TTDL-ZABTER-18-TSHA-105

From Dudjom Wiki
Revision as of 16:04, 6 September 2024 by Mort (talk | contribs)

TTDL-ZABTER-18-TSHA-105
Wylie title TTDL-ZABTER-18-TSHA-105.pdf
Location bdud 'joms gling pa zab gter
Volume 18, Text 105, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
[edit]
དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། །གནས་མི་འབྲལ་གཙུག་གི་འཁོར་ལོ། །དུས་རྟག་བཞུགས་རྗེས་སུ་ཟུངས་མཛོད། །ང་སྔགས་བཙུན་ཡོངས་ཀྱི་ཐ་ཤལ། །མི་རྒན་པོར་བཤེས་གཉེན་མེད་པས། །ཡུལ་གཞན་ལ་ལམ་སྟོན་ལྟ་ཅི། །སྔོན་ལས་དང་སྐལ་པའི་དབང་གིས། །དད་ལྡན་གྱི་སྐྱེས་བུ་ཕོ་མོ། །མ་བོས་ཤིང་མགྲོན་དུ་འགུགས་བྱུང་། །རྣམ་གྲོལ་གྱི་ལམ་མཆོག་སྟོན་པའི། །སྙིང་པོ་ཡི་གདམས་ངག་མེད་ཀྱང་། །འདི་སྣང་ཀུན་སྒྱུ་མ་རྨི་ལམ། །ཇི་བཞིན་དུ་ངོ་སྤྲོད་ཤེས་ནས། །ཆོས་བརྒྱད་ཀྱི་བྱ་བཞག་སྤངས་ནས། །ངེས་མེད་ཀྱི་རི་ཁྲོད་འགྲིམས་ཏེ། །འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད། །རང་གཞི་དང་རང་ངོར་རྫོགས་པའི། །ངང་ཚུལ་ནི་ཇི་བཞིན་རྟོགས་པ། །གདམས་ངག་གི་གཙོ་བོར་སྟོན་པའི། །ལྟ་སྒོམ་གྱི་ངོ་བོར་ལུང་བསྟན། །རྒྱ་འབྱམས་ཀྱི་འཁྲུལ་པ་མིན་པའི། །མངོན་གྱུར་གྱི་ཆོས་ཉིད་རྒྱ་ཡན། །རྫོགས་ཆེན་གྱི་ངོ་བོར་བསྟན་ཡོད། །གཞན་དག་གི་ལམ་དང་ཁྱད་ཡོད། །ང་རང་གི་རང་ལུགས་དེ་ག།ཡིན་མིན་གྱི་ཐེམ་ཚོམ་མེད་དོ། །ཁྱོད་ཐུགས་ལ་ཆུབ་ན་དེ་ག།མི་རྒན་གྱིས་འཆོལ་གཏམ་ལབ་མོ། །མཁོས་ཆུང་ཡང་བཀའ་བཙན་མ་ལྡོག།ཤར་མར་དུ་སྨྲས་པ་དགེའོ། །སྤྲུལ་པའི་སྐུ་མཆོག་ཀུན་བཟང་འོད་ཟེར་གྱི་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་འཆོལ་གཏམ་དུ་སྨྲས་པའོ། །དགེའོ། །། །