TTDL-ZABTER-05-CA-018

From Dudjom Wiki
Revision as of 09:37, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-05-CA-018
Wylie title TTDL-ZABTER-05-CA-018.pdf
Location bdud 'joms gling pa zab gter
Volume 5, Text 18, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠བརྡ་ཡིག༢༡༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཐུགས་སྒྲུབ་གསང་བའི་བཀའ་རྒྱ་ལས༔ ལས་འཁོར་སྤུ་གྲི་བཅུ་བདུན་ནཱ་གའི་གྲོང་འཇིག་བཞུགས་སོ༔ ༠༠༠༠༠༠བརྡ་ཡིག༢༢༠ན་མོ་བཛྲ་ཀུ་མཱ་ར་ཡེ༔ བདག་འདྲ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ ལས་འཁོར་སྤུ་གྲི་བཅུ་བདུན་པ༔ ནཱ་ག་ཆུ་རླང་གྲོང་རམ་བསྟན༔ དང་པོ་རབ་འཇིགས་སྤུ་གྲི་ནི༔ རྩིབས་དང་མུ་ཁྱུད་མེད་པ་སྦྲུལ་འཁྱིལ་དུ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་དྷ་ཛྙཱ་ན་ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ བཛྲ་ཀྲོ་དྷ་ས་མ་ཡ་ཛ་ཛཿནཱ་ག་ཤིག་ཤིག༔ ནཱ་ག་ཁྲོལ་ཁྲོལ༔ ཀ་ལ་དུ་ཏྲི་ཐུཾ་རཾ་ཁ་ཆར་ཆོད་ཆོད༔ སྤྲིན་རཾ་རཾ༔ ན་བུན་ཡཾ་ཡཾ་སྭཱ་ཧཱ༔ ཤིག་ཤིག་ཡཾ་ཡཾ་རཾ་རཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༈གཉིས་པ་རྡོ་རྗེ་སྤུ་གྲི་ནི༔ དབུ་ཅན་ལྟོ་འགྲོས་འཁྱིལ་མ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ བཛྲ་ཁྲོཾ་ག་རུ་ཌ་བཛྲ་ས་མ་ཡ་ཛ་ཛཿནཱ་ག་རུ་ཏྲི་ཆར་བདག་ཕོ་མོ་ཛྭ་ལ་རཾ་རཾ༔ ཐུཾ་རི་ལི་ལི་ནན་ནན༔ ཁ་ཆར་ཆོད་ཆོད༔ སྤྲིན་གཏོར༔ ནཱ་ག་རཾ་ཆུ་འཛིན་རཾ་རཾ༔ ཁ་ཆར་རཾ་རཾ་ཡཾ་ཡཾ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༈གསུམ་པ་གསེར་གྱི་སྤུ་གྲི་ལ༔ རྩིབས་འཁོར་མེད་པ་སྦྲུལ་འཁྱུད་དུ༔ ཨོཾ་རཏྣ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ རཏྣ་ཁྲོཾ་ག་རུ་ཌ་བཛྲ་ས་མ་ཡ་ཛ་ཛཿཁ་ཆར་སྤྲིན་གྱི་བདག་པོ་ནཱ་ག་ཕོ་མོ་ཛྭ་ལ་རཾ་རཾ༔ སྤྲིན་ལ་རཾ་རཾ་སྭཱ་ཧཱ༔ ན་བུན་ལ་ཡཾ་ཡཾ་སྭཱ་ཧཱ༔ ནཱ་ག་རཾ་རཾ་ཤིག་ཤིག་སྭཱ་ཧཱ༔ ཡཾ་ཡཾ་རཾ་རཾ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༈བཞི་པ་ཟངས་ཀྱི་སྤུ་གྲི་ནི༔ རྩིབས་དང་མུ་ཁྱུད་མེད་པ་ལ༔ སྦྲུལ་འཁྱིལ་ལྟ་བུའི་འཕྲོ་མཐུད་དུ༔ ཨོཾ་པདྨ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ པདྨ་ཁྲོཾ་ག་རུ་ཌ་བཛྲ་ས་མ་ཡ་ཛ་ཛ༔ ནཱ་ག་ཤིག་ཤིག༔ ནཱ་ག་རཾ་རཾ་ཁ་ཆར་ཆོད་ཅིག༔ སྤྲིན་གཏོར་ཅིག༔ སུཾ་རཾ་ཨེ་རཾ་ཁ་ཆར་རཾ་རཾ༔ སྤྲིན་ལ་རཾ་རཾ༔ ན་བུན་ལ་ཡཾ་ཡཾ༔ རཾ་རཾ་ཤིག་ཤིག་རཾ་རཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༈ལྔ་པ་གནམ་ལྕགས་སྤུ་གྲི་ནི༔ དབུ་ཅན་སྦྲུལ་འཁྱིལ་ལྟ་བུ་ནི༔ ཨོཾ་ཀརྨ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཀརྨ་ཁྲོཾ་ག་རུ་ཌ་བཛྲ་ས་མ་ཡ་ཛ་ཛཿནཱ་ག་ཐུཾ་ཐུཾ་ནན༔ ཨཿཡཿམཿདུཿརུཿཙཿཤཿན༔ ཆུ་བདག་ཕོ་མོ་མཱ་ར་ཡ་རཾ་རཾ་ནན་སྭཱ་ཧཱ༔ ཆུ་འཛིན་ན་བུན་སརྦ་ཡཾ་ཡཾ་རཾ་རཾ་ནན་ནན་ཤིག་ཤིག་ཁྲོལ་ཁྲོལ་བྷྱོ་ལཾ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༈དྲུག་པ་མེ་ཡི་སྤུ་གྲི་འཁོར་ལོ་ནི༔ མུ་ཁྱུད་མེད་པ་སྦྲུལ་འཁྱིལ་དུ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ བཛྲ་ས་མ་ཡ་ཛཿསྟེང་ཕྱོགས་ཀྱི་ཆུ་བདག་ཆུ་འཛིན་ཁ་ཆར་ཡཾ་ཡཾ་རཾ་རཾཿཤིག་ཤིག་ཁྲོལ་ཁྲོལ་འབྲུག་ཆིངས་གློག་བསྒྲིབ་ཆུ་སྐོམ་གནོད་བྱེད་གརྫ་གརྫ་ཧཱུྃ་ཕཊ༔ ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ་ཛ༔ ནཱ་ག་ཆུ་བདག་ནན་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༈བདུན་པ་རླུང་གི་སྤུ་གྲི་ནི༔ མུ་ཁྱུད་མེད་པ་སྦྲུལ་འཁྱིལ་དུ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ བཛྲ་ས་མ་ཡ་ཛ་ཛཿཤར་ཕྱོགས་ཀྱི་ཆུ་བདག་ཆུ་འཛིན་ཁ་ཆར་ཡཾ་ཡཾ་རཾ་རཾ་ཤིག་ཤིག་ཁྲོལ་ཁྲོལ་འབྲུག་ཆིངས་གློག་བསྒྲིབ་ཆུ་སྐོམ་གནོད་བྱེད་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཁྲོཾ་ག་རུ་ཌ་ཧཱུྃ་ཁྲོཾ་ཧྲཱིཿཕཊ༔ ནཱ་ག་ཆུ་བདག་ཆུ་འཛིན་ཁ་ཆར་ཤིག་ཤིག་རཾ་རཾ་ཡཾ་ཡཾ་སྭཱ་ཧཱ༔ ནན་ནན་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བརྒྱད་པ་རྡོ་རྗེའི་སྤུ་གྲི་ནི༔ རྩིབས་འཁོར་མེད་པ་སྦྲུལ་འཁྱིལ་དུ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ཤར་ལྷོ་མཚམས་ཀྱི་ཆུ་བདག་ཆུ་འཛིན་ཁ་ཆར་ཡཾ་ཡཾ་རཾ་རཾ་ཤིག་ཤིག་ཁྲོལ་ཁྲོལ་འབྲུག་ཆིངས་གློག་བསྒྲིབ་ཆུ་སྐོམ་གནོད་བྱེད་ད་ཧ་ད་ཧ་ཧཱུྃ་ཕཊ༔ སརྦ་ཛྙཱ་ན་ཁྱུང་ཁྱུང་ཛ་ཛཿཆར་ཆོད་སྤྲིན་གཏོར་ཤིག་ཤིག་ཡཾ་ཡཾ་རཾ་རཾ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༈དགུ་པ་ལས་ཀྱི་སྤུ་གྲི་ནི༔ མུ་ཁྱུད་མེད་པའི་སྦྲུལ་འཁྱིལ་དུ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ བཛྲ་ས་མ་ཡ་ཛ་ཛཿལྷོ་ཕྱོགས་ཀྱི་ཆུ་བདག་ཆུ་འཛིན་ཁ་ཆར་ཡཾ་ཡཾ་རཾ་རཾ་ཤིག་ཤིག་ཁྲོལ་ཁྲོལ་འབྲུག་ཆིངས་གློག་བསྒྲིབ་ཆུ་སྐོམ་གནོད་བྱེད་པ་ཙ་པ་ཙ་ཧཱུྃ་ཕཊ༔ སརྦ་ཁྲོཾ་ག་རུ་ཌ་ཀྲོ་དྷ་ས་མ་ཡ་ཛ་ཛ༔ འབྱུང་བ་ཆུའི་དཀྱིལ་འཁོར་སྐམ་སྭཱ་ཧཱ༔ འབྱུང་བ་མེའི་དཀྱིལ་འཁོར་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ སྤྲིན་གྱི་གྲོང་ཁྱེར་ཤིག་ཤིག་རཾ་རཾ་ཡཾ་ཡཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༈བཅུ་པ་རྔམས་པའི་སྤུ་གྲི་ནི༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུྃ་ཕཊ༔ ལྷོ་ནུབ་མཚམས་ཀྱི་ཆུ་བདག་ཆུ་འཛིན་ཁ་ཆར་ཡཾ་ཡཾ་རཾ་རཾ་ཤིག་ཤིག་ཁྲོལ་ཁྲོལ་འབྲུག་ཆིངས་གློག་བསྒྲིབ་ཆུ་སྐོམ་གནོད་བྱེད་བྷནྡྷ་བྷནྡྷ་ཧཱུྃ་ཕཊ་ཛཿཀྲོ་དྷ་མ་ཧཱ་ག་རུ་ཌ་ནཱ་ག་རཾ་རཾ་ཐིབ་ཐིབ་ཁ་ཆར་ཆོད་སྤྲིན་གཏོར་ཤིག༔ རློག་ཅིག༔ ཡཾ་ཡཾ་རཾ་རཾ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༈བཅུ་གཅིག་གཅོད་བྱེད་སྤུ་གྲི་ནི༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ༔ ནུབ་ཕྱོགས་ཀྱི་ཆུ་བདག་ཆུ་འཛིན་ཁ་ཆར་ཡཾ་ཡཾ་རཾ་རཾ་ཤིག་ཤིག་ཁྲོལ་ཁྲོལ་འབྲུག་ཆིངས་གློག་བསྒྲིབ་ཆུ་སྐོམ་གནོད་བྱེད་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ སརྦ་མ་ཧཱ་ཀཱ་ལ་ཁྱུང་ཁྱུང་ཛ་ཛ་ཆུ་ལྷ་པ་རཾ་རཾ༔ ནཱ་ག་རཾ་རཾ༔ ན་བུན་རཾ་རཾ༔ སྤྲིན་རཾ་རཾ༔ ཡཾ་ཡཾ༔ ཁ་ཆར་ཆོད་ཆོད་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༈བཅུ་གཉིས་ཟློག་པའི་སྤུ་གྲི་ལ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ནུབ་བྱང་མཚམས་ཀྱི་ཆུ་བདག་ཆུ་འཛིན་ཁ་ཆར་ཡཾ་ཡཾ་རཾ་རཾ་ཤིག་ཤིག་ཁྲོལ་ཁྲོལ་འབྲུག་ཆིངས་གློག་བསྒྲིབ་ཆུ་སྐོམ་གནོད་བྱེད་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཁྲོཾ་ཛཿཁྲོཾ་ཛ༔ སརྦ་ཛྙཱ་ན་ཀྲོ་ཏ་སརྦ་ས་མ་ཡ་ཛ་ཛཿཆུ་ལྷ་ཆར་བདག་ནན་རཾ་བྷྱོ་ཟློག༔ ལོ་ཏོག་ལ་ཟན་ལྟར་རྔམས་པ་སརྦ་རཾ་ནན་བྷྱོ་ཟློག༔ ས་བཅུད་རྩི་ལ་རྔམས་པ་རཾ་ནན་བྷྱོ་ཟློག༔ མཱ་ར་ཡ་བྷྱོ་ཟློག་ནན་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༈བཅུ་གསུམ་མནན་པའི་སྤུ་གྲི་ལ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ བྱང་ཕྱོགས་ཀྱི་ཆུ་བདག་ཆུ་འཛིན་ཁ་ཆར་ཡཾ་ཡཾ་རཾ་རཾ་ཤིག་ཤིག་ཁྲོལ་ཁྲོལ་འབྲུག་ཆིངས་གློག་བསྒྲིབ་ཆུ་སྐོམ་གནོད་བྱེད་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ སརྦ་ཁྲོཾ་ཁྲོཾ་ཁྱུང་ཁྱུང་ཀྲིཾ་ཀྲིཾ་ས་མ་ཡ་ཛ་ཛཿཆུ་བདག་ཕོ་མོ་ནན་ནན་སྤྲིན་ནན་ན་བུན་ནན་ཕོད་བཙུག་པ་ནན་རྦད༔ ཡ་བཟུང་བ་ནན་རྦད༔ ལུས་ལ་ཆུད་པ་ནན༔ སྲོག་ལ་རྔམས་པ་ནན༔ ཚེ་ལ་བརྐུ་བ་ནན༔ དམ་ལས་འདའ་བ་ནན༔ ཉིན་དུས་བལྟ་བ་ནན༔ མཚན་མོ་འཇབ་པ་ནན༔ གནོད་བྱེད་ཕོ་མོ་ཛྭ་ལ་རཾ་རཾ༔ རྦད་རྦད༔ ནན་ནན༔ ཐུམ་རི་ལི་ལི་ནན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༈བཅུ་བཞི་གསོད་པའི་སྤུ་གྲི་ནི༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྱང་ཤར་མཚམས་ཀྱི་ཆུ་བདག་ཆུ་འཛིན་ཁ་ཆར་ཡཾ་ཡཾ་རཾ་རཾ་ཤིག་ཤིག་ཁྲོལ་ཁྲོལ་འབྲུག་ཆིངས་གློག་བསྒྲིབ་ཆུ་སྐོམ་གནོད་བྱེད་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ སརྦ་ཛྙཱ་ན་ཀྲོ་དྷ་ཁྲོཾ་ག་རུ་ཌ་སརྦ་ས་མ་ཡ་ཛ་ཛཿན་བུན་སོད་སོད་ཡཾ་ཡཾ༔ སྤྲིན་ཕུང་ཤིག་ཤིག་གཏོར་གཏོར་སོད་སོད་རཾ་རཾ༔ གནོད་པའི་སེམས་དང་ལྡན་པ༔ གདུག་པའི་སེམས་དང་ལྡན་པ་དྲག་ཤུལ་གྱི་སེམས་དང་ལྡན་པ་རྒོལ་བའི་སེམས་དང་ལྡན་པ་ཐམས་ཅད་སོད་སོད་ཛྭ་ལ་རཾ་རཾ༔ རྦད་རྦད་རྦུད་རྦུད་རྦོས་རྦོས་ཐུཾ་ཐུཾ་རི་ལི་ལི་རྦད་སོད་ནན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༈བཅོ་ལྔ་བརླག་བྱེད་སྤུ་གྲི་ནི༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ འོག་ཕྱོགས་ཀྱི་ཆུ་བདག་ཆུ་འཛིན་ཁ་ཆར་ཡཾ་ཡཾ་རཾ་རཾ༔ ཤིག་ཤིག་ཁྲོལ་ཁྲོལ་འབྲུག་ཆིངས་གློག་བསྒྲིབ་ཆུ་སྐོམ་གནོད་བྱེད་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ སརྦ་ཁྱུང་ག་རུ་ཌ་ཛ་ཛཿཆར་བདག་ཕོ་མོ་ཛྭ་ལ་རཾ་རཾ༔ ཁ་བདག་ཕོ་མོ་ཛྭ་ལ་རཾ་རཾ༔ ཁ་ཆར་ན་བུན་སྤྲིན་ཕུང་ཛྭ་ལ་རཾ་རཾ༔ རྦད་རྦད་ནན་རློག་རློག༔ ཡཾ་ཡཾ་གཏོར་གཏོར༔ ཤིག་ཤིག༔ རཾ་རཾཿབྷྱོ་ཟློག་རྦད་ནན་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༈བཅུ་དྲུག་མེ་རླུང་འཁྱིལ་འཁོར་ནི༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ག་རུ་ཌ་སརྦ་ས་མ་ཡ་ཛ་ཛཿཆུ་བདག་ཕོ་མོ་ཛྭ་ལ་རཾ་རཾ༔ ཁ་ཆར་སྤྲིན་ཕུང་ཛྭ་ལ་རཾ་རཾ༔ ན་བུན་བ་མོ་ཛྭ་ལ་རཾ་རཾ༔ སེར་བ་སེར་བྱེད་སེར་བདག་བྷྱོ་ཟློག༔ ནད་མུག་བསྐལ་ངན་བྷྱོ་བྷྱོ་ཟློག༔ ཕ་རོལ་རྒོལ་ངན་སརྦ་ནན་ཆིངས་ཛྭ་ལ་རཾ་རཾ༔ རྦད་རྦད་རྦོས་རྦོས་རྦུད་རྦུད་ཤིག་ཤིག༔ ཁྲོལ་ཁྲོལ༔ ཚལ་པ་དུམ་བུ་ཕྱེ་མར་རྦད་ཛྭ་ལ་རཾ་ཡཾ་ཡཾ་ནན་ནན་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༈བཅུ་བདུན་སྤུ་གྲི་རེག་ཆོད་ནི༔ ཨོཾ་ན་མོ་བུདྡྷ་དྷརྨ་སངྒ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཁྲོཾ་ག་རུ་ཌ་སརྦ་བཛྲ་ས་མ་ཡ་ཛ་ཛཿཁ་ཆར་སརྦ་ཆོད་སྤྲིན་ཕུང་གཏོར་གཏོར་ཤིག་ཤིག་ཡཾ་ཡཾ་རཾ་རཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཉི་ཟླ་སྐར་གསུམ་གྱི་ཞལ་ཕྱེས་ཤིག་འབྲུག་ཆིངས་གློག་བསྒྲིབ་རྒོལ་ངན་སརྦ་རྦད་རྦད་ནན་བྷྱོ་བྷྱོ་ཟློག་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༈གདན་འཁོར་གླིང་བཞི་མེ་འབར་ནི༔ པདྨ་འདབ་བརྒྱད་རིས་སེར་པོའི་དབུས་སུ་སུཾ༔ མདུན་ནས་རིམ་བཞིན༔ ཆུ་བདག་ཕོ་མོ་རཾ་རཾ་སྭཱ་ཧཱ༔ སྤྲིན་ཕུང་རཾ་རཾ་སྭཱ་ཧཱ༔ ན་བུན་རཾ་རཾ་སྭཱ་ཧཱ༔ ཁ་བ་རཾ་རཾ་སྭཱ་ཧཱ༔ ཆར་ཆུ་རཾ་རཾ་སྭཱ་ཧཱ༔ ཨགྣེ་རཱ་ཛས་ཆུ་བདག་རཾ༔ ཤ་བ་རི་ཡཾ་ཡཾ༔ ས་མ་ཡ་སྤྲིན་ཤིག་ཡཾ་རཾ༔ མཐར་མེ་རིས་བསྐོར༔ དེ་སྟེང་རཱུ་པའི་སྙིང་གར་ཏྲི་ཛ་བྲི༔ མཐར༔ གནོད་བྱེད་ཁ་ཆར་སྤྲིན་དང་ཆུ་བདག་ཕོ་མོ་ནན་ཆིངས་ཆིངས་ཤིག་ཤིག་རཾ་རཾ་ཛྭ་ལ་རཾ་རཾ་མྱོས་མྱོས་ནན་སྭཱ་ཧཱ༔ ༈དེ་སྟེང་ཕོ་ལིང་སྙིང་གར་དུ་ཏྲི་བྲི༔ མཐར་གནོད་བྱེད་ཆུ་བདག་ཁ་ཆར་སྤྲིན་དང་ན་བུན་སད་སེར་ཛྭ་ལ་རཾ་ཁུག་ནན་ཆིངས་ཐུཾ་རི་ལི་ལི་རྦད་ནན༔ ༈དེ་སྟེང་མནན་པའི་འཁོར་ལོ་ནི༔ ཤོག་དཀར་མུ་ཁྱུད་གསུམ་བསྐོར་ལ་དང་པོ་ནི༔ ཨོཾ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཁྲོཾ་ག་རུ་ཌ་སརྦ་བཛྲ་ས་མ་ཡ་ཛ་ཛ༔ ཆར་ཆོད་ཅིག༔ སྤྲིན་གཏོར་ཅིག༔ སྤྲིན་ཤིག་ཤིག་ཡཾ་ཡཾ་རཾ་རཾ་སྭཱ་ཧཱ༔ མུ་ཁྱུད་གཉིས་པར་འཁོར་ལོ་རྩིབས་བརྒྱད་པའི་རྩིབས་ལ༔ ཧཱུྃ་རཾ་ཛ་བྲིས༔ མུ་ཁྱུད་གསུམ་པ་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ་ཛཿཨོཾ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཆར་ཆོད་ཆོད་རཾ༔ སྤྲིན་གཏོར་ཅིག་ཡཾ་རཾ༔ སྤྲིན་ཕུང་ཆར་བདག་ཕོ་མོ་ཛྭ་ལ་རཾ་རཾ་ནན་ནན་སྭཱ་ཧཱ༔ ཧཱ་ལ་ཙཀྲ་ནཱ་ག་གནོད་བྱེད་ཁ་ཆར་གྱི་བདག་པོ་སརྦ་མཱར་ཡ་ནན་སྟྭཾ་བྷ་ཡ་ནན་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ༈ཁ་ཁེབས་ནམ་མཁའི་འཁོར་ལོ་ནི༔ མུ་ཁྱུད་རིམ་གསུམ་བསྐོར་བ་ནི༔ དང་པོའི་མུ་ཁྱུད་དུ༔ ཨོཾ་བོ་དྷི་སཏྭ་ཨེ་ནམ་མཁའི་ཌཱཀི་ནཱི་རཾ་མེ་ལྷ་མེ་ཡི་ཌཱ་ཀི་ནཱི་ཡཾ་རླུང་ལྷ་རླུང་གི་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ་ཛཿསྤྲིན་ནཱ་ག་རཾ་རཾ་ཡཾ་ཡཾ་སྭཱ་ཧཱ༔ གཉིས་པ་ལ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ་ཆར་ཆོད་སྤྲིན་གཏོར་ན་བུན་ཆོད་ནན་ཡཾ་ཡཾ་རཾ་རཾ་སྭཱ་ཧཱ༔ འབྱུང་བ་ཆུ་ཡི་དཀྱིལ་འཁོར་སྐམ་པར་གྱུར་ཅིག༔ མེ་ཡི་དཀྱིལ་འཁོར་རྒྱས་པར་གྱུར་ཅིག༔ ཨེ་ཨེ་ཡཾ་ཡཾ་རཾ་རཾ་སྭཱ་ཧཱ༔ དེ་མཐར་འཁོར་ལོ་རྩིབས་བརྒྱད་ལ༔ ཨེ་རཾ་ཞེས་བྲིས༔ རྩིབས་མཆན་ཤར་དང་ཤར་ལྷོ་དང་༔ ལྷོ་དང་ལྷོ་ནུབ་ནུབ་ཕྱོགས་སུ༔ རཾ་ཛྭ་ལ་རཾ་སྭཱ་ཧཱ༔ ནུབ་བྱང་བྱང་དང་བྱང་ཤར་དུ༔ ཡཾ་ཡཾ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ མ་འོངས་ལྔ་བརྒྱའི་ཐ་མ་ལ༔ ནམ་ཟླའི་གོ་ལོག་དུས་མིན་ཁ་ཆར་འཁྲིགས༔ དམག་འཁྲུགས་ནད་མུག་བཙའ་སད་འབྱུང་བའི་ཚེ༔ དུས་མ་ཡིན་པའི་ཁ་ཆར་གཅོད་པའི་ཐབས༔ ཙཀྲ་འདི་ཉིད་མ་ནོར་བྲིས་པ་ལ༔ ནག་པོ་དགུ་སྦྱོར་བྱུག་ཅིང་རབ་གནས་བྱ༔ མེ་དུས་མེ་ཡི་གཟའ་སྐར་འཛོམ་དུས་སུ༔ བསྐོར་བས་ཁ་ཆར་ཐམས་ཅད་ངེས་པར་གཅོད༔ སྔགས་མཁན་ཆུ་ལ་མི་འབོག་ཟས་ངན་སྤངས༔ ཐེ་ཚོམ་མེད་དོ་ས་མ་ན་ར་ཀན༔ ཞིང་སྐྱོང་ཆེན་པོ་ཀུན་དགའ་གཞོན་ནུས་སྲུངས༔ ལྟ་ལོག་ངན་སྨྲ་མཁན་གྱི་སྙིང་ཁྲག་ཐང་ལ་ཕོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་མ་ནུས་སྤྲང་དྲེད་པོ་གླིང་པ་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་དྲུག་ལ་བཀའ་རྒྱས་བཏབ་སྟེ་མཐར་སྨར་སྟོད་འབྲོས་ཕུག་དབེན་པའི་ཁྲོད་ན་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།ཛ་ཡནྟུ།།