TTDL-ZABTER-15-BA-019

From Dudjom Wiki
Revision as of 14:57, 28 August 2024 by Mort (talk | contribs)

TTDL-ZABTER-15-BA-019
Wylie title TTDL-ZABTER-15-BA-019.pdf
Location bdud 'joms gling pa zab gter
Volume 15, Text 19, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
རང་ཉིད་སྐད་ཅིག་གིས་གསང་བདག་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཁྲོ་ཞིང་གཏུམ་པ་ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྭ་གདེངས་པ་ནམ་མཁའ་ལ་ཕྱར་ཞིང་གཡོན་པས་སྡིགས་འཛུབ་དང་སྦྲུལ་ཞགས་བསྣམས་པ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ་སྡེ་བརྒྱད་འབྱུང་པོ་གདན་དུ་བཏིང་བ་བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་ཀློང་དུ་བཞུགས་པའི་ཐུགས་ཀར་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་ཧཱུྃ༔ གཡས་སུ་བཛྲ༔ གཡོན་དུ་ཕཊ༔ དེ་ལས་འོད་ཟེར་འཕྲོས་པས་ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་ཏེ་ཧཱུྃ་ལཐིམ་པར་དམིགས༔ ཧཱུྃ་བཛྲ་ཕཊ༔