TTDL-ZABTER-05-CA-025

From Dudjom Wiki
Revision as of 15:37, 7 August 2024 by Mort (talk | contribs)

TTDL-ZABTER-05-CA-025
Wylie title TTDL-ZABTER-05-CA-025.pdf
Location bdud 'joms gling pa zab gter
Volume 5, Text 25, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms phur pa bde gshegs snying po
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡང་གསང་བདེ་གཤེགས་སྙིང་པོ་ (dpal chen rdo rje gzhon nu'i yang gsang bde gshegs snying po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
[edit]
༠༠༠༠༠༠བརྡ་ཡིག༢༦༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་པ་མི་ཤིགས་རྡོ་རྗེ་བཞུགས་སོ༔ ༠༠༠༠བརྡ་ཡིག༢༦༡ན་མོ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢༦༡ཡང་དག་ཐེག་ཆེན་དོན་རྟོགས་ཀྱི༔ རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས༔ སྤྱོད་ཡུལ་འདི་ནི་བླ་ན་མེད༔ གང་གིས་ཉམས་སུ་ལེན་ཀུན་གྲོལ༔ ས་མ་ཡ༔ ཧཱུྃ༔ འཁོར་འདས་དག་མཉམ་ཆེན་པོའི་མཁར༔ གནས་ལུགས་རྡོ་རྗེ་གཞོན་ནུ་ཆེ༔ ཤེས་རབ་སྟོང་ཉིད་ཡུམ་གྱིས་འཁྱུད༔ ཡེ་ཤེས་རྩལ་ཆེན་འཁོར་དུ་ངོམས༔ མ་བསྐྱེད་མ་བསྒོམ་གདོད་མའི་ངང་༔ ཤེས་རིག་རྡོ་རྗེའི་རྩེ་མོའི་འཕྲུལ༔ ཐུགས་གསང་སེམས་དཔའ་རྡོ་རྗེའི་སྦུབས༔ ཧཱུྃ་དང་སྔགས་ཀྱི་རང་སྒྲ་ཡིས༔ བདག་རྟོག་འཁོར་བའི་བགེགས་བཅོམ་ནས༔ སྣང་སྲིད་དག་པ་རབ་འབྱམས་ཀྱི༔ རོལ་པ་ཆེན་པོར་རྫོགས་སངས་རྒྱས༔ ཨོཾོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ མི་འགྱུར་རྡོ་རྗེས་སྒྲིབ་གཉིས་བཅོམ༔ དག་གྲོལ་རོལ་པའི་ཧེ་རུ་ཀ༔ རྟོག་གཉིས་རཱུ་དྲའི་སྙིང་ཁྲག་འབྱིན༔ མི་སྲུན་རྡོ་རྗེ་སྲིན་པོར་བསྟོད༔ དེ་ནས་ཕྱག་རྒྱ་སྒོ་བཅད་ནི༔ ཨཱཿགདོད་ནས་མ་བཅོས་ཡེ་རྫོགས་ཀྱི༔ བདེ་གཤེགས་སྐུ་དང་ཡོན་ཏན་རྫོགས༔ སྐྱེ་འགགས་སྤྲོས་པའི་མཐའ་ལས་འདས༔ མ་བཅོས་ཡེ་ཡིན་ངང་དུ་ཨ༔ འདི་ནི་རྡོ་རྗེ་ཐེག་པའི་བཅུད༔ ཉམས་སུ་ལེན་པའི་གནད་ལྡན་ན༔ ཡེ་རྫོགས་ལྟ་བ་གྱད་ཀྱི་ལྷ༔ བླུན་པོ་ཡུལ་གོལ་ལྷ་དང་སྔགས༔ བསྐལ་བརྒྱར་བསྒྲུབ་པའི་ཆར་མི་ཉེ༔ ཚེ་འདིར་རྣམ་པར་གྲོལ་ཐོབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་ལྔའི་བར་དུ་བཀའ་རྒྱ་བྱས་མཐར་བླ་མ་ནམ་མཁའ་རིག་འཛིན་གྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའོ།།སྱྃ༔ དྲན་རྫོགས་ཆེན་པོའི་གསལ་འདེབས་ནི༔ ཨ༔ ཆོས་དབྱིངས་གདལ་བ་ཆེན་པོའི་མཁའ༔ སྣང་སྟོང་ཐབས་ཤེས་དབྱེར་མེད་སྐུ༔ རྩལ་སྣང་འཁོར་གྱི་རོལ་པ་ཆེ༔ སྣང་གྲགས་རིག་གསུམ་རྡོ་རྗེའི་ངང་༔ ས་མ་ཡ༔ ཡེ་རྫོགས་རིག་ཙམ་རང་ངོར་སངས༔ ཡུལ་འཛིན་འགྲོ་འོང་རྫུན་ཕུག་རྡིབ༔ ཨ་ཨ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༠༠༠༠༠བརྡ་ཡིག༢༦༢ཀློང་ཆེན་རིག་པའི་གཏེར་མཛོད་དུ༔ མ་བྱས་རིག་པའི་སྒྲོམ་དུ་རྒྱ༔ རྒྱ་རྒྱ་རྒྱ༔