TTDL-ZABTER-12-NA-077

From Dudjom Wiki
Revision as of 08:08, 19 August 2024 by Mort (talk | contribs)

TTDL-ZABTER-12-NA-077
Wylie title TTDL-ZABTER-12-NA-077.pdf
Location bdud 'joms gling pa zab gter
Volume 12, Text 77, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
༠༠༠༠༠༠བརྡ་ཡིག༤༣༥ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྡོ་རྗེ་ཕུར་པ་ཡེ་ཤེས་མངོན་བྱེད་མྱུར་ལམ་རྡོ་རྗེའི་གྲོང་འཇུག་བཞུགས་སོ༔ ན་མོ་གུ་རུ་བྷྱ༔ ༠༠༠༠༠བརྡ་ཡིག༤༣༥ཨཱཿགཟུང་དང་འཛིན་པས་བསྡུས་པ་ཡི༔ ཆོས་ཀུན་ཆོས་ཉིད་ཆེན་པོར་ཞིག༔ སྟོང་པའི་ངང་ལས་སྐད་ཅིག་གི༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ སྣང་སྲིད་འོག་མིན་མེ་འབར་ཞིང་༔ ཡེ་ཤེས་ལྔ་རྫོགས་གཞལ་ཡས་སུ༔ བྱོལ་སོང་གཙོ་བརྒྱད་ཀྱིས་བཏེགས་པའི༔ ཁྲི་ཁར་པད་ཉི་བདུད་བཞིའི་སྟེང་༔ རང་རིག་ཧཱུྃ་གིས་འཕྲོ་འདུ་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་ཁྲོ་གཏུམ་རྔམས༔ སྤྱན་དགུ་སྡང་མིག་གཡོ་ཞིང་འཁྲུགས༔ ཁྲོ་གཉེར་སྡུད་ཅིང་ཞལ་གདངས་ཏེ༔ ཚེམས་དང་མཆེ་བ་ཟླ་ལྟར་དཀར༔ ལྗགས་འདྲིལ་ཧ་ཧཱུྃ་ཕཊ་སྒྲ་ལྡང་༔ སྨ་ར་སྨིན་མར་མེ་སྟག་འཕྲོ༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས༔ ཕྱག་དྲུག་གཡས་གཉིས་གསེར་རྡོ་རྗེ༔ རྩེ་དགུ་དང་ནི་རྩེ་ལྔ་ཕྱར༔ གཡོན་གཉིས་ཁ་ཊྭཱྃ་མེ་ཕུང་དང་༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ རྡོ་རྗེའི་གཤོག་གཉིས་མཁའ་ལ་གདེངས༔ ཐལ་ཆེན་ཁྲག་དང་ཞག་གི་ཐིག༔ ཐོད་སྐམ་དབུ་རྒྱན་ཅོད་པན་དང་༔ ཐོད་རློན་ཕྲེང་བ་སྦྲུལ་ཆུན་བརྒྱན༔ གླང་ཆེན་མི་ལྤགས་སྟོད་གཡོགས་དང་༔ སྟག་ལྤགས་རློན་པའི་ཤམ་ཐབས་གསོལ༔ ཞབས་བཞིས་བདུད་བཞི་བསྣོལ་ཐབས་གནོན༔ ཡུམ་མཆོག་འཁོར་ལོ་རྒྱས་འདེབས་འཁྲིལ༔ དགྱེས་ཆགས་བདེ་བའི་གད་མོ་ཐོན༔ ཕྱག་གཉིས་ཁ་ཊྭཱྃ་ཐོད་ཁྲག་སྟོབ༔ ཞབས་གཡོན་ཡབ་འཁྱུད་གཡས་སར་བརྫིས༔ མི་ལྤགས་སྟོད་གཡོགས་གཟིག་ཤམ་དང་༔ མགོ་ཕྲེང་སྦྲུལ་གྱི་ཆས་བརྒྱན་རྔམས༔ མདོག་སྔོ་ཞལ་སྦྱར་སྤྱན་གསུམ་པ༔ ཐབས་ཤེས་སྦྱོར་བའི་གཙུག་རྒྱན་དང་༔ སྤྲུལ་པའི་ཁྱུང་སྟེང་ཀུན་བཟང་ཤར༔ སྒྱུ་འཕྲུལ་སྤྲུལ་པ་རྒྱུད་སྡེའི་ལྷ༔ མ་ལུས་ཆུ་ཡི་གཟའ་སྐར་ལྟར༔ སྐུ་གསུང་ཐུགས་ཀྱི་དབྱིངས་སུ་ཤར༔ ཡེ་ཤེས་མེ་དཔུང་རབ་འབར་ཀློང་༔ སྣང་ལ་རང་བཞིན་མེད་པར་གསལ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ཡི༔ སྙིང་དབུས་རྡོ་རྗེའི་རྩེ་དགུའི་སྦུབས༔ ཐབས་ཤེས་ཉི་ཟླའི་གྭའུའི་ནང་༔ ཧཱུྃ་མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔ འོད་འཕྲོས་དུས་གསུམ་རྒྱལ་དང་སྲས༔ མ་ལུས་སྤྱན་དྲངས་གཉིས་མེད་བསྟིམ༔ རྡོ་རྗེ་གསུམ་གྱི་བཅུད་འདུས་བསམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལས༔ མེ་རླུང་ཐུན་མཚོན་ཁྲོ་ཆུང་སྡིག༔ བསྐལ་པའི་རླུང་ལྟར་རབ་གཡོས་འཁྲིགས༔ དགྲ་བགེགས་གནོད་བྱེད་མ་ལུས་པ༔ འཁྲུལ་མི་ཤེས་པའི་དབྱིངས་སུ་བསད༔ འཁོར་འདས་དག་མཉམ་རོལ་པར་བཤིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ བསྐྱེད་དང་དམིགས་པའི་གནད་ལྡན་ན༔ ལོ་གསུམ་ཟླ་གསུམ་ཞག་གསུམ་གྱིས༔ རྣམ་པར་སྨིན་པའི་རིག་འཛིན་ཐོབ༔ ཐེ་ཚོམ་མེད་དོ་རྡོ་རྗེའི་ཚིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་ཨ་ཕྱུག་གསུང་རབ་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།སརྦ་མངྒ་ལཾ།།