TTDL-ZABTER-03-GA-061

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-03-GA-061
Wylie title TTDL-ZABTER-03-GA-061.pdf
Location bdud 'joms gling pa zab gter
Volume 3, Text 61, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ཆེན་ཕྱག་ན་རྡོ་རྗེའི་སྐོར་ལས༔ འགུགས་འདྲེན་རྡོ་རྗེའི་ལྕགས་ཀྱུ་བཞུགས་སོ༔ ན་མོ་བཛྲ་པ་ཎི་ཡེ༔ ༠༠༠༠བརྡ་ཡིག༥༧༧ཕོ་ཉའི་དམིགས་པ་ངར་ལྡན་པས༔ ན་མོ༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ དཔལ་གསང་བདག་ཕྱག་ན་རྡོ་རྗེའི་གསང་གསུམ་སྒྱུ་འཕྲུལ་ཁྲོ་བཅུ་སྒོ་སྐྱོང་སྲུང་མ་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུ་སྟོབས་ནུས་བྱིན་གྱིས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གཟུགས་མེད་དགྲ་གདོན་བགེགས་ཚོགས་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་གཟུགས་ལིང་ག་འདི་ལ་ཁུག་ཅིག༔ བསྟིམ་ཅིག༔ ཛཿཧཱུྃ་བཾ་ཧོཿཞེས་ཅི་མང་བརྗོད༔ དམིགས་པའི་གནད་དང་ལྡན་གྱུར་ན༔ དགྲ་བགེགས་ཐམས་ཅད་ངེས་པར་འགུགས༔ ཐེ་ཚོམ་མེད་དོ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སློབ་བུ་བསོད་ནམས་མཆོག་གྲུབ་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོའོ།།དགེའོ།།ལེགས་སོ།།སརྦ་མངྒལཾ།།།།