TTDL-ZABTER-08-NYA-063

From Dudjom Wiki
Revision as of 15:47, 12 August 2024 by Mort (talk | contribs)

TTDL-ZABTER-08-NYA-063
Wylie title TTDL-ZABTER-08-NYA-063.pdf
Location bdud 'joms gling pa zab gter
Volume 8, Text 63, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་གཏེར་གྱི་བདག་པོའི་གཏེར་བུམ་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༥༣༩༔ དབུལ་ཕོངས་འབྱོར་རྒུད་སེལ་བ་དང་༔ ལོངས་སྤྱོད་གཏེར་ལ་དབང་བསྒྱུར་ཕྱིར༔ གནོད་སྦྱིན་གཏེར་བདག་ལ་བརྟེན་ནས༔ ས་བཅུད་གཏེར་བུམ་སྒྲུབ་ཐབས་བསྟན༔ ནོར་བུ་ཀུན་གྱི་མཆོག་གྱུར་པ༔ བདེ་སྐྱོང་ཡངས་པ་རབ་འབྲིང་ཐ༔ གསུམ་དུ་དབྱེ་བའི་རྣམ་གྲངས་རྣམས༔ མ་ནོར་མཚན་ཉིད་ལྡན་པ་བརྟེན༔ རྡོ་རྗེ་ནོར་བུ་པདྨའི་དབྱིབས༔ ཞི་རྒྱས་དབང་གི་ཕྲིན་ལས་འགྲུབ༔ ཁྱད་པར་ནོར་བུའི་དབྱིབས་ལྟ་བུ༔ མདུན་ཟུར་མཐོ་ལ་ལྟག་པ་དམའ༔ ལྷ་བའི་ཟམ་པ་མ་ཆད་ཅིང་༔ རང་ས་འཐུག་ཅིང་ཕྱི་ས་སྲབ༔ ཚངས་པའི་བུ་ག་ཕྱེ་བ་དང་༔ མཆེ་རྒྱན་མ་ཉམས་ཡིད་དུ་འོང་༔ སྲོག་གི་ཀ་བ་འཇམ་ལ་རིང་༔ ནོར་གཞོང་མར་ཞག་རྗེས་དང་ལྡན༔ ཟ་ལམ་ཟབ་ཅིང་སྲིན་དོང་མེད༔ ཤིང་ལོའི་ཡུ་བ་གཡས་གཡོན་ནས༔ འདབ་དང་ཡལ་ག་སྔོན་དུ་ཕྱོགས༔ གཞོན་ནུའི་ཤིང་ལོ་རབ་ཏུ་རྒྱས༔ དེ་ཡང་འབྲས་བུ་ལྡན་པ་དགོས༔ གཅིག་པ་ཚེ་དང་གཉིས་པ་ཟས༔ གསུམ་པ་ནོར་དང་བཞི་པ་ནི༔ མ་མོའི་སྒྲུབ་པའི་རྟེན་རྫས་མཆོག༔ འདིར་ནི་དུམ་གསུམ་གཙོ་བོར་བཤད༔ བཙོས་ནས་ལྷ་བ་མ་བཏོན་ཅིང་༔ ཀླད་པའི་ཤུན་པ་མ་ཉམསས་པ༔ ཤིན་ཏུ་ཡིད་འོང་རང་བྱུང་གི༔ སྣོད་དུ་མཚལ་ལམ་སྣག་ཚ་ལ༔ བཟང་པོ་དྲུག་བཏབ་ཁུ་བས་ནི༔ དབུས་སུ་པདྨ་འདབ་བཞི་བཀོད༔ ལྟེ་བར་ཧཱུྃ་དང་ཏྲིཿཡིག་བྲི༔ འདབ་མ་བཞི་ལ་གཡས་བསྐོར་ཚུལ༔ ཨོཾ་ཡཀྴ་རྨ་རུ་རྩེ་སརྦ་སིདྡྷི་ཧཱུྃ༔ ཨོཾ་མ་མ་ཁ་ཤི་བཾ་སྭཱ་ཧཱ༔ ཨོཾ་ཙིཏྟ་ནྲྀ་འགུལ་འགུལ་རྒྱུགས་རྒྱུགས་བྲེང་བྲེང་དུང་དུང་སྭཱ་ཧཱ༔ ཨོཾ་མ་མ་ཧ་རི་ནི་ས་རཏྣ་སིདྡྷི་བྷྲཱུྃ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ འབོད་སྔགས་ཙིཏྟ་འགུལ་སྔགས་དང་༔ མཁའ་འགྲོ་གནད་དབབ་སྔགས་ཀྱི་མཐར༔ སརྦ་རཏྣ་སིདྡྷི་བ་སུ་སིདྡྷི་ཁ་དྷེ་སིདྡྷི་བྷྲཱུྃ་སྭཱ་ཧཱ༔ ལྷ་འདྲེ་མི་གསུམ་འགྲོ་བ་ཕོ་མོ་ཟས་ནོར་ལོངས་སྤྱོད་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེའི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ རྟེན་སྙིང་དབྱངས་གསལ་ལས་བཞིའི་ཤམ༔ བྲི་ཞིང་མཐའ་མར་པ་ཏྲས་བསྐོར༔ ཞིང་ས་བཟང་པོ་དགུའི་ས་སྣ༔ དེ་སྟེང་ནོར་བདག་སྐུ་གཟུགས་འཇོག༔ འབྲུ་སྨན་དར་ཟབ་གཡང་ཅན་གྱི༔ སྐྲ་གོས་ཐབ་ས་ཕྱུགས་ཀྱི་སྤུ༔ རིན་ཆེན་གཡང་རྫས་སྣ་ཚོགས་ཀྱིས༔ ཕྱུར་བུར་བཀང་ཞིང་སྣ་ལྔ་ཡིས༔ ཕྱི་ནང་རིམ་པར་མ་འཆོལ་དཀྲིས༔ དཀྱིལ་འཁོར་དབུས་གཞུག་གཏེར་བདག་གི༔ ལས་གཞུང་བསྲང་ནས་འབོད་པའི་སྐབས༔ གཡང་ཅན་སྤུ་ཡི་གཟུངས་ཐག་ལ༔ བཟུང་ནས་སྤྲོས་བསྡུས་དམིགས་པར་འབད༔ དེ་ནས་དམིགས་འབྱེད་བྱེ་བྲག་ནི༔ ཨོཾ་ཡཀྴ་ཨ་པ་ར་ཙིཏྟ་ཀ་པཱ་ལ་སརྦ་སིདྡྷི་བྷྲཱུྃ་འདུས་སྭཱ་ཧཱ༔ དེ་ནས་ཙིཏྟ་འགུལ་སྔགས་དང་༔ མཁའ་འགྲོ་གནད་ནས་བསྐུལ་བའི་སྔགས་རྣམས་བརྗོད༔ ཐུན་མཚམས་སུ་གཡང་འགུགས་ཅི་འགྲུབ་མཐར༔ རྒྱས་གདབ་པ་ནི༔ ཧཱུྃ༔ བདེ་ཆེན་ཡེ་ཤེས་མི་འགྱུར་དབྱིངས༔ ཆོས་རྣམས་མ་ལུས་འབྱུང་བའི་གནས༔ རང་རྟགས་དར་ཚོན་རིགས་ལྔའི་མཚོན༔ སྣོད་བཅུད་དཔལ་འབྱོར་ཕྱྭ་དང་གཡང་༔ ནུབ་མེད་རྟག་ཁྱབ་ཆེན་པོ་རུ༔ དམིགས་མེད་ལྟ་བའི་རྒྱས་བཏབ་བོ༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ ལོངས་སྤྱོད་དཔལ་འབྱོར་གོང་འཕེལ་རྒྱས༔ རྣམ་ཐོས་བུ་བཞིན་ཕྱུག་པར་ཤོག༔ སརྦ་རཏྣ་སིདྡྷི་མངྒ་ལཾ༔ དེ་ནས་འདོད་དོན་གསོལ་བ་གདབ་པ་ནི༔ ཧོཿནོར་ལྷ་གཏེར་བདག་རྒྱ་མཚོའི་ཚོགས༔ རྟེན་མཆོག་འདི་དང་དབྱེར་མེད་དུ༔ བཞུགས་ནས་རྣལ་འབྱོར་བདག་ཅག་གི༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་སྤེལ༔ ཟས་ནོར་ལོངས་སྤྱོད་ཆར་བཞིན་བབས༔ མི་ནུབ་རྒྱལ་མཚན་བཞིན་དུ་བརྟན༔ འཁོར་འདས་ཕྱྭ་གཡང་དྭངས་བཅུད་བསྡུས༔ གནས་ཁང་ཕྱི་ནང་ཐོ་ཕྱི་ཀུན༔ ཡིད་བཞིན་འདོད་འབྱུང་གནས་བྱིན་རློབས༔ དབུལ་ཕོངས་བཀྲེས་ཤིང་ཕོངས་པ་རྣམས༔ འབྱོར་རྒུད་འདུ་འབྲལ་ལས་སྐྱོབ་པས༔ ཚོགས་བསགས་བསོད་ནམས་དཔལ་གྱི་ཞིང་༔ ཡིད་བཞིན་ནོར་ལྟར་བདག་གྱུར་ཅིག༔ ཨོཾ་ཡེ་དྷརྨ་སོགས་བཀྲ་ཤིས་ཚེ་རིང་བརྗོད༔ བདུན་ཞག་སོགས་ཅི་འགྲུབ་པར་སྒྲུབ་རྗེས༔ མཆོད་པའི་རྟེན་དུ་བཞག་ཅིང་མཆོད་འབུལ་ཚོགས་བསགས་རྒྱ་ཆེན་བྱ༔ གསུར་དང་ཆུ་གཏོར་སྦྱིན་གཏོང་སོགས་ཅི་འགྲུབ་བྱེད་ཅིང་༔ རྒྱུན་དུ་གཞན་ལ་གནོད་སེམས་སྤང་ཞིང་བྱམས་སྙིང་རྗེ་བསྒོམ༔ ཁྱད་པར་དུ་དགུན་དུས་སུ་བྱ་སྦྱིན་བྱེད་པ་ནི་སྦྱིན་པ་ཀུན་གྱི་མཆོག་ཡིན་ནོ༔ དེ་ནས་རིམ་བཞིན་དུ་ལོངས་སྤྱོད་གཏེར་བཞིན་རྡོལ་ནས་འོང་ངོ་༔ འདི་ནི་ནོར་སྒྲུབ་ཀུན་གྱི་མཐར་ཐུག་པ་ཡིན་ནོ༔ བཀའ་སྲུང་གནོད་སྦྱིན་ཆེན་པོར་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་རང་རིག་གིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་པ་ནི་རིགས་སྲས་དྲི་མེད་འོད་ཟེར་གྱིས་བགྱིས་སོ།།དགེའོ།།།།