TTDL-ZABTER-03-GA-002

From Dudjom Wiki
Revision as of 09:36, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-03-GA-002
Wylie title TTDL-ZABTER-03-GA-002.pdf
Location bdud 'joms gling pa zab gter
Volume 3, Text 2, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་གསོལ་འདེབས་དངོས་གྲུབ་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༩ཨེ་མ་ཧོཿརང་སྣང་དོན་གྱི་འོག་མིན་ཆེན་པོ་ན༔ གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་ལ༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས་ན༔ ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ན༔ ཨོ་རྒྱན་ཆེན་པོ་པདྨ་ཀ་ར་ལ༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ ཡེ་ཤེས་སྒྱུ་མར་རོལ་པའི་ཀློང་ཡངས་ན༔ མ་གཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ གསང་ཆེན་ཟབ་རྒྱའི་ཀློང་མཛོད་ཡངས་པ་ན༔ གྲུབ་པའི་རིག་འཛིན་ཁྱེའུ་ཆུང་ལོ་ཙཱ་ལ༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་དབྱིངས་ཀློང་ན༔ ཁྱབ་བདག་འཁོར་ལོའི་དབང་ཕྱུག་བླ་མ་ལ༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ ལྷོ་ཕྱོགས་རི་བོ་ཏ་ལའི་ཞིང་ཁམས་ན༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡབ་ཡུམ་ལ༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ན༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ན༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ཡབ་ཡུམ་ལ༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན༔ བཅོམ་ལྡན་རྣམ་པར་སྣང་མཛད་ཡབ་ཡུམ་ལ༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ན༔ བཅོམ་ལྡན་དོན་ཡོད་གྲུབ་པ་ཡབ་ཡུམ་ལ༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ གང་ལ་གང་འདུལ་ཆུ་ཟླའི་རྣམ་རོལ་གར༔ སྤྲུལ་པའི་སྐུ་མཆོག་ཐུབ་པ་དྲུག་པོ་ལ༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་དཀྱིལ་འཁོར་ན༔ བཅོམ་ལྡན་རྟ་མགྲིན་རིགས་བཞི་ཡབ་ཡུམ་ལ༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ན༔ བཀའ་སྲུང་དྲེགས་པའི་ཚོགས་ལ་གསོལ་བ་འདེབས༔ ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ནས༔ བསྟན་དགྲ་མ་ལུས་འཇོམས་པར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་རྟེན་འབྲེལ་མཐུས༔ རང་དོན་ཆོས་སྐུ་མངོན་དུ་འགྱུར་བ་དང་༔ གཞན་དོན་གཟུགས་སྐུས་འཁོར་བ་དོང་སྤྲུགས་ནས༔ འགྲོ་ཀུན་འཕགས་པའི་གོ་འཕང་ཐོབ་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ ཨྠིྀ༔ ཞེས་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་གཅིག་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་ཆོས་ཀྱི་བདག་པོ་དགེ་ལེགས་དཔལ་བཟང་པོས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།