TTDL-ZABTER-12-NA-010

From Dudjom Wiki
Revision as of 07:50, 19 August 2024 by Mort (talk | contribs)

TTDL-ZABTER-12-NA-010
Wylie title TTDL-ZABTER-12-NA-010.pdf
Location bdud 'joms gling pa zab gter
Volume 12, Text 10, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ (ma ha a ti yo ga'i zab chos dgongs pa klong rdol)
[edit]
༠༠༠༠༠བརྡ་ཡིག༣༥མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བའི་དབང་ཆོག་ཡེ་ཤེས་འོད་ཟེར་ཞེས་བྱ་བ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༣༦ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནཱི༔ ༠༠༠༠༠བརྡ་ཡིག༣༦ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡི༔ དབང་ཆོག་ཡེ་ཤེས་འོད་ཟེར་འདི༔ སྐལ་ལྡན་རྣམས་ལ་བཀའ་རྒྱ་བཀྲོལ༔ སྐལ་མེད་རྣམས་ལ་རླུང་ཕྱོགས་ཙམ༔ བསྟན་ཀྱང་སྲོག་གི་གཤེད་མར་བྱེད༔ ས་མ་ཡ༔ དམ་ལྡན་ལས་ཅན་གང་ཟག་ལ༔ མཚན་ལྡན་རྡོ་རྗེ་སློབ་དཔོན་གྱི༔ དགོངས་རྒྱུད་ཐུགས་བཅུད་སྟེར་བར་བྱ༔ དེ་ལ་དབང་ཆས་ལེགས་པར་བསྒྲུབ༔ བསྒྲུབ་པའི་གཞུང་བསྲང་དལ་དུ་འཇུག༔ དེ་ནས་སློབ་མ་རྣམས་ལ་ཁྲུས་བྱས་བགེགས་བསྐྲད༔ མཎྜལ་ཕུལ༔ དེ་ནས་སློབ་མས༔ ཀྱཻ་ཧོ༔ བླ་མ་མགོན་པོ་ཆེ་བའི་མཆོག༔ རིགས་ཀུན་བདག་ཉིད་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་སློབ་བུ་ལ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡི༔ དབང་མཆོག་ཡོངས་རྫོགས་བསྐུར་དུ་གསོལ༔ ལན་གསུམ༔ དེ་ནས་བླ་མས༔ ཧོཿའདིར་འདུས་རྣལ་འབྱོར་ཕོ་མོ་རྣམས༔ ཡང་གསང་དབང་གི་སྒོར་འཇུག་ན༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ༔ གནས་ཏེ་བསྲུང་བར་ནུས་སམ་ཅི༔ དེ་ནས་སློབ་མས༔ ཀྱཻ༔ སྟོན་པ་རྡོ་རྗེ་རྒྱལ་པོ་དགོངས༔ བདག་ནི་ཡང་གསང་སྒོར་ཞུགས་ནས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ༔ རྟག་ཏུ་གནས་ཤིང་བསྲུང་བར་བྱ༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ལ་འཇུག་ལ༔ དེ་ནས་དམྱལ་ཆུ་སྦྱིན་པ་ནི༔ ཧོཿའདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ བསྲུང་ན་ཚེ་འདིར་སངས་རྒྱས་ཐོབ༔ ཉམས་ན་སྲོག་གི་གཤེད་མར་བྱེད༔ དམྱལ་བའི་གནས་སུ་ལྟུང་ཏ་རེ༔ ས་མ་ཡ་ན་ར་ཀན༔ སློབ་མ་ལྷར་བསྐྱེད་ཡེ་ཤེས་པ་བསྟིམས༔ ཏིཥྛ་བཛྲ༔ ས་བརྟན་པར་བྱ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་སྟོང་གསལ་གཞལ་ཡས་སུ༔ བདུད་རྩི་འཁྱིལ་བའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བསྐྱེད་པ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ལུས་ཀྱི་སྒྲིབ་པ་དག་སྐུ་བུམ་པའི་དབང་ཐོབ་སྟེ་སྤྱི་བོར་སྐུ་ཡི་ས་བོན་ཨོཾ་དཀར་པོས་བརྒྱན་པར་གྱུར༔ དེ་ནས་ཐོད་པའི་བདུད་རྩི་ངག་ཏུ་བླུད་དེ༔ ཧོཿཐོད་པ་མཚན་ལྡན་ཀ་པཱ་ལར༔ ཡེ་ཤེས་བདུད་རྩི་ལྔ་ལྡན་བཅུད༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས༔ ཨཱ་ལི་ཀཱ་ལི༔ བཛྲ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿངག་གི་སྒྲིབ་པ་དག་ངག་སྔགས་བཟླ་བ་ལ་དབང་ཐོབ་སྟེ་མགྲིན་པར་གསུང་གི་ས་བོན་ཨཱཿདམར་པོ་འོད་ཟེར་དང་བཅས་པས་བརྒྱན་པར་གྱུར༔ དེ་ནས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ཅན་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་མི་འགྱུར་གཞོམ་ཞིག་བྲལ༔ རྒྱལ་ཀུན་ཐུགས་ཀྱི་ངོ་བོ་ཉིད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བསྒོམ་པ་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས༔ བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡིད་ཀྱི་སྒྲིབ་པ་དག་ཅིང་ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་ཐོབ་སྟེ་སྙིང་ཁར་ཐུགས་ཀྱི་ས་བོན་ཧཱུྃ་མཐིང་ནག་འོད་ཟེར་དང་བཅས་པས་བརྒྱན་པར་གྱུར༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བའི་སྐུ་ཐོགས་ལ༔ ཨཱཿཡེ་རིག་སྟོང་གསལ་དོན་གྱི་ལྷ༔ བདུད་རྩི་འཁྱིལ་བ་ཡབ་ཡུམ་གྱི༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རང་སྣང་རང་དབང་ཐོབ་པར་ཤོག༔ རྩ་སྔགས༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་ཁྲོ་རྒྱལ་གྱི་སྐུ་ཐོགས་ལ༔ ཨཱཿཡེ་རིག་སྟོང་གསལ་དོན་གྱི་ལྷ༔ ཆེ་མཆོག་རྡོ་རྗེ་ཁྲོ་རྒྱལ་གྱི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རང་སྣང་རང་དབང་ཐོབ་པར་ཤོག༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རཏྣ་ཁྲོ་རྒྱལ་གྱི་སྐུ་ཐོགས་ལ༔ ཨཱཿཡེ་རིག་སྟོང་གསལ་དོན་གྱི་ལྷ༔ ཆེ་མཆོག་རཏྣ་ཁྲོ་རྒྱལ་གྱི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རང་སྣང་རང་དབང་ཐོབ་པར་ཤོག༔ ཨོཾ་རཏྣ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་པདྨ་ཁྲོ་རྒྱལ་གྱི་སྐུ་ཐོགས་ལ༔ ཨཱཿཡེ་རིག་སྟོང་གསལ་དོན་གྱི་ལྷ༔ ཆེ་མཆོག་པདྨ་ཁྲོ་རྒྱལ་གྱི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རང་སྣང་རང་དབང་ཐོབ་པར་ཤོག༔ ཨོཾ་པདྨ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཀརྨ་ཁྲོ་རྒྱལ་གྱི་སྐུ་ཐོགས་ལ༔ ཨཱཿཡེ་རིག་སྟོང་གསལ་དོན་གྱི་ལྷ༔ ཆེ་མཆོག་ཀརྨ་ཁྲོ་རྒྱལ་གྱི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རང་སྣང་རང་དབང་ཐོབ་པར་ཤོག༔ ཨོཾ་ཀརྨ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྒོ་མ་ལྕགས་ཀྱུ་མའི་སྐུ་ཐོགས་ལ༔ ཨཱཿརང་རིག་རང་གསལ་སྙིང་རྗེའི་མདངས༔ ཡེ་ཤེས་མཁའ་འགྲོ་ལྕགས་ཀྱུ་མའི༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རང་སྣང་རང་དབང་ཐོབ་པར་ཤོག༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿཤཱནྟིཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྒོ་མ་ཞགས་པ་མའི་སྐུ་ཐོགས་ལ༔ ཨཱཿརང་རིག་རང་གསལ་བྱམས་པའི་མདངས༔ ཡེ་ཤེས་མཁའ་འགྲོ་ཞགས་པ་མའི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རང་སྣང་རང་དབང་ཐོབ་པར་ཤོག༔ ཨོཾ་བཛྲ་པ་ཤ་ཧཱུྃ་པུཥྚིཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྒོ་མ་ལྕགས་སྒྲོག་མའི་སྐུ་ཐོགས་ལ༔ ཨཱཿརང་རིག་རང་གསལ་དགའ་བའི་མདངས༔ ཡེ་ཤེས་མཁའ་འགྲོ་ལྕགས་སྒྲོག་མའི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རང་སྣང་རང་དབང་ཐོབ་པར་ཤོག༔ ཨོཾ་བཛྲ་སྥོ་ཊ་བཾ་པཱ་ཤཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྒོ་མ་དྲིལ་བུ་མའི་སྐུ་གཏད་ལ༔ ཨཱཿརང་རིག་རང་གསལ་བཏང་སྙོམས་མདངས༔ ཡེ་ཤེས་སྒོ་མ་དྲིལ་བུ་མའི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རང་སྣང་རང་དབང་ཐོབ་པར་ཤོག༔ ཨོཾ་བཛྲ་གྷཎྜེ་ཧོ་མཱ་ར་ཡ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་ཕུར་པ་ཐུན་རྫས་རྣམས་ཐོགས་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ གདོད་ནས་ཡེ་རིག་ཀ་དག་ལྷུན་གྲུབ་ལ༔ མ་རྟོགས་ལོག་པའི་ལམ་དུ་ཞུགས་པ་ཡི༔ ང་བདག་གཟུང་འཛིན་རང་འཁྲུལ་འགོང་པོ་དང་༔ ཐོགས་བཅས་ཐོགས་མེད་དགའ་བྲོད་སྙེམས་བྱེད་བདུད༔ གཉིས་འཛིན་རཱུ་ཏྲ་སྒྲོལ་བྱེད་བདག་མེད་མཚོན༔ ཡེ་རིག་སྟོང་གསལ་ཁྱོད་ལ་དབང་བསྐུར་བས༔ འཁྲུལ་པ་དབྱིངས་སུ་སྒྲོལ་བའི་དབང་ཐོབ་ཤོག༔ རྩ་སྔགས༔ དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཧ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ གཏོར་མ་ཡེ་ཤེས་གཞལ་ཡས་ཁང་༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡི༔ སྐུ་དང་རྣམ་འཕྲུལ་ཞིང་ཁམས་ཀྱི༔ བཀོད་པ་ལྷུན་གྲུབ་ངང་གིས་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ཀུན༔ མ་ལུས་བསྒྲུབ་ལ་དབང་ཐོབ་ཤོག༔ གུ་རུ་དྷེ་ཝ་ཌཱཀྐི་ནཱི་སརྦ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཐའ་རྟེན་གཏད་ཅིང་བཀྲ་ཤིས་བརྗོད༔ དབང་འདི་ལན་གཅིག་འབྲེལ་ཐོབ་ན༔ རང་སྣང་དབང་སྡུད་ཡེ་ཤེས་ཤིང་༔ གཞན་སྣང་དྲེགས་ཚོགས་ཟིལ་གྱིས་གནོན༔ ཚེ་འདིར་རིག་འཛིན་ས་ལ་འགོད༔ ཡིག་མེད་ནམ་མཁའི་གཏེར་བཅུད་འདི༔ སྔགས་སྲུང་ཨེ་ཀ་ཙ་ཏི་མ༔ འཁོར་འདས་དབང་མོ་ཁྱོད་ལ་གཉེར༔ སྙིང་གི་དྭངས་མའི་ཁྲག་བཞིན་དུ༔ སྲུངས་ཤིག་སྦོས་ཤིག་ས་མ་ཡ༔ སྐལ་ལྡན་རྣམས་ལ་གཏད་རྒྱ་མཛོད༔ ལྟ་ལོག་དམ་ཉམས་དབང་པོ་སྣུབས༔ བཛྲ་ས་མ་ཡ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ ༠༠༠༠༠༠བརྡ་ཡིག༤༢སྔགས་འཆང་བདུད་འཇོམས་རྡོ་རྗེ་ངས།།མཐའ་བྲལ་ནམ་མཁའི་ཀློང་ཡངས་ལས།།མི་འགྱུར་རྡོ་རྗེའི་ཀློང་སྒྲོམ་ནས།།བརྡ་ཚིག་རྡོ་རྗེའི་དབྱིངས་སུ་བསྒྱུར།།གྲགས་པ་རྡོ་རྗེ་བསྐུལ་ངོར་ཕབ།།ཡི་གེའི་རིས་བྱེད་མངྒའི་མིང་།།ཨྠིྀ།སརྦ་མངྒ་ལཾ།།