TTDL-ZABTER-12-NA-038

From Dudjom Wiki
Revision as of 07:58, 19 August 2024 by Mort (talk | contribs)

TTDL-ZABTER-12-NA-038
Wylie title TTDL-ZABTER-12-NA-038.pdf
Location bdud 'joms gling pa zab gter
Volume 12, Text 38, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
༠༠༠༠༠བརྡ་ཡིག༢༢༣ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བླ་སྒྲུབ་དངོས་གྲུབ་ཆར་འབེབས་བཞུགས་སོ༔ ༠༠༠༠༠བརྡ་ཡིག༢༢༤ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢༢༤དུས་གསུམ་སངས་རྒྱས་བསྒོམ་བསྒྲུབ་ལས༔ རྡོ་རྗེ་བླ་མ་སྒྲུབ་པ་མཆོག༔ དངོས་གྲུབ་ཀུན་གྱི་འབྱུང་གནས་ཡིན༔ བསྐྱེད་རིམ་གནད་ཀྱི་ཡང་ཐིག་ཡིན༔ ཤེས་པར་གྱིས་ཤིག་སྐལ་ལྡན་རྣམས༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ལ༔ ན་མོ༔ བླ་མ་སྐུ་བཞིའི་བདག་ཉིད་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སྒོ་གསུམ་རྡོ་རྗེའི་གྲོང་ཞུགས་ཏེ༔ འགྲོ་ཀུན་བསྒྲལ་བར་དམ་བཅའོ༔ དེ་ནས་བགེགས་བསྐྲད་མཚམས་གཅོད་ལ༔ ཧཱུྃ༔ ང་ནི་རང་བྱུང་ཡེ་ཤེས་ལྷ༔ ཉོན་མོངས་བདུད་བགེགས་དབྱིངས་སུ་བསྐྲད༔ འཁོར་འདས་དག་མཉམ་ཆེན་པོ་ལ༔ བགེགས་དང་ལོག་འདྲེན་མིང་ཡང་མེད༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ནས་བྱིན་འབེབས་དང་མཆོད་རྫས་བྱིན་རླབས་ལ༔ ཧཱུྃ༔ སྐུ་གསུམ་རྒྱལ་བ་སྲས་བཅས་ཀྱི༔ དབང་དང་དངོས་གྲུབ་བྱིན་ཆེན་ཕོབ༔ ཁམས་གསུམ་སྣོད་བཅུད་འདོད་ཡོན་ཆོས༔ ཕྱི་ནང་གསང་མཆོད་སྤྲིན་དུ་སྤེལ༔ གུ་རུ་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ༔ ཨ་བེ་ཤ་ཡ་ཧོ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་པཱུ་ཛ་ག་ཎ་ཙཀྲ་ཧོ༔ དེ་ནས་རྟེན་དང་བརྟེན་པ་བསྐྱེད་པ་ལ༔ ཨཱཿསྣ་ཚོགས་སྣང་བའི་ཆོས་རྣམས་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་ལྟར༔ ཁྱབ་བརྡལ་སྟོང་ཉིད་ཆེན་པོར་བརྡལ༔ སྐད་ཅིག་རྨི་སྣང་མཆེད་པ་ལྟར༔ དོན་གྱི་འོག་མིན་ཆེན་པོའི་དབྱིངས༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་སུ༔ པདྨ་ཉི་ཟླའི་གདན་གྱི་སྟེང་༔ རང་ཉིད་རྡོ་རྗེའི་བླ་མ་ནི༔ དཀར་དམར་དམངས་ལྡན་ཞི་མ་ཁྲོ༔ དབུ་སྐྲ་གཙུག་ཕུད་གླེགས་བམ་བཅིངས༔ དར་སྣ་ལྔ་ཡི་རྒྱ་ཆིངས་གདབ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱར༔ གཡོན་པས་ཕུར་པ་ས་ལ་གཟིར༔ གསང་ཡུམ་སྦས་ཚུལ་ཁ་ཊྭཱྃ་བརྟེན༔ ནང་གོས་སྨུག་ལ་ཤམ་ཐབས་མཐིང་༔ དྲི་མེད་རས་གཟན་དཀར་པོ་གསོལ༔ རིན་ཆེན་དུང་གི་སྙན་རྒྱན་མཛེས༔ སྐེད་པར་ཤེས་རབ་རལ་གྲི་བརྟེན༔ རྒྱལ་པོ་རོལ་པའི་སྟབས་སུ་འགྱིང་༔ ཡེ་ཤེས་འཇའ་ཚོན་འོད་ལྔའི་ཀློང་༔ འཇའ་ལུས་སྒྱུ་མའི་སྐུ་རུ་བསྒོམ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར༔ ལྷོ་རུ་རིན་ཆེན་མཁའ་འགྲོ་སེར༔ ནུབ་ཏུ་པདྨ་མཁའ་འགྲོ་དམར༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་༔ ཀུན་ཀྱང་གྲི་ཐོད་ཁ་ཊྭཱྃ་བསྣམས༔ གར་སྟབས་རུས་རྒྱན་འོད་ཕུང་འབར༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་བརྒྱུད་གསུམ་བླ་མ་དང་༔ སངས་རྒྱས་བྱང་སེམས་མཁའ་འགྲོའི་ཚོགས༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམས༔ དེ་ནས་སྤྱན་དྲངས་པ་ནི༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག༔ རྡོ་རྗེའི་བླ་མ་རིན་པོ་ཆེ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རིག་འཛིན་བླ་མའི་སྐུ་གསུང་ཐུགས༔ རྡོ་རྗེ་གསུམ་གྱི་རང་བཞིན་ཏེ༔ གདན་གསུམ་ཚང་བའི་ངོ་བོ་རུ༔ མི་འབྲལ་རྟག་ཏུ་བརྟན་བཞུགས་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ གདོད་ནས་རང་རིག་སྐུ་གསུམ་ཞལ༔ ཡོངས་གྲུབ་དོན་གྱི་བླ་མ་ལ༔ རང་ཞལ་མཇལ་ཕྱིར་ཕྱག་འཚལ་ལོ༔ སྐུ་དང་ཡེ་ཤེས་རང་ཞལ་སྤྲོད༔ ཨ་ཏི་པཱུ་ཧོཿཔྲ་ཏཱིཙྪ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཡུལ་དྲུག་འདོད་ཡོན་སྣང་བའི་ཆོས༔ ཕྱི་ནང་གསང་མཆོད་རྒྱན་དུ་ཤར༔ རིགས་འདུས་བླ་མ་དགྱེས་ཕྱིར་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་ག་ན་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ༔ ཀ་དག་སྐྱེ་མེད་སྤྲོས་པའི་མཐའ་དང་བྲལ༔ རང་བཞིན་མ་འགགས་སྐུ་དང་ཡེ་ཤེས་དཔལ༔ ཐུགས་རྗེའི་སྤྲུལ་སྐུ་འགྲོ་བའི་དཔལ་དུ་ཤར༔ སྐུ་གསུམ་དབྱེར་མེད་རྗེ་ལ་ཕྱག་འཚལ་བསྟོད༔ དེ་ནས་འཛབ་བཟླ་བ་ནི༔ རང་ཉིད་བླ་མའི་ཐུགས་ཀ་རུ༔ ཀུན་བཟང་མཐིང་ནག་མཉམ་བཞག་ཅན༔ དེ་ཡི་ཐུགས་ཀར་འོད་ལྔའི་ཀློང་༔ ཉི་ཟླའི་གྭའུ་ཁ་སྦྱོར་ནང་༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་པས་བསྐོར༔ འོད་དང་འོད་ཟེར་རབ་འཕྲོས་པས༔ བརྒྱུད་གསུམ་བླ་མ་རིག་འཛིན་ཚོགས༔ འཇའ་སྤྲིན་ལྟ་བུའི་རྣམ་པ་རུ༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་སྒྲུབ་པ་ནི༔ ཐུགས་སྲོག་སྔགས་ལས་འོད་འཕྲོས་པས༔ དུས་གསུམ་རྒྱལ་བ་རྟེན་བརྟེན་པ༔ འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ༔ རྡོ་རྗེ་གསུམ་གྱི་སྙིང་པོར་དྲིལ༔ རྩ་སྔགས༔ སླར་ཡང་སྔགས་ཕྲེང་བཀོད་པ་ལས༔ འོད་ཟེར་དྲག་ཅིང་ཚ་རྩུབ་པ༔ མགར་གྱི་ཚྭ་ཚྭ་ལྟར་འཕྲོས་པས༔ ལོག་པར་འདྲེན་པའི་གནོད་བྱེད་ཀུན༔ སྦུར་མ་མེ་ལ་བསྲེག་བཞིན་དུ༔ རྗེས་ཤུལ་མེད་པར་བརླག་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧོ༔ བསྙེན་པ་འབུམ་ཕྲག་བཅུ་དྲུག་ལ༔ དུས་ཀྱི་བསྙེན་པ་དེའི་བཞི་འགྱུར༔ བསྒྲུབ་སྔགས་བརྒྱད་དང་ལས་སྦྱོར་བཞིའི༔ དམིགས་པའི་གནད་ཀྱིས་ཟིན་གྱུར་ན༔ དངོས་གྲུབ་ཐོབ་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་སློབ་བུ་བློ་གྲོས་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།