TTDL-ZABTER-06-CHA-009

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-06-CHA-009
Wylie title TTDL-ZABTER-06-CHA-009.pdf
Location bdud 'joms gling pa zab gter
Volume 6, Text 9, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དབུ་ཁྲིད་བརྡ་ཡིག༔ ༡༠༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་འདུས་པའི་བསྐུལ་བ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༔ ༡༠༧དེ་ནས་བསྐུལ་བ་བྱ་བ་ནི༔ ཧཱུྃ༔ སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ལྷ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ མཛོད་ཅིག་མངོན་སྤྱོད་ཕྲིན་ལས་མཛོད༔ ཕྱི་དགྲ་ཞིང་བཅུའི་བདུད་སྡེ་ཆོམས༔ ནང་དགྲ་དམ་ལོག་བསྟན་བཤིག་སོད༔ གསང་དགྲ་གཉིས་འཛིན་རཱུ་ཏྲ་སྒྲོལ༔ ཁམས་གསུམ་འཁོར་བ་སྐུ་གསུམ་དུ༔ བསྒྲལ་ནས་དག་མཉམ་ཆེན་པོར་རོལ༔ སྡུག་བསྔལ་གསུམ་གྱིས་བཅིངས་པ་ཡི༔ འགྲོ་ཁམས་དོང་སྤྲུགས་ཕྲིན་ལས་མཛོད༔ མི་མཐུན་ཕྱོགས་ངན་ཐམས་ཅད་ཀུན༔ བསྐུལ་བྱང་ཟབ་མོ་འདིས་གྲོལ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའོ།།དགེའོ།།སརྦ་མངྒ་ལཾ།།།།