TTDL-ZABTER-07-JA-026

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-07-JA-026
Wylie title TTDL-ZABTER-07-JA-026.pdf
Location bdud 'joms gling pa zab gter
Volume 7, Text 26, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༣༤༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔ མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི༔ སྲེག་བླུགས་ཕྲིན་ལས་ལྷུན་འགྲུབ་བཞུགས་སོ༔ ༠༠༠༠བརྡ་ཡིག༣༤༣འོད་གསལ་ཡེ་ཤེས་གཞལ་ཡས་ཀྱི༔ དཔའ་བོ་རྣལ་འབྱོར་མ་ལ་འདུད༔ ཨ་ཙཪྻ་ཁྲ་པད་འབྱུང་ངས༔ བརྒྱུད་འཛིན་རྗེས་སུ་འཇུག་པ་ཡི༔ སྐལ་ལྡན་ལས་སྨོན་རྟེན་འབྲེལ་བཟང་༔ གང་ལ་དབང་སྐལ་ཕ་ནོར་བཞག༔ འདི་ཡི་ལག་ལེན་རིམ་པ་ནི༔ རྫས་དཀྱིལ་གྲུ་བཞི་རྫས་སྣ་ནི༔ བཅུ་གསུམ་མཐར་བཀོད་དབུས་སུ་ཡང་༔ རྣམ་ལྔ་སྨན་གཏོར་རཀྟ་དང་༔ འདོད་ཡོན་བྱང་སེམས་ལིངྒ་རྣམས༔ གྲོང་གི་ཚུལ་དུ་བཀོད་ནས་བཞག༔ མེ་དཀྱིལ་ལས་བཞི་གང་ལ་ཡང་༔ དཀར་ཟླུམ་ལས་བཞིའི་མཚོན་ཕྱོགས་བཞི༔ རྡོ་ར་དང་ནི་མེ་རིས་བསྐོར༔ སོ་སོར་གྲུ་བཞི་ལས་བཞིའི་ཚོན༔ ལོག་བཞིར་རྡོ་རྗེ་རིན་ཆེན་པད༔ རྒྱ་གྲམ་གྱིས་བསྐོར་དེ་ཡི་མཐར༔ མེ་རིས་བསྐོར་བ་རྒྱས་པའོ༔ དམར་མོ་ཟླ་གམ་ལྕགས་ཀྱུ་གུག༔ ཟླ་ཁར་ཐོད་པ་དང་ནི་དྲུག༔ དེ་མཐར་མེ་རིའི་ར་བས་བསྐོར༔ ལྗང་ནག་གྲུ་གསུམ་རིམ་གསུམ་བསྐོར༔ གྲུ་ལ་རྡོ་རྗེ་ལོགས་ལ་གྲི༔ མེ་རིས་བསྐོར་བ་དྲག་པོའི་དལ༔ ཀུན་གྱི་ལྟེ་བར་རཾ་རང་མདོག༔ སྐྱབས་སེམས་དཀར་གཏོར་སྔོན་དུ་འགྲོ༔ བགེགས་བསྐྲད་རྡོ་རྗེའི་སྲུང་གུར་བསྒོམ༔ རྫས་སྦྱངས་ཡེ་ཤེས་བདུད་རྩིར་བསྒྱུར༔ དེ་ནས་གཞུང་དུ་འཇུག་པ་ནི༔ ཧཱུྃ༔ དབུས་ནས་དཀར་གསལ་རབ་འབར་མེས༔ གཏི་མུག་མུན་པས་འཐིབས་པ་སངས༔ བགེགས་དང་ལོག་པར་འདྲེན་པ་བསྲེགས༔ ཆོས་དབྱིངས་ཡེ་ཤེས་མེས་བྱིན་ཕོབ༔ ཧཱུྃ༔ ཤར་ནས་མཐིང་ནག་རབ་འབར་མེས༔ ཞེ་སྡང་མེ་ལྟར་འབར་བ་འཇོམས༔ ཉོན་མོངས་འཁྲུལ་པའི་ལོག་འདྲེན་བསྲེགས༔ མེ་ལོང་ཡེ་ཤེས་མེས་བྱིན་ཐོབ༔ ཧཱུྃ༔ ལྷོ་ནས་སེར་གསལ་རབ་འབར་མེས༔ ང་རྒྱལ་ཉོན་མོངས་འཇོམས་ཤིང་གཞོམ༔ ཉོན་མོངས་འཁྲུལ་པའི་ལོག་འདྲེན་བསྲེགས༔ མཉམ་ཉིད་ཡེ་ཤེས་མེས་བྱིན་ཕོབ༔ ཧཱུྃ༔ ནུབ་ནས་དམར་གསལ་རབ་འབར་མེས༔ ཉོན་མོངས་འདོད་ཆགས་འཁྲུལ་རྟོག་གཞོམ༔ འདོད་ཆགས་ཀྱིས་འཁྲུལ་ལོག་འདྲེན་བསྲེགས༔ སོར་རྟོག་ཡེ་ཤེས་མེས་བྱིན་ཕོབ༔ ཧཱུྃ༔ བྱང་ནས་ལྗང་གསལ་རབ་འབར་མེས༔ ཉོན་མོངས་ཕྲག་དོག་གཞོམ་པར་བྱེད༔ ཕྲག་དོག་གིས་འཁྲུལ་ལོག་འདྲེན་བསྲེགས༔ བྱ་གྲུབ་ཡེ་ཤེས་མེས་བྱིན་ཕོབ༔ ཨོཾ་སརྦ་ཛྙཱ་ན་ཌཱ་ཀི་ནཱི་ཛྙཱ་ན་པཉྩ་ཛྭ་ལ་ཨ་ཝེ་ཤ་ཡ་ཨཱཿཞེས་མེ་ཐབ་ཕྱོགས་བཞིར་བསྐོར༔ ཨོཾ་བཛྲ་རཀྟ་བྷྲུྃ༔ བཛྲ་སྥ་ར་ཎ་ཁཾ༔ ཡེ་ཤེས་ལྔ་ལྡན་གཞོམ་བྲལ་མཚན་ཉིད་དང་ལྡན་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རཾཿ༠༠༠༠བརྡ་ཡིག༣༤༤ཡོངས་སུ་གྱུར་པ་ལས༔ མེ་ལྷའི་རྒྱལ་པོ་སྐུ་མདོག་༠༠༠༠བརྡ་ཡིག༣༤༤ཞལ་གཅིག་ཕྱག་གཉིས་གཟི་འོད་འབར༔ འཛུམ་པའི་མདངས་ལྡན་རིན་ཆེན་བརྒྱན༔ ཕྱག་གཡས་མེ་ཐབ་གཡོན་བགྲང་ཕྲེང༔ ར་སྐྱེས་༠༠༠༠བརྡ་ཡིག༣༤༥ཉལ་སྟེང་དུ༔ ཞབས་གཉིས་ཕྱེད་པའི་སྐྱིལ་ཀྲུང་བཞུགས༔ མེ་དར་༠༠༠༠བརྡ་ཡིག༣༤༥ན་བཟའ་གསོལ༔ གནས་གསུམ་འོད་འཕྲོས་ཤར་ལྷོ་ནས༔ མེ་ལྷའི་རྒྱལ་པོ་སྤྱན་དྲངས་བསྟིམ༔ ཧཱུྃ༔ ཕྱོགས་ཕྱོགས་དག་ནི་ཕ་གི་ན༔ ཤར་ལྷོ་མཚམས་ཀྱི་འཇིག་རྟེན་ན༔ འབར་བའི་ཡུལ་ཁམས་ཆེན་པོ་ནས༔ མེ་ལྷའི་རྒྱལ་པོ་ཆེན་པོ་ཁྱོད༔ དད་པ་དང་ནི་དམ་ཚིག་གིས༔ འབར་བའི་དུར་ཁྲོད་ཆེན་པོ་འདིར༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ གཤེགས་ནས་དགྱེས་པའི་གདན་ལ་བཞུགས༔ ཨོཾ་ཨགྣེ་རཱ་ཛ་བཛྲ་ས་མ་ཡ་ཛ་ཛཿལན་གསུམ༔ ས་མ་ཡ་ཏིཥྛ་ལྷན༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ མེ་ཏོག་བདུག་སྤོས་མར་མེད་དྲི༔ ཞལ་ཟས་སྙན་པའི་རོལ་མོ་སོགས༔ ཐུགས་མཐུན་མཆོད་རྫས་སྣ་ཚོགས་འབུལ༔ ༠༠༠༠བརྡ་ཡིག༣༤༥ཕྲིན་ལས་གྲུབ་པར་མཛོད༔ ཨརྒྷཾ་སོགས་ནས་ཤཔྡ་སརྦ་ག་ཎ་པཱུ་ཛ་ཧོཿདེ་ནས་བསྟོད་པ་ནི༔ ཧཱུྃ༔ རྡོ་རྗེ་རིགས་མཆོག་ཆེན་པོ་ཡི༔ ཐབས་ཀྱིས་གཟུགས་སྐུར་སྟོན་པ་སྟེ༔ རང་བྱུང་ལྷུན་གྲུབ་དལ་རྫོགས་སྐུ༔ མེ་ལྷའི་རྒྱལ་པོ་ཁྱོད་ལ་བསྟོད༔ དེ་ནས་རྫས་རྣམས་འབུལ་བ་ནི༔ ཧཱུྃ༔ མེ་ལྷའི་རྒྱལ་པོ་ཆེན་པོ་ལ༔ མཐུན་རྫས་སྣ་ཚོགས་འབུལ་ལོ་བཞེས༔ རྡོ་རྗེའི་དམ་ཚིག་བདེན་པའི་མཐུས༔ ༠༠༠༠བརྡ་ཡིག༣༤༦ཕྲིན་ལས་འགྲུབ་པར་མཛོད༔ དང་པོ་མར་ཁུ་འབུལ་བ་ནི༔ ཨོཾ་ཨགྣེ་རཱ་ཛ་ས་མ་ཡ༔ ཨ་མྲྀ་ཏ་སྭཱ་ཧཱ༔ ཤམ་བུ་ནི༔ ཨོཾ་ཨགྣེ་ས་མ་ཡ་༠༠༠༠བརྡ་ཡིག༣༤༦ཀུ་རུ་ཡེ་སྭཱ་ཧཱ༔ གཉིས་པ་ཡམ་ཤིང་འབུལ་བ་ནི༔ ཨོཾ་བོ་དྷི་བྷྲྀཀྵ་ཡེ་སྭཱ་ཧཱ༔ ཤམ་བུ༔ གསུམ་པ་ཏིལ་ལ༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་ཡེ་སྭཱ་ཧཱ༔ ཤམ་བུ༔ བཞི་པ་ཡུངས་དཀར་ལ༔ ཨོཾ་བཛྲ་སིདྡྷ་ཡེ་སྭཱ་ཧཱ༔ ཤམ་བུ༔ ལྔ་བ་ཟས་མཆོག་ལ༔ ཨོཾ་སརྦ་སམྦ་དེ་ཡེ་སྭཱ་ཧཱ༔ ཤམ་བུ༔ དྲུག་པ་འབྲས་ལ༔ ཨོཾ་པུཥྚ་ཡེ་སྭཱ་ཧཱ༔ ཤམ་བུ༔ བདུན་པ་ནས་ལ༔ ཨོཾ་མ་ཧཱ་བེ་གཱ་ཡེ་སྭཱ་ཧཱ༔ ཤམ་བུ༔ བརྒྱད་པ་སོ་བ་ལ༔ ཨོཾ་བཛྲ་བཱི་ཛ་ཡེ་སྭཱ་ཧཱ༔ ཤམ་བུ༔ དགུ་པ་གྲོ་ལ༔ ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ༔ ཤམ་བུ༔ བཅུ་པ་སྲན་མ་ལ༔ ཨོཾ་མ་ཧཱ་བཱ་ལ་ཡེ་སྭཱ་ཧཱ༔ ཤམ་བུ༔ བཅུ་གཅིག་པ་ཤིང་ཐོག་ལ༔ ཨོཾ་ག་གྷ་ནི་ག་གྷ་ནི་བཻ་ལོ་ཀི་ཏེ་སྭཱ་ཧཱ༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ རྡོ་རྗེ་རིགས་ཀྱི་གཙོ་མཆོག་གི༔ ཐབས་ཀྱི་སྐུར་བཞེངས་མེ་ལྷའི་རྒྱལ༔ འཇིགས་བྱེད་ཆེན་པོ་ལས་ལ་དབང༔ ཕྲིན་ལས་ལྷུན་གྲུབ་མཛད་ལ་བསྟོད༔ དེ་ནས་གཤེགས་གསོལ་ནི༔ ཧཱུྃ༔ མེ་ལྷའི་རྒྱལ་པོ་འཁོར་དང་བཅས༔ རང་གནས་འབར་བའི་ཡུལ་དུ་གཤེགས༔ གཤེགས་ནས་སླར་ཡང་སྤྱན་འདྲེན་དུས༔ སྐད་ཅིག་ཉིད་ལ་འབྱོན་པར་མཛོད༔ བཛྲ་མུཿདེ་ལྟར་མེ་ལྷའི་མཆོད་རྫས་རྣམས༔ རྫོགས་མཐར་མེ་ཡི་རྣམ་པར་བཞེངས༔ ཀློང་དུ་མཚན་རྫོགས་གཞལ་ཡས་སུ༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ནི༔ ལས་གཞུང་བཞིན་དུ་བསྐྱེད་བསྟིམ་བརྟན༔ ཕྱག་འཚལ་མཆོད་བསྟོད་རྫོགས་པའི་མཐར༔ སྤྱི་དྲིལ་སྔགས་ཀྱི་མགོ་འདྲེན་ཏེ༔ རྫས་སྔགས་བཞིན་དུ་ཉེར་གཅིག་གིས༔ རྫས་ཕུལ་ཤམ་བུ་ཁ་བསྒྱུར་བྱ༔ དམིགས་རིམ་ལས་བཞིའི་རང་ལུགས་ལྟར༔ འདི་ལ་ཚོགས་དང་བསྒྲལ་མཆོད་སོགས༔ མ་ལུས་སྤྱི་ལྟར་ཤེས་པར་བྱ༔ འདི་བརྩོན་སྐལ་ལྡན་ཕོ་མོ་ཡི༔ ཚོགས་རྫོགས་སྒྲིབ་སྦྱངས་ཉམས་ཆག་སྐོང་༔ ལེགས་ཡོན་བཅོ་ལྔ་དང་ལྡན་ཞིང་༔ ཕྲིན་ལས་ཐོགས་པ་མེད་པ་ཡི༔ ཕྱོགས་རྣམས་ཀུན་ལས་རྒྱལ་གྱུར་ཏེ༔ རྡོ་རྗེ་ཐེག་པའི་ལམ་དུ་གྲོལ༔ མ་འོངས་ང་ཡི་རྗེས་འཇུག་རྣམས༔ འདི་ཉིད་ཉམས་སུ་ལེན་པར་གྱིས༔ ངེས་གསང་ལམ་ལ་འགལ་ཉམས་ཆག༔ ཐམས་ཅད་འདིས་འདག་སོར་ཆུད་དོ༔ ས་མ་ཡ༔ མ་མོ་སྲིད་པའི་རྒྱལ་མོར་གཉེར༔ གཡུ་ཡི་ཕྲེང་བ་ཅན་གྱིས་སྲུངས༔ དམ་ཉམས་ལྟ་ལོག་སྲོག་རྩ་ཆོད༔ དམ་ལྡན་རྣམས་ལ་བུ་ལྟར་སྐྱོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་གླིང་པ་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་སྨར་སྟོད་འབྲོས་ཕུག་མཁའ་འགྲོའི་གནས་མཆོག་དབེན་པའི་ཁྲོད་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཆོས་ཀྱི་བདག་པོ་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།།།