TTDL-ZABTER-10-THA-045

From Dudjom Wiki
Revision as of 07:08, 30 July 2024 by Mort (talk | contribs)

TTDL-ZABTER-10-THA-045
Wylie title TTDL-ZABTER-10-THA-045.pdf
Location bdud 'joms gling pa zab gter
Volume 10, Text 45, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 10: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
[edit]
དབུ་ཁྲིད༠༠༠༠༠༠༠༠བརྡ་ཡིག ༣༧༧ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོའི་འབུམ་བསྐུལ་བསྡུས་པ་རྡོ་རྗེའི་འཁྲུལ་འཁོར་བཞུགས་སོ༔ ༠༠༠༠༠༠༠༠༠༠༠༠བརྡ་ཡིག ༣༧༨ ཤ་ཁྲག་གཏོར་སྐྱེམས་སྣ་ཚོགས་བཤམས༔ འགུགས་གཞུག་བསྟིམ་བཤིག་བྱིན་བརླབས་ཏེ༔ མ་དང་མཁའ་འགྲོའི་འབུམ་བསྐུལ་བྱ༔ དུས་ནི་བསྟན་དགྲ་འདུལ་བའི་དུས༔ ལས་ཀ་རྣལ་འབྱོར་མཚོན་ཆའི་མཆོག༔ དམ་མེད་ལག་ཏུ་མ་སྤེལ་རྒྱ༔ ཕཊ་ཕཊ་ཕཊ༔ སྐུ་གསུམ་ལྷུན་གྲུབ་ཞིང་ཁམས་ནས༔ ཀུན་བཟང་རྡོ་རྗེ་ཕག་མོ་དང་༔ མ་ཁྲོས་མ་ནག་མོ་སྤྲུལ་འཁོར་བཅས༔ དམ་ཚིག་ཐུགས་དམ་གནད་ནས་བསྐུལ༔ དྲག་པོ་མངོན་སྤྱོད་ལས་མཛད་ཕྱིར༔ རྣལ་འབྱོར་སྒྲུབ་པའི་གྲོགས་ལ་བྱོན༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ དགྲ་བགེགས་ཐལ་བའི་རྡུལ་དུ་རློག༔ ཕཊ༔ མ་ཕྱོགས་བཞིའི་དབུས་ལྔའི་གནས་མཆོག་ཏུ༔ གདོད་ནས་དག་པའི་དུར་ཁྲོད་ནས༔ རིགས་ལྔའི་མཁའ་འགྲོ་དབྱིངས་ཀྱི་ཡུམ༔ བྱེ་བ་དུང་ཕྱུར་སྤྲུལ་པའི་འཁོར༔ མ་ལུས་ཐུགས་དམ་གནད་བསྐུལ་ལོ༔ དྲག་པོའི་སྐུར་བཞེངས་འདིར་གཤེགས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མངོན་སྤྱོད་དྲག་པོའི་འཕྲུལ་འཁོར་གྱིས༔ མ་ཤོར་བརླག་པའི་ཕྲིན་ལས་མཛོད༔ ཕཊ༔ མཚམས་བཞིར་ལས་བཞིའི་མཁའ་འགྲོ་མ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ བྱེ་བ་དུང་ཕྱུར་འཁོར་དང་བཅས༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ རྣལ་འབྱོར་ཕྲིན་ལས་བསྒྲུབ་པའི་ཕྱིར༔ མ་ཐོགས་མྱུར་དུ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མངོན་སྤྱོད་དྲག་པོའི་ལས་ཀྱིས་སྒྲོལ༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ ཕཊ༔ མ་ཁྲོས་མའི་སྤྲུལ་པའི་མཁའ་འགྲོ་མ༔ དཀར་མོ་རྣམ་རྒྱལ་ཤ་ཟ་འབུམ༔ སེར་མོ་དོན་གྲུབ་ཁྲག་འཐུང་འབུམ༔ དམར་མོ་དབང་སྡུད་རྐང་ལྡག་འབུམ༔ ལྗང་མོ་གཏུམ་ཆེན་དབུགས་ལེན་འབུམ༔ ཕྲིན་ལས་མྱུར་མཛད་ལས་བྱེད་བཞི༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ སྤྲུལ་པས་སྟོང་གསུམ་ཁྱབ་པར་མཛོད༔ སྡང་བའི་དགྲ་ལ་རྟགས་ཕྱུང་ཤིག༔ གནོད་པའི་བགེགས་ལ་ལས་མཛོད་ཅིག༔ ཕྲིན་ལས་མཛོད་ཅིག་ས་མ་ཡ༔ ཕཊ༔ དབྱིངས་ཀྱི་ཡུམ་ཆེན་སྤྲུལ་པའི་སྲས༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཚོགས༔ བསྟན་དང་འགྲོ་བའི་དོན་མཛད་ཕྱིར༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཡིད་ལ་བརྣག་པའི་དགྲ་བགེགས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ བསྟན་ལ་སྡང་བའི་དགྲ་དར་ན༔ མཐུ་རྩལ་དྲག་པོའི་སྟོབས་ཤུགས་ཕྱུངས༔ སྒྲུབ་ལ་བར་ཆད་བྱེད་པའི་བདུད༔ ད་ལྟ་ཉིད་དུ་མི་བསྒྲལ་ན༔ ཆོས་ཉིད་བདེན་པས་བསླུས་སམ་ཅི༔ བསྐུལ་བའི་ལས་ལ་གཡེལ་བ་ན༔ རྒྱུ་འབྲས་བདེན་པ་གསོད་དམ་ཅི༔ སྒྲུབ་ལ་དངོས་གྲུབ་མི་སྟེར་ན༔ རིམ་གཉིས་བསྒོམ་པ་དོན་མེད་དམ༔ དབྱིངས་བཞུགས་ཡེ་ཤེས་མཁའ་འགྲོའི་ཚོགས༔ རང་རྒྱལ་བསེ་རུའི་ཚུལ་མ་མཛད༔ བརྒྱུད་འཛིན་རྗེས་སུ་བཟུང་རེ་རན༔ ཞི་རྒྱས་དབང་དང་དྲག་པོའི་ལས༔ འགུགས་བསྐྲད་མནན་གཟིར་ཕྲིན་ལས་བསྐུལ༔ ཕཊ༔ ཛཿ མཁའ་སྤྱོད་སྤྲུལ་པའི་གནས་མཆོག་ནི༔ ཉི་ཤུ་རྩ་བཞི་ཡུལ་སོ་གཉིས༔ དུར་ཁྲོད་བརྒྱད་དང་ཧེ་རུ་ཀའི༔ གནས་མཆོག་བཅུ་རུ་དབང་བསྒྱུར་བའི༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ བྱེ་བ་དུང་ཕྱུར་བསམ་ལས་འདས༔ མ་ངེས་གང་འདུལ་ཐབས་དུ་མས༔ སྣ་ཚོགས་གཟུགས་སྤྲུལ་མཛད་པ་ངོམས༔ སྣང་སྟོང་རྒྱས་འདེབས་གར་མཁན་མ༔ མ་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ བསྐུལ་ལོ་ཐུགས་དམ་གཉན་པོ་བསྐུལ༔ དབྱིངས་ལས་སྐུར་བཞེངས་འདིར་གཤེགས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ སྡང་དགྲ་གནོད་བྱེད་བགེགས་ཚོགས་ལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་མཛོད༔ དད་དམ་གཉན་པོ་རྦད་བསྐུལ་དགོངས༔ ཛཿ དཔལ་མགོན་བདུན་ཅུ་རྩ་ལྔ་དང་༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ དམ་ཚིག་གཉན་པོས་འབོད་བསྐུལ་ལོ༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ སྡང་དགྲ་གདོན་བགེགས་ཚར་ཆོད་ཅིག༔ རྣལ་འབྱོར་མཐུ་དཔུང་སྡོང་གྲོགས་མཛོད༔ ཕཊ༔ དྲེགས་པའི་སྡེ་དཔོན་སུམ་ཅུ་དང་༔ དྲེགས་ཆེན་བཅོ་བརྒྱད་སྡེ་བརྒྱད་ཚོགས༔ འཛམ་གླིང་བརྟན་མ་བཅུ་གཉིས་དང་༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ དམ་ཚིག་གཉན་གྱིས་ཐུགས་དམ་བསྐུལ༔ འདིར་གཤེགས་དམར་གྱི་གཏོར་མ་རོལ༔ སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག༔ གནོད་པའི་བགེགས་ལ་དྲག་ལས་མཛོད༔ ཕྱོགས་མཚམས་སྟེང་འོག་བཅུ་ལ་སོགས༔ དགྲ་བགེགས་གནོད་བྱེད་ལོག་འདྲེན་ཚོགས༔ གང་ལ་གནས་ཀྱང་ཁུག་ལ་ཤོག༔ གཟུགས་བྱང་རུས་པ་འདི་ལ་ཁུག༔ མིང་ཡིག་བྱང་བུ་འདི་ལ་བསྟིམ༔ བསྟན་དགྲ་འཁོར་དང་བཅས་རྣམས་ཀྱི༔ དཀོར་ནོར་ཤ་ཁྲག་སྲོག་དབུགས་བཅས༔ ཟ་སྐལ་གཏད་ཀྱིས་ལྷག་མེད་རོལ༔ ཕཊ་ཕཊ་ཕཊ༔ བསྟན་སྲུང་དྲེགས་པའི་གཙོ་བོ་རྗེ༔ སྲོག་བདག་ཆེན་པོ་སྡེ་ལྔ་པོ༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་རྣམས༔ དམ་ཚིག་ཐུགས་དམ་གནད་ནས་བསྐུལ༔ ཡུད་ཙམ་གྱིས་ནི་འདིར་གཤེགས་ལ༔ རང་རང་དགྱེས་པའི་མཐུན་རྫས་དང་༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ རྦད་བསྐུལ་ལས་ལ་དྲག་ཏུ་རྒྱུགས༔ བསྟན་དགྲ་འདུལ་ཕྱིར་ཕྲིན་ལས་མཛོད༔ མ་གཡེལ་མ་འགྱངས་ས་མ་ཡ༔ ངས་ནི་བསྒྲུབ་པ་ལྷུར་བླང་ནས༔ མ་ཉེས་རང་གར་འདུག་པ་ལ༔ དགྲ་བགེགས་གདུག་པས་བར་ཆད་བརྩམས༔ ད་ནི་ལྷ་དང་སྲུང་མར་འབོད༔ དཔུང་ཤུགས་རྒྱབ་བརྟེན་ཡོད་སྲིད་ན༔ བཀའ་དང་དམ་ཚིག་གཉན་པོས་བསྐུལ༔ ནམ་མཁར་སྤྲིན་བཞིན་གཏིབ་ལ་སོང་༔ བར་སྣང་རླུང་ལྟར་གཡོས་ལ་སོང་༔ ས་གཞིར་སེར་ལྟར་ཕོབ་ལ་སོང་༔ བསྟན་དགྲ་གནོད་བྱེད་སྡིག་པོ་ཆེའི༔ ཕོ་རྒྱུད་རྩད་ནས་ཆོད་ལ་སོད༔ མོ་རྒྱུད་མངལ་ནས་སྐོམ་ལ་སོད༔ དགྲ་ལ་ནད་མུག་མཚོན་གསུམ་ཐོབ༔ རྗེས་ལྷག་མེད་པར་རྡུལ་དུ་རློག༔ ཡུལ་དང་ཞིང་ཁང་ནོར་རྫས་ལ༔ ཟ་ངུ་འཐུང་ངུའི་དྲག་རྔམས་གྱིས༔ སྲུང་སྐྱོབ་མགོན་བྱེད་ལྷ་དང་ཕྲོལ༔ མ་གཡེལ་མ་འགྱངས་ས་མ་ཡ༔ མཿ ཡཿ ནཿ ཙཿ ས་མ་ཡ་དགྲ་བགེགས་འབྱུང་པོའི་སྲོག་རྩ་ལ་རྦད་བྷྱོ་ཐུན་བྷྱོ་རྒྱུག་བྷྱོ་ཕཊ་ཕཊ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ དྲག་བསྐུལ་རྡོ་རྗེ་ཕ་ལམ་འདི༔ དོ་གལ་ཆེ་བ་མ་གཏོགས་པའི༔ ནམ་ཡང་བྱ་བར་མི་རུང་ངོ་༔ སྐུ་གསུང་ཐུགས་ཀྱི་དམ་རྒྱ་ཡོད༔ འདི་ཉིད་ཉམས་སུ་ལེན་པའི་མིས༔ དགྲ་དཔུང་རྡོ་རྗེ་ཡིན་ཀྱང་འཇིགས༔ བཀའ་སྲུང་གཟའ་བཙན་སོགས་ཀྱིས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ བརྡ་ཐིམ༔ དུད་འཇོམས་རྡོ་རྗེ་ཁྲོ་ལོད་ཀྱིས། །འོད་གསལ་གསང་བའི་བྲག་ནས་གཏོན། །ཀློང་རྡོལ་རིག་པའི་སྒྲོམ་ལས་བཤུས། །བརྒྱུད་འཛིན་ཕྱི་རབས་དོན་དུ་གདམས། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།