TTDL-ZABTER-15-BA-085

From Dudjom Wiki
Revision as of 15:13, 28 August 2024 by Mort (talk | contribs)

TTDL-ZABTER-15-BA-085
Wylie title TTDL-ZABTER-15-BA-085.pdf
Location bdud 'joms gling pa zab gter
Volume 15, Text 85, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
དག་སྣང་ལས༔ བཀའ་སྲུང་སྤྱིའི་བསྐང་གསོལ་ནོར་བུའི་ཕྲེང་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༤༧ཨོཾ་ཨཱ་ཧཱུྃ༔ གསེར་སྐྱེམས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ནམ་མཁའ་མཛོད་ཀྱི་སྔགས་མཐར༔ ཛ༔ ལེགས་ལྡན་མ་ཧཱ་ཀཱ་ལ་དང་༔ ཨེ་ཀ་ཙ་ཏི་རེ་མ་ཏཱི༔ ཞིང་སྐྱིང་སེང་གདོང་ཡབ་ཡུམ་འཁོར༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ གཟའ་བདུད་ནག་པོ་རཱ་ཧུ་ལ༔ ལྷ་ཆེན་དབང་ཕྱུག་ཚོགས་ཀྱི་བདག༔ དམ་ཅན་རྡོ་རྗེ་ལེགས་པ་སྐྱོང་༔ བཙན་དམར་སྲོག་གི་ཤན་པ་ཆེ༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་སོགས༔ བཀའ་སྲུང་དྲེགས་པའི་སྡེ་ཚོགས་ལ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་གསང་བའི་རྫས༔ རིན་ཆེན་གོ་མཚོན་གཟུགས་འགྲོས་དཀོར༔ འདོད་ཡོན་རྒྱན་གྱི་མཆོད་པ་འབུལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ སྐད་ཅིག་མི་འབྲལ་གྲོགས་མཛོད་ལ༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཅིང༔ བསམ་པའི་དོན་ཀུན་བསྒྲུབ་མཛོད་ཅིག༔ དམ་ལ་མ་འདའ་ས་མ་ཡ༔ འདི་ཡིས་དྲེགས་པ་བྲན་ཁོལ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ནི་རང་སློབ་དམ་པ་ཚུལ་བཟང་དང་ཇོ་མོ་བདེ་ཆེན་མཚོ་གཉིས་ཀྱི་ནན་དུ་བསྐུལ་བའི་ངོར་ཁྲག་འཐུང་བདུད་རྡོ་རྗེས་དག་སྣང་ལས་སོ།།དགེའོ།།།།