TTDL-ZABTER-05-CA-002

From Dudjom Wiki
Revision as of 09:48, 4 June 2024 by Jeremi (talk | contribs)

TTDL-ZABTER-05-CA-002
Wylie title TTDL-ZABTER-05-CA-002.pdf
Location bdud 'joms gling pa zab gter
Volume 5, Text 2, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༢༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་གྱི༔ གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༢༣ཕུར་པ་སྒྲུབ་པའི་སྐལ་ལྡན་ལ༔ དངོས་གྲུབ་ཀུན་གྱི་འབྱུང་གནས་མཆོག༔ བླ་མ་བརྒྱུད་པའི་གསོལ་འདེབས་གཅེས༔ གསལ་ཞིང་གུས་པས་གསོལ་འདེབས་སོ༔ ཨོཾ་ཨཱཿཧཱུྃ༔ ན་མོ་གུ་རུ་བྷྱ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས༔ སྒྲུབ་པ་མཐར་ཕྱིན་ལྷ་སྐུར་མངོན་གྱུར་ནས༔ གཞོན་ནུ་བུམ་སྐུ་འགྲུབ་པར་བྱིན་གྱིས་རློབས༔ འོག་མིན་གསང་མཆོག་མངོན་དགའི་ཞིང་ཁམས་ན༔ ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས༔ སྒྲུབ་པ་མཐར་ཕྱིན་ལྷ་སྐུར་མངོན་གྱུར་ནས༔ གཞོན་ནུ་བུམ་སྐུ་འགྲུབ་པར་བྱིན་གྱིས་རློབས༔ དུར་ཁྲོད་མེ་རི་འབར་བའི་གཞལ་ཡས་ན༔ སྤྲུལ་སྐུ་ཕྱག་ན་རྡོ་རྗེ་ལ་གསོལ་བ་འདེབས༔ སྒྲུབ་པ་མཐར་ཕྱིན་ལྷ་སྐུར་མངོན་གྱུར་ནས༔ གཞོན་ནུ་བུམ་སྐུ་འགྲུབ་པར་བྱིན་གྱིས་རློབས༔ མཐའ་བྲལ་ལྷུན་འབྱམས་ཨ་ཏིའི་ཀློང་ཡངས་ནས༔ ཡང་སྤྲུལ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས༔ སྒྲུབ་པ་མཐར་ཕྱིན་ལྷ་སྐུར་མངོན་གྱུར་ནས༔ གཞོན་ནུ་བུམ་སྐུ་འགྲུབ་པར་བྱིན་གྱིས་རློབས༔ ཀ་དག་ཕྱོགས་ཡན་ཆོས་སྐུའི་གཞལ་ཡས་ན༔ རིག་འཛིན་ཤྲཱི་སིང་ག་ལ་གསོལ་བ་འདེབས༔ སྒྲུབ་པ་མཐར་ཕྱིན་ལྷ་སྐུར་མངོན་གྱུར་ནས༔ གཞོན་ནུ་བུམ་སྐུ་འགྲུབ་པར་བྱིན་གྱིས་རློབས༔ བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས་ན༔ ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ལ་གསོལ་བ་འདེབས༔ ཚེ་སྒྲུབ་མཐར་ཕྱིན་ལྷ་སྐུར་མངོན་གྱུར་ནས༔ གཞོན་ནུ་བུམ་སྐུ་འགྲུབ་པར་བྱིན་གྱིས་རློབས༔ དཔལ་རི་མཁའ་འགྲོ་འདུས་པའི་གླིང་མཆོག་ན༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ ཚེ་སྒྲུབ་མཐར་ཕྱིན་ལྷ་སྐུར་མངོན་གྱུར་ནས༔ གཞོན་ནུ་བུམ་སྐུ་འགྲུབ་པར་བྱིན་གྱིས་རློབས༔ འོད་གསལ་བདེ་བ་ཆེན་པོའི་གཞལ་ཡས་ན༔ གྲུབ་བརྙེས་རྗེ་འབངས་ཉེར་ལྔ་ལ་གསོལ་བ་འདེབས༔ ཚེ་སྒྲུབ་མཐར་ཕྱིན་ལྷ་སྐུར་མངོན་གྱུར་ནས༔ གཞོན་ནུ་བུམ་སྐུ་འགྲུབ་པར་བྱིན་གྱིས་རློབས༔ ༈བྱར་མེད་འོད་གསལ་ལྷུན་གྲུབ་གཞལ་ཡས་ན༔ གཏེར་སྟོན་བདུད་འཇོམས་གླིང་པ་ལ་གསོལ་བ་འདེབས༔ ཚེ་སྒྲུབ་མཐར་ཕྱིན་ལྷ་སྐུར་མངོན་གྱུར་ནས༔ གཞོན་ནུ་བུམ་སྐུར་འགྲུབ་པར་བྱིན་གྱིས་རློབས༔ ཤློ་ཀ་འདི་མངྒ་ལས་སོ།།སྤྱི་གཙུག་བདེ་ཆེན་འཁོར་ལོའི་གཞལ་ཡས་ན༔ དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་འདེབས༔ ཚེ་སྒྲུབ་མཐར་ཕྱིན་ལྷ་སྐུར་མངོན་གྱུར་ནས༔ གཞོན་ནུ་བུམ་སྐུ་འགྲུབ་པར་བྱིན་གྱིས་རློབས༔ གྲུ་གསུམ་མཐིང་ནག་འབར་བའི་ཨེ་ཀློང་ན༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་ནས་ཀྱང་༔ འཁོར་བ་དོང་སྤྲུགས་ནུས་པར་བྱིན་གྱིས་རློབས༔ ཕྲིན་ལས་རྣམ་བཞིས་ལོག་རྟོག་དབྱིངས་སྒྲོལ་དཔལ༔ སྲས་མཆོག་ཀཱི་ལ་རིགས་བཞི་ལ་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་ཅིང་༔ ལོག་རྟོག་དབྱིངས་སུ་སྒྲོལ་ནུས་བྱིན་གྱིས་རློབས༔ ཡེ་ཤེས་མེ་རི་འབར་བའི་དཀྱིལ་འཁོར་ན༔ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་ལ་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་ནས༔ དོན་གཉིས་ལྷུན་གྲུབ་མཐུ་ཡི་དངོས་གྲུབ་སྩོལ༔ མ་རིག་ཉོན་མོངས་རཱུ་དྲ་འདུལ་མཛད་དཔལ༔ སྲས་མཆོག་ཁྲ་ཐབས་ཉེར་གཅིག་ལ་གསོལ་བ་འདེབས༔ ཕྲིན་ལས་རྣམ་བཞིར་རང་དབང་བསྒྱུར་ནུས་ཏེ༔ དོན་གཉིས་ལྷུན་གྲུབ་མཐུ་ཡི་དངོས་གྲུབ་སྩོལ༔ བར་ཆད་ཀུན་སེལ་དགྲ་བགེགས་འཇོམས་མཛད་པའི༔ ཕུར་སྲུང་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས༔ བསྟན་དགྲ་མ་ལུས་རྡུལ་དུ་བརླག་ནས་ཀྱང་༔ བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པར་མཛོད༔ ན་མོ་གུ་རུ་བྷྱ༔ ན་མོ་དྷེ་ཝ་བྷྱ༔ ན་མོ་ཌཱ་ཀི་ནཱི་བྷྱ༔ ཡེ་ཤེས་ཕུར་པ་འགྲུབ་པར་བྱིན་གྱིས་རློབས༔ ཡེ་ཤེས་ཁྲོ་རྒྱལ་འགྲུབ་པར་བྱིན་གྱིས་རློབས༔ ཡེ་ཤེས་གཅིག་ཆར་འགྲུབ་པར་བྱིན་གྱིས་རློབས༔ གཟུང་འཛིན་འཁྲུལ་བའི་འཆིང་བ་ཀུན་གྲོལ་ནས༔ ཉག་གཅིག་ཆོས་སྐུའི་དབྱིངས་སུ་སངས་རྒྱས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨ་ཐམ་རྒྱ༔ མ་མོ་སྲིད་པའི་རྒྱལ་མོས་སྲུངས་ཤིག༔ ས་མ་ཡ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་རྡོ་རྗེ་ཁྲག་འཐུང་རོལ་པ་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ནས་བཏོན་ཏེ་མཐར་འབྲོས་ཕུག་བཀྲ་ཤིས་དགའ་འཁྱིལ་དུ་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།