DJYD-KABUM-20-WA-032

From Dudjom Wiki
Revision as of 05:18, 1 June 2024 by Jeremi (talk | contribs)

DJYD-KABUM-20-WA-032
Wylie title DJYD-KABUM-20-WA-031.pdf
Location bdud 'joms rin po che bka' 'bum
Volume 20, Text 31, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(259ན)ཨོཾ་སྭསྟི། སློབ་དཔོན་བི་མ་ལས་མཛད་པའི་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པའི་བཤད་ལུང་གི་བརྒྱུད་པ་ནི། མི་ཕམ་རྣམ་རྒྱལ་ཡན་དེ་ཉིད་ཀྱི་གསན་ཡིག་ལྟར་ལ། དེ་ནས། མཁན་ཆེན་ཀུན་བཟང་དཔལ་ལྡན། ཀཿཐོག་དགེ་རྩེ་མཆོག་སྤྲུལ་འགྱུར་མེད་བསྟན་པ་རྣམ་རྒྱལ། དེས་བདག་ཛྙཱ་ན་ལའོ། ། ༈ ། འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་རྡོ་རྗེ་མཚོན་ཆས་མཛད་པའི་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་སྒྲུབ་ཀྱི་རིག་པ་གཏད་པའི་བྱིན་རླབས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཀུན་གཟིགས་འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོ་ཡན་བརྒྱུད་འདེབས་བློ་གྲོས་སྣང་སྟེར་ལྟར་ལ། དེ་ལས། རྗེ་བཀའ་དྲིན་མཚུངས་མེད་ཕྲིན་ལས་བྱམས་པའི་འབྱུང་གནས། དེས་བདག་ཡེ་ཤེས་རྡོ་རྗེ་ལ་སྩལ་བའོ། །ཡང་ན། མཁྱེན་བརྩེ་ནས། རྒྱལ་དབང་མཁའ་ཁྱབ་རྡོ་རྗེ། འཇམ་དཔལ་ཚུལ་ཁྲིམས་གྲགས་པ། དེས་སོ། །ཡང་བསྟོད་པ་རྒྱ་གཞུང་། བརྒྱུད་འདེབས། བསྟོད་འགྲེལ་རྣམ་བཤད་ཉུང་ངུའི་ངག་ཅེས་མཁྱེན་(259བ)བརྩེས་མཛད་པ་རྣམས་དེ་ཉིད་ནས། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། འཇམ་དཔལ་ཚུལ་ཁྲིམས། དེས་སོ། །ཡང་མཁྱེན་བརྩེས་མཛད་པའི་བསྟོད་སྒྲུབ་འཇམ་མགོན་དགྱེས་པའི་མཆོད་སྤྲིན་དང་། རྗེས་གནང་མཁས་པའི་ཡིད་འཕྲོག་བཅས་ཡོངས་རྫོགས། རྒྱལ་དབང་མཁའ་ཁྱབ་རྡོ་རྗེ་ནས། འཇམ་དཔལ་ཚུལ་ཁྲིམས། དེས་སོ།། །།