TTDL-ZABTER-12-NA-052

From Dudjom Wiki
Revision as of 08:02, 19 August 2024 by Mort (talk | contribs)

TTDL-ZABTER-12-NA-052
Wylie title TTDL-ZABTER-12-NA-052.pdf
Location bdud 'joms gling pa zab gter
Volume 12, Text 52, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
༠༠༠༠བརྡ་ཡིག༣༠༧ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བླ་མ་འཆོལ་བར་ཁྲོས་པའི་གསང་སྒྲུབ་དངོས་གྲུབ་གཏེར་བུམ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༣༠༧སྒོ་གསུམ་རྡོ་རྗེའི་གྲོང་འཇུག་ནི༔ བསྐྱེད་དང་དམིགས་གསལ་བཟླས་བརྗོད་ནི༔ ཧཱུྃ་ཧཱུྃ༔ སྣང་སྲིད་དབང་དྲག་རོལ་པའི་དལ༔ ཡེ་ཤེས་ལྔ་རྫོགས་གཞལ་ཡས་སུ༔ པད་ཉི་རྒྱལ་བསེན་སྡེ་བརྒྱད་ཁྲིར༔ རབ་འཇིགས་སྟག་མོ་གྲུས་མའི་སྟེང་༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ ཆེ་མཆོག་རྡོ་རྗེ་ཁྲོ་ལོད་སྨུག༔ གཡས་གཡོན་རྡོ་རྗེ་ལྕགས་ཕུར་གདེངས༔ ཨམ་གཙིགས་མཆེ་བ་ཟླ་ལྟར་དཀར༔ སྤྱན་གསུམ་སྡང་མིག་ཁྲོ་གཉེར་འཁྲུགས༔ སྨ་ར་སྨིན་མར་མེ་སྟག་འཕྲོ༔ དམར་སེར་དབུ་སྐྲ་སྣུམ་ལ་འཁྱིལ༔ རིན་ཆེན་སྙན་ཆ་དུང་མིག་མཛེས༔ ཟ་བེར་ཆོས་གོས་རྣམ་གསུམ་གསོལ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ ཐོད་རློན་ཕྲེང་བས་སེ་རལ་སྤྲས༔ ཡེ་ཤེས་མེ་དཔུང་ཀློང་ན་འགྱིང་༔ ཁྱུང་སྡིག་ཁྲོ་ཆུང་ཁྲ་ཐབས་འགྱེད༔ ཐུགས་གསང་སེམས་དཔའ་ཡང་གསང་སྦུབས༔ རྡོ་རྗེའི་ལྟེ་བར་ཧཱུྃ་དམར་ལ༔ རྩ་བའི་སྔགས་ཀྱིས་བསྐོར་བར་དམིགས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཁྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཐུགས་སྲོག་འོད་ཀྱི་འཕྲོ་འདུ་ལས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ ཞིང་ཁམས་གཞལ་ཡས་ལྷ་དང་བཅས༔ མ་ལུས་བསྡུས་ཏེ་བདག་ལ་ཐིམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཁྲོ་བོ་ལོད་མ་ཧཱ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ༔ སླར་ཡང་དྲག་ཅིང་ཚ་རྩུབ་པའི༔ འོད་དང་མཚོན་ཆའི་འཁྲུལ་འཁོར་གྱིས༔ ལོག་པར་འདྲེན་པའི་དགྲ་དང་བགེགས༔ རྩྭ་སྦུར་མེ་ལ་བསྲེགས་བཞིན་བསྒོམ༔ ཨོཾ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ དམིགས་པའི་འཕྲོ་འདུ་ལྡེ་ཁ་བསྒྱུར༔ ཤེས་པ་གཞན་དུ་མ་ཡེངས་པར༔ གསལ་སྣང་མི་འགྱུར་དང་འགྲོགས་ན༔ གྲོལ་བ་ཐོབ་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ནི་ཕྱུག་ཤུལ་ཀློང་ཆེན་ཡངས་པས་བསྐུལ་ངོར་བདུད་འཇོམས་པས་སོ།།དགེའོ།།དགེའོ།།དགེའོ།།མངྒ་ལཾ།།