༔ རྟོགས་གྲོལ་ཡེ་ཤེས་རྡོ་རྗེར་གདམས༔ སྒོ་གསུམ་མཁའ་འགྲོའི་གསང་གསུམ་སྦྱོར༔ འདི་ལས་གཞན་དུ་མ་ཡེངས་པར༔ འབུམ་ཕྲག་བཅུ་གཉིས་གྲངས་རྫོགས་པའི༔ ཚེ་གཅིག་རིག་འཛིན་ས་ལ་རེག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦྲང་མ་ནུས་བདུད་འཇོམས་གླིང་པས་ཡིག་མེད་ནམ་མཁའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ངག་དབང་རྒྱ་མཚོའོ།།